ཨ་མདོ་རོང་ཕྱོགས་ཀྱི་ལོ་སར།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོའི་དྲ་བ། དུས་ཚོད།:2019-02-14 17:56:00 ཀློག་གྲངས།:

    ཨ་མདོ་རོང་བ་རྣམས་ཀྱིས་གནམ་ལོ་སར་ཚེས་ཉིན་གཉིས་ཀྱི་ནང་ཁྱིམ་ཚང་རེ་རེས་ཕྱགས་བདར་ཆེན་པོ་བྱས་ཏེ་གདན་གསར་བཏིང་། ཤོག་རིས་གསར་བ་སྦྱོར། གཡོས་ཁང་གི་རྩིག་ངོར་གྲོ་ཕྱེའམ་ནས་ཕྱེ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ཕབ་པ་དང་། སྒོ་ཆེན་གྱི་ངོར་བཀྲ་ཤིས་པ་དང་རྟག་ཏུ་མི་འགྱུར་བའི་དོད་ལ་གཡུང་དྲུང་གི་རི་མོ་འབྲི་བ་དང་། ལ་ལས་ད་དུང་ཁང་བའི་གདུང་མའི་སྟེང་ལ་དཀར་ཐིག་མང་པོ་བྲིས་ཏེ་མི་ལ་ཚེ་རིང་བ་དང་ས་ལ་ལོ་ལེགས་འབྱུང་བའི་རྟེན་འབྲེལ་དུ་བསྒོམས། ཉེར་དགུའི་མཚན་མོར་ཁྱིམ་ཚང་སོ་སོའི་དགུ་ཐུག་བསྐོལ་བའི་སྲོལ་ཞིག་ཡིན།

    ཉིན་གཉིས་བ་ནས་བཟུང་བཟའ་བཏུང་དགོས་རིགས་ཐམས་ཅད་གྲ་སྒྲིག་ཡག་པོ་བྱ་དགོས་ཤིང་། སང་ཉིན་གྱོན་དགོས་པའི་ཆས་གོས་སྤུས་གཙང་དག་ཕྱིར་བླངས་ནས་མི་རེ་རེའི་སྔས་མགོར་འཇོག་པ་ཡིན། ཚེས་གཅིག་གི་སྔ་མོར་ཁྱིམ་བདག་མས་ཐོག་མར་བཟའ་བཏུང་རིགས་གཡོས་བསྐོལ་བྱས་རྗེས་གཞི་ནས་བཟའ་མི་གཞན་དག་མལ་ལས་སློང་བར་བྱེད། ཕན་ཚུན་ལ་ངོ་ཕྲད་མ་ཐག་ཏུ་ལོ་སར་བཟང་ཞེས་ཤིས་ཚིག་བརྗོད། དེ་ནས་ཐོག་མར་ཁ་ངོ་བཀྲུ། བསང་མཆོད་བྱེད། ཤོག་སྦག་རྒྱག རྒན་པོས་གཞོན་པ་ལ་ལོ་སར་གྱི་སྐྱེས་གནང་། གཞོན་རབས་ཀྱིས་རྒན་རབས་ལ་ཕྱག་འཚལ་ནས་ལོ་སར་བཟང་བའི་བཀྲ་ཤིས་བདེ་ལེགས་ཞུ། དེ་ནས་རྒན་གཞོན་གྱི་གོ་རིམ་ལྟར་གདན་ལ་བཞུགས་ནས་གནམ་ལོ་གསར་ཚེས་ཀྱི་ལེགས་སྐྱེས་སྐྱེལ་རེས་བྱེད།
    ཚེས་གཉིས་ནས་ཉིན་བཞི་ལྔའི་རིང་ལ་ཉེ་དུ་ཕན་ཚུན་མགྲོན་དུ་འབོད་རེས་བྱེད་པ་ཡིན། ཚེས་གསུམ་ཉིན་གྱི་ཞོགས་པར་རང་གི་ཡུལ་ལྷ་གཞི་བདག་ལ་རི་བསང་གཏོང་བའི་སྲོལ་ཡོད། དེ་མིན་ཚེས་གསུམ་དང་ལྔ་དང་དགུ་དང་བཅུ་གཅིག་ལ་བག་སྟོན་དང་བྱིས་པ་ཐོར་ཚུགས་ཀྱི་སྟོན་མོའང་མང་བོ་ཡོད་ལ། དེའི་ཚེ་གྲོང་ཡོངས་ཀྱི་ཕོ་མོ་རྣམས་ཕྱོགས་གཅིག་ཏུ་འདུས་ནས་གླུ་ལེན་གར་རྩེད་བྱེད་པ་ཡིན།

    ཨ་མདོ་ས་ཁུལ་གྱི་ཡུལ་གྲོང་ལ་ལར་ད་དུང་བོད་ཀྱི་ཟློས་གར་འཁྲབ་པ། ལྷ་རྩེད་བྱེད་པ། རྟ་རྒྱུག་མདའ་འཕེན་སོགས་ཀྱི་བྱ་འགུལ་ཆེན་པོ་ཡོད། གྲོང་སྡེ་ལ་ལར་ད་དུང་ཕོ་གསར་དང་མོ་གསར་ཁག་བགོས་ཏེ་དུས་གཅིག་ལ་སོ་སོས། ལོ་སར་གྱི་ཟས་སྐྱེམས་སྣ་ཚོགས་བསྒྲིགས་པ་དང་སོ་སོས་གཡོ་ཐབས་སྣ་ཚོགས་བསྒྲིགས་པ་དང་སོ་སོས་གཡོ་ཐབས་སྣ་ཚོགས་ཀྱིས་ཕ་རོལ་གྱི་ཟས་སྐྱེམས་རྐུ་འཕྲོག་བྱས་ཏེ་རྩེད་མོ་འཁྲུག་པོ་ཡོང་བ་བྱེད། བརྐུས་པའམ་འཕྲོག་ནས་ཐོབ་པའི་ཟས་ནི་ཕྱིར་མ་སྤྲད་པར་སྤྱད་ན་ཆོག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།