ངོས་དང་པོ > སློབ་གསོ། > བོད་ཡིག་བཀོལ་སྤྱོད། > ༄༅།།མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་འཛམ་གླིང་དཔེ་ཀློག་ཉིན་མོ་བསུ་བའི་བྱ་འགུལ་སྤེལ།
༄༅།།མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་འཛམ་གླིང་དཔེ་ཀློག་ཉིན་མོ་བསུ་བའི་བྱ་འགུལ་སྤེལ།
རྩོམ་པ་པོ།:གནམ་ལྷ་འབུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-04-24 09:06:55
ཀློག་གྲངས།:
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་ཟླ4བའི་ཚེས23ཉིན་འཛམ་གླིང་དཔེ་ཀློག་ཉིན་མོ་སྲུང་བརྩི་བྱེད་པའི་དཔེ་ཀློག་གི་བྱ་འགུལ་སྣ་ཚོགས་སྤེལ།
འཛམ་གླིང་དཔེ་ཀློག་ཉིན་མོའི་མིང་ཆ་ཚང་ལ་འཛམ་གླིང་དཔེ་དེབ་དང་པར་དབང་གི་ཉིན་མོ་ཟེར་ཞིང་། དེ་ནི་རྒྱལ་སྤྱིའི་དཔེ་སྐྲུན་ཚོང་བ་མཐུན་ཚོགས་ཀྱིས་ཐོག་མར་བློ་འདོན་བྱས་པར་བརྟེན། 1995ལོའི་ཟླ11པའི་ཚེས15ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་རེའི་ཟླ4བའི་ཚེས23ཉིན་འཛམ་གླིང་དཔེ་ཀློག་ཉིན་མོར་གཏན་འབེབས་མཛད། དེའི་དམིགས་ཡུལ་ནི་འཛམ་གླིང་གི་སྐྱེ་བོ་ཀུན་ལ་དཔེ་ཀློག་དང་རྩོམ་ཡིག་འབྲི་བར་སྐུལ་བ་དང་། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ལ་ལག་རྗེས་ཆེན་པོ་འབུལ་མཁན་གྱི་རྩོམ་རིག་དང་རིག་གནས། ཚན་རིག བསམ་བློའི་ཕྱོགས་ཀྱི་མཁས་ཅན་ལ་བརྩི་བཀུར་དང་ཐུགས་རྗེ་ཆེ་ཞུ་བ་དང་། ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཡིན། ལོ་རེའི་ཉིན་མོ་དེར་འཛམ་གླིང་གི་རྒྱལ་ཁབ་མང་པོས་རྟེན་འབྲེལ་སྣ་མང་ཞུས་ཏེ། དཔེ་ཀློག་དྲིལ་བསྒྲགས་སོགས་ཀྱི་མཛད་སྒོ་སྣ་ཚོགས་པ་སྤེལ་བཞིན་ཡོད།
སློབ་གྲྭ་འདིར་མཚོན་ན་དཔེ་ཀློག་ནི་དུས་རྒྱུན་གྱི་སློབ་ཁྲིད་སློབ་གསོའི་བྱ་བའི་ཁྲོད་དུ་ཤིན་ཏུ་གལ་ཆེ་བའི་བྱ་བ་ཞིག་ཏུ་བཟུང་ནས་གཙུགས་སྣང་ཆན་པོ་བྱེད་བཞིན་ཡོད་པ་ཟད། ཉམས་དགའ་ཞིང་ཁྱད་ཆོས་ལྡན་པ། དག་གཙང་འཇམ་ཐང་གི་དཔེ་མཛོད་ཁང་དང་དཔེ་ཀློག་ཁང་དང་། ཅུང་འཐུས་སྒོ་ཚང་ཞིང་གྲངས་འབོར་རན་པའི་དཔེ་དེབ་ཀྱི་དཔྱད་གཞིའི་ཡིག་རིགས་ཀྱི་ནང་རྟེན་འཛུགས་སྐྲུན་ཕྱོགས་ལའང་རྒྱུ་ཤུགས་སེམས་ཤུགས་བཀོལ་ནས་འབད་པ་བྱས་པས་གྲུབ་འབྲས་ཀྱང་མི་དམན་པ་ཞིག་བླངས་ཡོད་ཅིང་། ཐབས་བརྒྱ་ཇུས་སྟོང་གིས་སློབ་མས་དཔེ་ཆ་གཡར་བ་དང་ཀློག་པར་མཐུན་རྐྱེན་གང་ལེགས་བསྐྲུན་རྒྱུ་དང་། སློབ་མ་རྣམས་ཀྱིས་དཔེ་ཆ་ལྟ་ཀློག་བྱེད་པའི་གོམས་གཤིས་བཟང་པོ་ཆགས་པའི་སྐུལ་སློང་གི་བྱ་འགུལ་སྣ་ཚོགས་ཀྱང་སྤེལ་བཞིན་ཡོད།
དེ་ལས་ལོ་རེའི་འཛམ་གླིང་དཔེ་ཀློག་ཉིན་མོ་ནི་དཔེ་ཀློག་དྲིལ་བསྒྲགས་ཀྱི་གོ་སྐབས་ཤིན་ཏུ་བཟང་པོ་ཞིག་ཡིན་པའི་ངོས་ནས། ལོ་རེ་བཞིན་འཐུས་ཤོར་མེད་པར་སློབ་གྲྭ་དང་འཛིན་གྲྭ་སོ་སོ། དཔེ་ཆ་ཀློག་པ་དང་དཔེ་ཀློག་མྱོང་ཚོར་བཤད་པ་སོགས་རིགས་དང་རྣམ་པ་མི་འདྲ་ལ། ཅུང་གཞི་རྒྱ་ཆེ་ཞིང་སྣ་མང་བའི་དཔེ་ཀློག་དང་འབྲེལ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་སྲུང་བརྩི་བྱེད་བཞིན་ཡོད།
ཐེངས་འདིར་མཚོན་ནའང་སྔར་བཞིན་སློབ་གྲྭའི་བཀོད་སྒྲིག་ལྟར་ཚེས22ཉིན་ནས་སློབ་གྲྭའི་ར་སྐོར་དུ་བོད་རྒྱ་གཉིས་ཀྱི་དཔེ་ཀློག་ཡར་སྐུལ་གྱི་གདམས་ངག་དང་ལེགས་བཤད་བྲིས་པའི་འཕྲེད་བྱང་མང་པོ་འཐེན་ནས་དཔེ་ཀློག་ཉིན་མོ་གསལ་འདེབས་དང་དྲིལ་བསྒྲགས་བྱས་པ་དང་། ཚེས23ཉིན་གྱི་སྔ་དྲོའི་ཐུན་གསུམ་པ་དང་བཞི་བར་དགེ་རྒན་ཚེ་ལོ་རྒྱ་ཐར་གྱི་མཛུབ་སྟོན་འོག་མཐོ་གཉིས་འཛིན་གྲྭ་བརྒྱད་པར་བོད་རྒྱ་དབྱིན་གསུམ་གྱི་ལམ་ནས་དཔེ་ཀློག་མྱོང་ཚོར་བཤད་པའི་བྱ་འགུལ་སྤེལ་ཞིང་། ཉིན་གུང་གི་སྐབས་སུ་མཐོ་གཉིས་རིམ་པའི་སློབ་མ་ཡོངས་ཀྱིས་ཤེས་རབ་ཐང་ཆེན་དུ་མཉམ་གཅིག་ཏུ་དཔེ་ཀློག་བྱེད་པའི་བྱ་འགུལ་སྤེལ་བ་དང་། དུས་མཚུངས་སུ་མཐོ་གཅིག་གི་སློབ་མ་རྣམས་བཀྲ་ཤིས་རྣམ་རྒྱལ་གླིང་གི་དཔེ་མཛོད་ཁང་དུ་ཕྱིན་ཏེ་དཔེ་ཀློག་བྱེད་པའི་བྱ་འགུལ་སྤེལ། ཕྱི་དྲོའི་ཐུན་དང་པོ་དང་གཉིས་པའི་སྐབས་སུ་སློབ་གཙོ་པདྨ་དབང་ཆེན་སོགས་དབུ་བཞུགས་ཐོག དགེ་རྒན་དབང་འགྲུབ་ཀྱི་མཛུབ་སྟོན་འོག་ཏུ་མཐོ་གཅིག་འཛིན་གྲྭ་བཅུ་གཉིས་ཀྱིས་རིག་བྱེད་ཕུན་ཚོགས་གླིང་གི་སློབ་ཁང་དུ་མཐོ་གཅིག་གི་འཛིན་གྲྭ་གཞན་གཉིས་གདན་འདྲེན་ཞུས་ཏེ་དཔེ་ཀློག་མྱོང་བཤད་ཀྱི་བྱ་འགུལ་ཅུང་གཟབ་རྒྱས་ངང་སྤེལ་ལོ། །
“དཔེ་ཆ་ནི་ཤེས་རིག་གི་རྒྱལ་ཁམས་འགྲིམ་པའི་རྒྱགས་ཕྱེ་ཡིན་ལ། དཔེ་ཀློག་གིས་མིའི་རིགས་ཀྱི་ཤེས་རབ་ཀྱི་སྒོ་མོ་འབྱེད།” ཐེངས་འདིའི་འཛམ་གླིང་དཔེ་ཀློག་ཉིན་མོ་སྲུང་བརྩི་བྱེད་པའི་བྱ་འགུལ་མང་བོ་སྤེལ་བར་བརྟེན་ཏེ། སློབ་མ་རྣམས་དཔེ་ཀློག་བྱ་བར་སྔར་ལས་ཀྱང་སྤྲོ་བ་ལྡན་པར་འགྱུར་བ་དང་། སྔ་མོ་ནས་དཔེ་ཀློག་བྱ་བ་མི་ཚེའི་དོན་ཆེན་དུ་གཟུང་བའི་ངེས་ཤེས་སྐྱེ་བ་དང་། སློབ་སྦྱོང་གི་འཚོ་བ་སྣ་མང་ཕུན་ཚོགས་སུ་འགྱུར་བ་སོགས་ཀྱི་མཐུན་རྐྱེན་དུ་གྱུར་ཅིང་ཕན་འབྲས་མི་དམན་པ་ཐོབ། དགེ་རྒན་ཆེན་མོ་ཨ་ཁུ་བདེ་མཆོག་གི་ཞལ་ནས། “ཡིད་ཆེས་དང་གུས་པ། བརྩོན་འགྲུས་གསམ་ནི་དཔེ་ཆར་མཇལ་བའི་གོ་ཆ་གསུམ་ཡིན”ཞེས་གསུངས་པ་བཞིན། མཐར་སློབ་གྲོགས་ཀུན་གྱིས་མིའི་རིགས་ཀྱི་ཤེས་རིག་གི་གཞལ་ཡས་ཁང་ཆེན་མོའི་སྒོ་མོ་འབྱེད་པའི་གོ་ཆ་གསུམ་ལྡན་གྱི་དཔེ་ཀློག་གི་གསེར་གྱི་ལྡེ་མིག་སྔ་མོ་ནས་རྙེད་པའི་བཀྲ་ཤིས་སྨོན་འདུན་ཞུའོ།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།