མཚོ་ལྷོ་ཁུལ་གྱི་སྐབས་དང་པོའི་མཚོ་སྔོན་པོ་རྟགས་མའི་གྲོང་གསེབ་གཟེབ་གྲུག་འགྲན་བསྡུར་མགོ་བརྩམས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2025-11-06 08:48:47 ཀློག་གྲངས།:
       ཟླ11པའི་ཚེས4ཉིན། མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་སྤེལ་བརྗོད་དོན་ཡིན་པའི་མཚོ་ལྷོ་ཁུལ་གྱི་སྐབས་དང་པོའི་མཚོ་སྔོན་པོ་རྟགས་མའི་གྲོང་གསེབ་གཟེབ་གྲུག་འགྲན་བསྡུར་གུང་ཧོ་རྫོང་མདའ་འཕེན་ར་བ་ནས་མགོ་བརྩམས་ཤིང་། ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ36ནས་ཡོང་བའི་འཐུས་ཚབ་རུ་ཁག་མཉམ་གཅིག་ཏུ་འཛོམས་ནས་ཛ་དྲག་ཆེ་བའི་འགྲན་བསྡུར་གྱི་མགོ་བརྩམས་པ་རེད།
       འགྲན་བསྡུར་མགོ་བརྩམས་མ་ཐག་གཟེབ་གྲུག་རྒྱག་མཁན་རྣམས་ཀྱིས་སྟངས་སྟབས་མྱུར་མོས་གདོང་མཆོངས་བྱས་ཤིང་། སྤོ་ལོ་རྡབ་རྩེད་དང་བརྒྱུད་སྤྲོད་སོགས་ཀྱིས་ཐེངས་འདིའི་འགྲན་རར་དངོས་སུ་ཞུགས་པའི་ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་འབོད་ཀྱིས་གནམ་ས་འགེངས་པར་བྱས། ཤང་དང་གྲོང་རྡལ་གྱི་འཐུས་ཚབ་རུ་ཁག་སོ་སོས་དཔུང་བ་མཉམ་གཤིབ་སྒོས་འགོག་སྲུང་གསབ་གནས་དང་ཕན་ཚུན་ལ་སྐུལ་ལྕག་བྱས་ཏེ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་མངོན་པར་བྱས། མཚོ་ལྷོ་ཁུལ་གྱིས་འགྲན་བསྡུར་ལ་བརྟེན་ནས་རིག་གནས་ལུས་རྩལ་དང་ཞིང་སྡེ་ཡུལ་སྐོར། ཚོད་དོན་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ་ཡོང་བར་སྐུལ་འདེད་བཏང་།
       ཐེངས་འདིའི་མཚོ་སྔོན་པོ་རྟགས་མའི་གྲོང་གསེབ་གཟེབ་གྲུག་འགྲན་བསྡུར་ཉིན་བདུན་རིང་ལ་སྤེལ་རྒྱུ་ཡིན་པ་དང་། བསྡོམས་པས་འགྲན་རིམ་གཉིས་སུ་དབྱེ་ཡོད་ལ། རིམ་པ་དང་པོ་ནི་འགྲན་སྐོར་རྐྱང་མའི་འགྲན་སྡུར་ཏེ།འཐུས་ཚབ་རུ་ཁག36གིས་ཛ་དྲག་གི་འགྲན་བསྡུར་བརྒྱུད་རིམ་པ་གཉིས་པའི་སྣོལ་མའི་ཕམ་འདོར་འགྲན་བསྡུར་གྱི་གོ་སྐབས་ལ་བརྩོན་ལེན་བྱ་དགོས།
       ཐེངས་འདིའི་འགྲན་སྡུར་གྱིས་མཚོ་ལྷོ་ཁུལ་གྱི་རྒྱ་ཆེའི་གཟེབ་གྲུག་ལ་དགའ་མཁན་རྣམས་ལ་འབྲེལ་འདྲིས་དང་རྩལ་འགྲན་བྱེད་པའི་སྟེགས་བུ་བཟང་པོ་ཞིག་སྤྲད་ཅིང་། ལུས་རྩལ་སྦྲེལ་ཐག་ཏུ་བཟུང་ནས་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་སྤེལ་གྱི་བརྗོད་དོན་ལ་འགྲེལ་བཤད་གསོན་ཉམས་ལྡན་པ་ཞིག་བྱས་ཡོད་པ་མ་ཟད། རིགས་སོ་སོའི་མང་ཚོགས་ཀྱི་མཛའ་བརྩེ་ཇེ་ཟབ་དང་གཅིག་མཐུན་གྱི་འདུ་ཤེས་ཇེ་བརྟན་དུ་བཏང་ནས། གྲོང་གསེབ་ཀྱི་རིག་གནས་འཛུགས་སྐྲུན་ལ་གསོན་ཤུགས་གསར་བ་བསྩལ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།