༄༅།། རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་བྱུང་འཕེལ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོའི་དྲ་བ།
དུས་ཚོད།:2019-03-08 10:05:00
ཀློག་གྲངས།:
ལོ་རེའི་སྤྱི་ཟླ3པའི་ཚེས8ཉིན་ནི་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཡིན་ལ། ཉིན་དེ་ནི་འཛམ་གླིང་གི་ཡུལ་གྲུ་སོ་སོའི་བུད་མེད་ཡོངས་ལ་བརྩི་མཐོང་བྱེད་པའི་ཉིན་མོ་ཞིག་ཀྱང་ཡིན། ཉིན་འདི་ནི་སྐྱེས་མ་རྣམས་དཔལ་འབྱོར་དང་ཆབ་སྲིད། སྤྱི་ཚོགས་སོགས་ཁྱབ་ཁོངས་སུ་བཞག་པའི་བྱས་རྗེས་གལ་ཆེན་དང་གྲུབ་འབྲས་ཆེན་པོ་བླངས་པར་ཆེད་དུ་བཙུགས་པའི་དུས་ཆེན་ཞིག་ཡིན།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤྱི་ལོ1975ལོར་རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་འགོ་བཙུགས་ཏེ་དགའ་སྟོན་རྟེན་འབྲེལ་ཞུས་པར་མ་ཟད། བུད་མེད་དཀྱུས་མ་རྣམས་ཀྱིས་འདྲ་མཉམ་ལ་རྩོད་ལེན་དང་སྤྱི་ཚོགས་བྱ་འགུལ་ལ་ཞུགས་པར་དབང་ཆ་ཡོད་པའི་ཆོག་མཆན་བཀོལ་ཏེ་གཏན་འཁེལ་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅིའི་ཕྱིར་ལོ་རེའི་ཟླ3པའི་ཚེས8ཉིན་ནི་བུད་མེད་དུས་ཆེན་ལ་གཏན་འཁེལ་བྱས་པ་ཡིན།
རྒྱལ་ནང་བུད་མེད་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག སྤྱི་ལོ1924ལོའི་ཟླ3པར་ཀོང་ཀྲུའུ་རུ་ཐེངས་དང་པོར་མང་ཚོགས་རང་བཞིན་གྱི(གསུམ་བརྒྱད)དྲན་གསོའི་ཚོགས་འདུ་འཚོགས་པ་རེད། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྲིད་དོན་ཁང་གིས1949ལོའི་ཟླ11པར་ཐག་གཅོད་བྱས་པ་ལྟར་ཟླ3པའི་ཚེས8ཉིན་ནི་རྒྱལ་ཡོངས་བུད་མེད་ཀྱི་དུས་ཆེན་ཡིན་པ་གཏན་འཁེལ་བྱས་ཤིང༌། ཉིན་དེར་རྒྱལ་ཡོངས་བུད་མེད་རྣམས་ལ་ཉིན་ཕྱེད་ཀའི་གནང་བ་ཡོད་པ་མ་ཟད། བུད་མེད་དུས་ཆེན་ལ་བྱ་འགུལ་སྣ་ཚོགས་སྤེལ་བ་དང་རྟེན་འབྲེལ་ཞུས་པ་ཡིན།
དེ་ཡང་ས་ཁུལ་སོ་སོར་རྟེན་འབྲེལ་ཞུ་བའི་གནད་མི་འདྲ་ཞིང་། སྤྱིར་བཏང་གི་རྟེན་འབྲེལ་ནི་སྐྱེས་མ་རྣམས་ལ་བརྩི་བཀུར་དང་བརྩེ་སེམས་བརྗོད་པ་ནས་སྐྱེས་མ་རྣམས་དཔལ་འབྱོར་དང་ཆབ་སྲིད། སྤྱི་ཚོགས་སོགས་ཁྱབ་ཁོངས་ཀྱི་གྲུབ་འབྲས་དང་བྱས་རྗེས་སོགས་ལ་རྟེན་འབྲེལ་ཞུ་བ་ཡིན། ཡིན་ཡང་དུས་ཆེན་འདི་ནི་ཐོག་དང་པོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེས་མའི་ཁེ་དབང་རིང་ལུགས་པ་རྣམས་ཀྱིས་བཏོན་པའི་ཆབ་སྲིད་ཀྱི་དོན་དག་ཅིག་ཡིན་པས། དུས་ཆེན་འདི་ནི་རྒྱལ་ཁབ་མང་པོའི་རིག་གནས་ལ་མཐུན་སྦྱོར་ངེས་ཅན་བྱུང་ཡོད།
རྒྱལ་སྤྱིའི་བུད་མེད་དུས་ཆེན་ནི་འཛམ་གླིང་རྒྱལ་ཁབ་མང་པོར་རྟེན་འབྲེལ་ཞུ་བའི་དུས་ཆེན་ཞིག་ཡིན་ལ། ཉིན་འདིར་སྐྱེས་མ་རྣམས་རྒྱལ་ཁབ་དང་མི་རིགས། སྐད་རིགས། རིག་གནས། དཔལ་འབྱོར་གནས་བབ། ཆབ་སྲིད་ཀྱི་ལངས་ཕྱོགས་སོགས་ལ་དབྱེ་བ་མེད་པར། ཁོ་མོ་ཚོའི་བྱས་རྗེས་དང་གྲུབ་འབྲས་ལ་ཁས་ལེན་གང་ལེགས་ཐོབ་པ་ཡིན་ལ། དར་རྒྱས་རྒྱལ་ཁབ་དང་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐྱེས་མ་རྣམས་ལ་མཚོན་ན་དོན་སྙིང་ཆེན་པོ་ལྡན།
ཉིན་བཞིན་དར་རྒྱས་ཆེན་པོ་བྱུང་བའི་རྒྱལ་སྤྱིའི་བུད་མེད་དུས་ཆེན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེས་མའི་གནད་དོན་འཛམ་གླིང་གྲོས་ཚོགས་ཐེངས་བཞི་བ་བརྒྱུད་དེ་སྔར་ལས་ཤུགས་སྣོན་བརྒྱབ་ཅིང་། དེའི་སྐུལ་འདེད་འོག དྲན་གསོའི་བྱེད་སྒོ་ནི་དུང་བརྡ་ཞིག་ཏུ་གྱུར་ཏེ། སྐྱེས་མ་རྣམས་ཀྱི་ཁེ་དབང་བརྩོན་ལེན་དང་ཆབ་སྲིད་དང་དཔལ་བྱོར་ལས་དོན་ལ་ཞུགས་པར་བརྩོན་ལེན་བྱེད་པ་ཡིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།