ངོས་དང་པོ > སློབ་གསོ། > བོད་ཡིག་བཀོལ་སྤྱོད། > ༄༅།།མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་དཔེ་ཀློག་མྱོང་ཚོར་བགྲོ་གླེང་གི་བྱ་འགུལ་སྤེལ།
༄༅།།མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་དཔེ་ཀློག་མྱོང་ཚོར་བགྲོ་གླེང་གི་བྱ་འགུལ་སྤེལ།
རྩོམ་པ་པོ།:བྱ་གཞུང་གནམ་ལྷ་འབུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-10-28 10:39:45
ཀློག་གྲངས།:

གཟའ་ཕུར་བར་ཁྲི་ཀ་གསེར་སྨུག་ལྗོངས་ཀྱི་ནམ་མཁའ་གཡའ་དག་ཅིང་ཉི་འོད་དྲོ་ཞིང་འཇམ། ཉིན་གུང་དུས་ཚོད་གཅིག་དང་ཕྱེད་ཀའི་སྟེང་རིག་བྱེད་ཕུན་ཚོགས་གླིང་གི་མདུན་ཐད་ཀྱི་ཐང་ཆེན་དུ། སློབ་གྲྭའི་དབུ་ཁྲིད་དང་དཔྱད་འདེམས་པ། དཔྱད་བརྗོད་པ། སྐར་འགོད་པ་སོགས་དགེ་རྒན་རྣམས་གཙོ་བྱས། མཐོ་གཅིག་དང་མཐོ་གཉིས་རིམ་པའི་སློབ་མ་ཡོངས་བཀོད་སྒྲིག་ལྟར་རང་རང་གི་གནས་སུ་གྲལ་དག་མོར་འདུག་སྟེགས་སུ་བསྡད་རྗེས། དགེ་རྒན་ལྕགས་རྒྱལ་འབུམ་གྱིས་དཔེ་ཀློག་མྱོང་ཚོར་བགྲོ་གླེང་གི་བྱ་འགུལ་གྱི་དོན་སྙིང་དང་དཔེ་ཀློག་གི་རིན་ཐང་། དཔྱད་འདེམས་པ་དང་དཔྱད་བརྗོད་པ། འགྲན་ཞུགས་པ་ཚོའི་མཉམ་འཇོག་བྱ་དགོས་པའི་དོན་སོགས་དང་འབྲེལ་བའི་གཏམ་སྔོན་འགྲོའི་ཚུལ་དུ་གསུངས་ཤིང་། དེའི་རྗེས་བོད་རྒྱ་དབྱིན་གསུམ་གྱི་སློབ་མའི་མདོ་འཛིན་པས་སྐད་རིགས་གསུམ་གྱི་ལམ་ནས་མདོ་འཛིན་བྱས་ཏེ་འགྲན་སྡུར་གྱི་མགོ་དངོས་སུ་བརྩམས།

དཔྱད་བརྗོད་པའི་དགེ་རྒན་རྣམས་ཀྱིས་ཀྱང་བོད་རྒྱ་དབྱིན་གསུམ་གྱི་ལམ་ནས་དཔྱད་བརྗོད་སྤེལ་ཞིང་། དཔྱད་འདེམས་པའི་དགེ་རྒན་རྣམས་ཀྱིས་གྱོན་པ་དང་ཉམས་འགྱུར། གོ་རིམ། སྤོབས་པ། སྨྲ་བརྗོད། བྱང་ཆ། དུས་ཚོད་སོགས་ཕྱོགས་མང་པོ་ནས་སྐར་མ་ཕྱིན་ཅིང་། ཕྱི་དྲོའི་དུས་ཚོད་ལྔ་དང་ཕྱེད་ཀར་ཉེ་བའི་སྐབས་སུ་བྱ་འགུལ་ཡོངས་མཇུག་རྫོགས་ནས་བྱ་དགའ་ཐོབ་པའི་ཨང་རིམ་དང་མིང་ཐོ་བསྒྲགས་ཤིང་གཟེངས་བསྟོད་ཡི་གེ་དང་བྱ་དགའ་སྤྲད།
མཐར་སློབ་གཙོ་གཞོན་པ་སྟོབས་ལྡན་ལགས་ཀྱིས་བྱ་འགུལ་སྔོན་མ་དག་དང་བསྡུར་ནས་ད་ལོའི་བྱ་འགུལ་གྱི་ཡར་ཐོན་དང་མི་འདང་བའི་ཆ་དང་། སློབ་མ་ཚོས་དཔེ་ཀློག་དང་དཔེ་ཀློག་མྱོང་ཚོར་བཤད་དུས་གང་དག་ལ་མཉམ་འཇོག་བྱེད་དགོས་པའི་ཚུལ་དང་། ཐེངས་རྗེས་མའི་བྱ་འགུལ་ལ་ཇི་ལྟར་ལེགས་བཅོས་བྱེད་དགོས་པའི་སྐོར་ནས་གཏམ་བཤད་གནང་ནས་བྱ་འགུལ་གྱི་མཇུག་ཡོངས་སུ་བསྡུས།
“དཔེ་དེབ་ནི་མིའི་རིགས་ཡར་རྒྱས་འབྱུང་བྱེད་ཀྱི་ཐེམ་སྐས་ཡིན”ལ། ཤེས་རིག་གི་གཞལ་ཡས་ཁང་ཆེན་མོའི་སྒོ་མོ་འབྱེད་པའི་གསེར་གྱི་ལྡེ་མིག་ཀྱང་ཡིན། དེ་བས་སྔ་མོ་ནས་དཔེ་ཀློག་གི་བྱ་བ་རང་གི་མི་ཚེའི་དོན་ཆེན་དུ་གཟུང་རྒྱུ་ནི་ཅི་འདྲའི་གལ་ཆེ་ཨང་།

བྱ་གཞུང་གནམ་ལྷ་འབུམ་གྱིས2020ལོའི་ཟླ10བའི་ཚེས24ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།