མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱི་འགྲན་རིམ་དགུ་བའི་གནས་ཚུལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཞིན་ཧྭ་དྲ་བ། དུས་ཚོད།:2017-07-26 08:38:00 ཀློག་གྲངས།:

    ཟླ7པའི་ཚེས24ཉིན་ནི་མཚོ་སྔོན་ཞིང་སྡེའི་ཡིད་རྟོན་རྟགས་མའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་རྒྱུག་འགྲན་སྐབས་དྲུག་པའི་འགྲན་རིམ་དགུ་བ་སྟེ་ཕེན་ཨན་ནས་ལིན་ཞ་བར་གྱི་འགྲན་སྡུར་ཡིན་ཞིང་། དུས་དེ་ནས་བཟུང་ཐེངས་འདིའི་མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་མཚོ་སྔོན་མངའ་ཁོངས་ཀྱི་འགྲན་བསྡུར་ཡོངས་སུ་མཇུག་རྫོགས་ཏེ། ཀན་སུའུ་ཞིང་ཆེན་ཕྱོགས་སུ་བསྐྱོད་པ་རེད།
    ཟླ7པའི་ཚེས24ཉིན་གྱི་འགྲན་བསྡུར་ཁྲོད། ཝུའུ་ཁི་ལན་ཁི་ཨར་སི་རུ་ཁག་གི་པོ་ལེ་ཧྥའོ་ཏཱ.ཨོ་ལེ་ཁི་ཧྲན་ཏི་ལོ་ལ་འགྲན་རིམ་དགུ་བའི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། མཚོ་སྔོན་ཐེན་ཡིག་ཏི་རུ་ཁག་གི་ཆོ་ནཱ་སུན.མིན་སེ་ཧྥུའུ་ཡིས་མུ་མཐུད་དུ་སྤྱིའི་གྲུབ་འབྲས་ཨང་དང་པོ་མཚོན་པའི་སྟོད་ལྭ་སེར་བོ་གོན་ཐུབ་པ་བྱུང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།