གསར་དུ་བཞེངས་པའི་གནའ་བོའི་མེ་ལོང་སྟེ་བོད་ལྗོངས་རྟེན་མཛོད་ཁང་།
རྩོམ་པ་པོ།:རྒྱ་གྲོལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-07-18 10:25:00
ཀློག་གྲངས།:
བདག་ལྷ་སར་ཡོང་ནས་འགྲོ་འདོད་པའི་དེང་རབས་ཀྱི་ལས་ཁུངས་གཉིས་ཡོད་དེ་གཅིག་ནི་བོད་ལྗོངས་རྟེན་མཛོད་ཁང་ཡིན་ལ་གཅིག་ནི་བོད་ལྗོངས་ཡིག་ཚགས་ཁང་གཉིས་ཡིན། ཉིན་འགའི་སྔོན་དུ་ནོར་བུ་གླིང་ཀར་མཇལ་ནས་བོད་ལྗོངས་རྟེན་མཛོད་ཁང་གི་སྒོར་སླེབས་དུས་སྒོ་སྔར་ནས་བརྒྱབས་ཟིན།
དེ་རིང་དགེ་རྒན་རྡོར་དབྱིངས་ངེད་གཉིས་ཞོལ་གྲོང་ཚོ་ལ་མཇལ་ནས་ཐད་ཀར་བོད་ལྗོངས་རྟེན་མཛོད་ཁང་ལ་སོང་བ་ཡིན། ཨོ་བརྗེད་འདུག བོད་ལྗོངས་རྟེན་མཛོད་ཁང་ནི་ནོར་བུའི་གླིང་ཀའི་ཁ་གཏད་དུ་འདུག་ཅིང་སྒོ་ཁར་སོང་ན་ནང་དུ་སོང་ཆོག་པའི་བྱང་བུ་ཞིག་སྟེར་བ་ལས་གཞན་པའི་འགྲོ་སྒོ་གང་ཡང་མི་འདུག
རྟེན་མཛོད་ཁང་འདི་ནི་རང་སྐྱོང་ལྗོངས་ཚུགས་ནས་ལོ་འཁོར་སུམ་ཅུའི་དགའ་སྟོན་གྱི་ལས་གཞིའིགྲས་ཏེ་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོའཁོར་བའི་དགའ་སྟོན་ཉིན་སྒོ་ཕྱེས། འགྲེམ་སྟོན་ཁང་འདིའི་ས་ཁྱོན་ལ་མུས་གྲུ་བཞི་མདང་། འཛུགས་སྐྲུན་གྱིསཟིན་ཞིང་འགྲེམ་སྟོན་ཁང་གིསཟིན་འདུག འདི་ལ་རྟེན་མཛོད་ཁང་དང་འགྲེམ་སྟོན་ཁང་གཉིས་སུ་འདུས་ཤིང་། ནང་དུ་རིན་པོ་ཆེ་མང་བོ་ཞིག་ འདུས་ཡོད། འདིའི་ནང་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་འདྲ་དང་མཆོད་ ཆ་ཐང་ག མི་རིགས་ཀྱི་བཟོ་རྩལ་ཕུན་སུམ་ཚོགས་པ་དག་བསྡུས་ཡོད། གསེར་དང་དངུལ་སོགས་ཀྱིས་བྲིས་པའི་ལྒིགས་བམ་ཡང་མང་བོ་འདུག
འདིར་གདོད་མའི་རིག་གནས་དང་། ཁ་འབྲལ་ཐབས་མེད་པའི་ལོ་རྒྱུས། རིག་གནས་སྒྱུ་རྩལ། དམངས་སྲོལ་རིག་གནས་བཅས་ཚན་པ་བཞིར་ཡོད་ཅིང་ད་ལྟ་བོད་དུ་ཡོད་པའི་རྟེན་མཛོད་ཁང་ཆེས་ཆེ་བ་ཡིན་འདུགལོར་རྒྱལ་ཡོངས་ཀྱི་འགྲེམ་སྟོན་ཆེས་ཕུལ་ཏུ་བྱུང་བར་འདེམས་པ་བཞིན་འདི་ལ་བལྟ་རྒྱུ་དང་བསམ་རྒྱུ་གཉིས་ཀ་ཡོད་འདུག
ལྷག་པར་བདག་སྤྲོ་བ་ནི་གནའ་བོའི་བང་སོ་ལས་ཐོན་པའི་གནའ་རྫས་དག་རེད།དེ་དག་གིས་བོད་ཀྱི་གདོད་མའི་ལོ་རྒྱུས་ཤིག་སྟོན་གྱིན་ཡོད་པའི་རྒྱུ་མཚན་གྱིས་ཡིན། འདི་དག་ནི་རྟེན་མཛོད་འདི་ལས་ཀྱང་ནོར་བུའི་ནང་གི་ནོར་བུ་ཡིན་ཟེར།
ད་ལྟའི་བར་དུ་རྙེད་པའི་བང་སོ་ལས་རྡོ་ཆས་རྙིང་མའི་དུས་སྐབས་དང་རྡོ་ཆས་གསར་མའི་དུས་སྐབས་ཀྱི་རྡོའི་ལག་ཆ་སྣ་ཚོགས་དང་། རྫ་ཆས། རུས་ཆས། རྒྱན་ཆ། འབྲུ་རིགས་ཀྱི་སོན། དེ་བཞིན་གནའ་མིའི་རུས་པ་སོགས་གནའ་རྫས་འབོར་ཆེན་ཐོན། དེ་དག་ནི་ལོ་རྒྱུས་ཀྱི་བདེན་དཔང་གལ་ཆེན་འབའ་ཞིག་རེད།
ངས་རྒྱུ་ཆ་ལས་མཐོང་བ་ལྟར་ན་ཉིང་ཁྲིའི་ཉང་ཆུའི་འགྲམ་ནས་གནའ་རབས་ཀྱི་མི་ཡི་རུས་པ་ཞིག་ཐོན་པ་ལ་ཆེད་ལས་མཁས་པས་བརྟག་ཞིབ་ཀྱི་ངོས་འཛིན་བྱས་པ་ལྟར་ན་རུས་པ་དེ་ཚོར་སྤྲ་མིའི་གདོད་མའི་རང་རྟགས་མེད་པར་གྱུར་ཟིན་ནས་དེང་རབས་ཀྱི་མིའི་ཁོངས་སུ་གཏོགས་པ་དང་། ཉིང་ཁྲིའི་མི་ཡི་རུས་པ་དེ་ཚོ་ནི་ལོ་ངོ་བཞི་སྟོང་ལྷག་ཙམ་གྱི་གོང་སྟེ་རྡོ་ཆས་གསར་མའི་དུས་རབས་དང་། ཡང་ན་ལྕགས་རྡོ་ཟུང་འབྲེལ་བེད་སྤྱོད་བྱེད་པའི་དུས་རབས་ཀྱི་མི་ཡིན་ཟེར།
དེ་བཞིན་གཉའ་ལམ་དང་། དིང་རི། ཤན་ཚ། མེ་ཏོག ཆབ་མདོ་སོགས་བོད་ཀྱི་ སྟོད་སྨད་བར་གསུམ་ནས་རྡོ་ཆས་དང་། རྫ་ཆས། གནའ་མིའི་རུས་པ་སོགས་གནའ་རྫས་ མང་བོ་ཞིག་རྙེད་པ་དང་། ལྷག་པར་ཆབ་མདོ་ཁ་རུབ་ནས་གནའ་མིའི་ཁང་བ་དང་། འབྲུ་རིགས་ཀྱི་སོན། རི་དྭགས་ཀྱི་རུས་པ། རྡོ་ཆས། རྫ་ཆས་སོགས་རྙེད་པ། འདིར་ཁ་རུབ་དང་ཆུ་གོང་ནས་ཐོན་པའི་དངོས་བོ་དག་བཤམས་ཡོད། ཁ་རུབ་དང་ཆུ་གོང་ནས་ཐོན་པའི་རིག་དངོས་འདི་དག་མི་རང་འགའ་བ་དག་ལ་ལྟད་མོ་ཅི་ཡང་མེད་མོད། བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་དག་ལ་མཚོན་ན་ངེས་པར་མེད་དུ་མི་རུང་ཞིང་ལག་ཏུ་སོན་དཀའ་བའི་རྒྱུ་ཆ་གལ་ཆེན་ཞིག་རེད། གནའ་རྫས་རྟོག་ཞིབ་པས་ཞིབ་འཇུག་བྱས་པ་ལྟར་ན་ཁ་རུབ་ཀྱི་རིག་དངོས་འདི་དག་ལོ་ངོ4000~5000གོང་གི་བོད་ཀྱི་རིག་དངོས་ཡིན་ལ། ཆུ་གོང་གི་རིག་དངོས་འདི་དག་ལོ་ངོ4000གོང་གི་ཡིན་པར་བཤད།
དེ་བཞིན་བོད་ཀྱི་དུས་རབས་རིམ་བྱོན་གྱི་རྫ་ཆས་དང་རོལ་མོའི་རིགས། ཐམ་ཀའི་རིགས། འདྲ་འབག་གི་རིགས། མཆོད་ཆའི་རིགས། ཏ་ལའི་ལོ་མའི་ལྒིགས་བམ་སོགས་མང་བོ་བཞུགས། རི་མོའི་རྒྱུད་པ་སོ་སོའི་ཐང་ག་དང་འགྲེལ་བཤད་གསལ་ཞིང་མདོར་བསྡུས་པ་རེ་བྲིས་ཡོད་པས་འདི་མཐོང་མ་ཐག་བལ་བྲིས་ཀྱི་ལུགས་དང་། བྱེའུ་སྒང་བའི་ལུགས། སྨན་ཐང་བའི་ལུགས། མཁྱེན་བརྩེའི་ལུགས། ཀརྨ་སྒེར་བྲིས་ཀྱི་ལུགས་སོགས་གསལ་བོར་ངེས་ཟིན་འོང་།
དམངས་སྲོལ་འགྲེམ་སྟོན་ཁང་དུ་བོད་ཀྱི་ས་གནས་སོ་སོའི་སྲོལ་དག་འགྲེམ་སྟོན་བྱས་འདུག འདི་ནི་ནམ་རྒྱུན་ང་ཚོས་མཐོང་བཞིན་ཡོད་ཅིང་ནམ་ཀུན་ཟློས་གར་བ་དག་གིས་འགྲེམ་སྟོན་བྱེད་པ་དར་སྲོལ་ཆེ་བ་ཞིག་ཡིན་མོད། ས་གནས་རང་ན་ཉམས་བཞིན་པའི་སྲོལ་འབའ་ཞིག་རེད། དམངས་སྲོལ་ཟློས་གར་དང་འགྲེམ་སྟོན་གྱི་ཡོ་བྱད་ཁོ་ནར་གྱུར་ན་དེ་ནི་དམངས་སྲོལ་མ་ཡིན་པར་གྱུར་ཚར་བ་རེད། ངས་དེ་ལྟར་བསམ་བཞིན་བོད་ཀྱི་དམངས་སྲོལ་དག་ལ་ཞིབ་ཏུ་བལྟས།
མཐའ་མཇུག་ཁ་འབྲལ་ཐབས་མེད་པའི་ལོ་རྒྱུས་ཞེས་པའི་འགྲེམ་སྟོན་ཁང་དུ་སླེབས་སོང་། དེ་ལས་མང་ཆེ་བ་འདྲ་པར་ཡིན་ལ། ང་དགུ་ལོའི་འདྲ་པར་མང་བོ་ཞིག་འདུག་ལ་དེ་བཞིན་དམངས་གཙོ་བཅོས་བསྒྱུར་སོགས་ཀྱི་འདྲ་པར་སོགས་ཏེ་བོད་ཡར་རྒྱས་སུ་སོང་བའི་འདྲ་པར་རྐྱང་རྐྱང་རེད། འདི་རུ་གཞན་ནས་མཐོང་དཀོན་པའི་འདྲ་པར་མང་བོ་ཞིག་ཀྱང་ཡོད།
བདག་ད་ལྟའི་བར་དུ་སོང་མྱོང་བའི་བོད་ཀྱི་རིག་གནས་འགྲེམ་སྟོན་ཁང་ནི་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་རྟེན་མཛོད་ཁང་དང་། མཚོ་སྔོན་བོད་ཀྱི་རིག་གནས་འགྲེམ་སྟོན་ཁང་བཅས་སུ་སོང་མྱོང་ལ། ད་ཐེངས་རྒྱ་མའི་སྲོང་བཙན་སྒམ་པོའི་རྗེས་དྲན་དང་འདིའི་ནང་དུ་མཇལ་བའི་གོ་སྐབས་བྱུང་མོད་ཞིབ་ཏུ་བལྟས་ནས་བློ་ཁ་ནང་ལ་ཕྱོགས་ནས་དེ་དག་ཀུན་ནའང་བོད་ཀྱི་རིག་གནས་འགྲེམ་སྟོན་ཆ་ཚང་བྱས་པ་ཞིག་མི་འདུག ལྷག་པར་འདིར་བོད་ཀྱི་རོལ་མོའི་སྐོར་མང་ན་ཡང་དབྱངས་ཡིག་གི་སྐོར་ངོ་སྤྲོད་ཅི་ཡང་མཐོང་མ་སོང་།
སྔོན་ཆད་གྲོགས་པོ་ཞིག་གིས་བོད་ཀྱི་རིག་གནས་ཀྱི་འགྲེམ་སྟོན་ཁང་བཟོ་རྒྱུ་ཡིན་པས་ཁྱེད་ཀྱིས་འཆར་འགོད་བྱ་རོགས་ཞེས་བདག་ལ་ལས་བཅོལ་བ་བཞིན་བདག་གིས་སྤྱི་ཁོག་ཅིག་བསྒྲིགས་མོད། ཁོའི་འཆར་གཞི་དེ་ད་དུང་མི་མངོན་དབྱིངས་ན་འཚོ་བཞིན་ཡོད་པས་ངས་ཀྱང་སྤྱི་ཁོག་དེ་ད་དུང་བློ་ལ་བཅུག་ཡོད།
ད་ལོ་བདག་ཤར་ཕྱོགས་ས་ཆར་སོང་ནསགསར་བརྗེའི་འགྲེམ་སྟོན་ཁང་སོགས་ལ་ལྟ་སྐོར་ལ་སོང་དུས་རང་རེའི་བོད་ལ་ལོ་རྒྱུས་དང་རིག་གནས་སྐོར་གྱི་འགྲེམ་སྟོན་བྱས་པ་ཤིན་ཏུ་མི་འདང་བ་མཐོང་། དེ་བས་ངའི་ཡིད་དུ་བསྒྲིགས་པའི་འགྲེམ་སྟོན་ཁང་གི་སྤྱི་ཁོག་དེ་ཆ་ཇེ་ཚང་ལ་སོང་འདུག་མོད། ཁོ་འཇིག་རྟེན་འདིར་འབྱོན་པའི་དུས་དེ་ཡོད་མེད་ངས་གསལ་བོ་ཤེས་མ་བྱུང་།
ངེད་གཉིས་ཀྱིས་གནའ་བོའི་རིག་དངོས་དག་ལ་ཞིབ་ཏུ་ལྟ་བཞིན་དུས་ཚོད་ཇི་ལྟར་འགོར་སོང་བ་ཡང་མ་ཤེས། འདྲ་པར་སྣ་ཚོགས་ཡོད་དེ་དཔེར་ན་སྤྱི་ཚོགས་རྙིང་བ་ཞེས་ཆུ་མགོ་དྭངས་མོ་ཞིག་གིས་འགྲམ་དུ་ཆུ་འཐུང་བ་དང་། ད་ལྟ་མཚོན་བྱེད་དུ་གཏེར་ཆུ་འཐུང་བའི་འདྲ་ལྟ་བུ་དགོད་བྲོ་བ་ཡང་རེ་གཉིས་མཐོང་སྟེ། དགོད་བཞིན་དང་ལྟ་བཞིན། བསམ་གཞིག་གི་ཀློང་དུ་འགྲིམ་འགྲོ། འདི་རུ་འགྲེམ་སྟོན་བྱས་པའི་རིག་དངོས་འདི་དག་བོད་ཀྱི་རིན་པོ་ཆེ་འབའ་ཞིག་ཡིན་པ་སྨོས་མ་དགོས་མོད། འདི་དག་གི་བདག་པོ་ད་ལྟ་གང་ཞིག་ན་འཚོ་བཞིན་པ་ཤེས་མ་སོང་།
ལོ་རྒྱུས་དངོས་གནས་འཁོར་ལོ་ཞིག་ཡིན་པ་འདྲ། འཁོར་འཁོར་བས་ད་ལྟ་སྔོན་གྱི་དུར་སའི་དངོས་པོ་དག་ལྟད་མོ་བའི་ལོངས་སྤྱོད་དུ་གྱུར་འདུག་ཅིང་། ཁྲག་དམར་བྲོ་བའི་ལོ་རྒྱུས་དེ་དག་ཀྱང་ད་ལྟ་འདྲ་པར་ལས་སྟོན་བཞིན་འདུག་པས་ཁ་འབྲལ་ཐབས་མེད་པའི་ལོ་རྒྱུས་འདིའི་ནང་དུ་བསམ་གཞིག་གཏོང་རིན་ཡོད་པའི་ལོ་རྒྱུས་ཀྱང་མང་བོ་ཞིག་མཐོང་བྱུང་།
འགྲེམ་སྟོན་ཁང་འདིར་ལྟ་སྐོར་ཡོངས་སུ་གྲུབ་ནས་སྒོ་ཁར་ངལ་ཅུང་གསོས་ནས་བལྟས་མ་ཐག་པའི་ལོ་རྒྱུས་དེ་དག་ལ་བསམ་གཞིག་གཏོང་བཞིན་ལྷ་སའི་དཔེ་ཁང་ཆེན་མོ་ཞིག་ལ་སོང་། ཕྱི་དྲོ་སླེབས་འདུག་མོད་ང་ལ་ལྟོགས་པའི་སྣང་བ་ཅུང་ཟད་ཀྱང་མི་འདུག

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།