འབའ་རྫོང་གི་ས་ཁའི་དེའུ་གདའི་ལབ་ཙེ་ངོ་སྤྲོད་མདོར་ཙམ་བྱེད་པ།

རྩོམ་པ་པོ།:《མཚོ་ལྷོའི་དམངས་ཁྲོད་ཀྱི་རིག་ག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-28 16:00:00 ཀློག་གྲངས།:

         ས་ཁའི་དེའུ་གདའ་ནི་གཞི་བདག་ཨ་མྱེས་རྨ་ཆེན་གྱི་ཚ་བོ་ཡིན་ཞིང་ཨ་མ་ལྷ་ལྕམ་གྱི་སྲས་ཡིན།  ཨ་མ་ལྷ་ལྕམ་ལ་མངལ་སྦྲུམ་ནས་བྱིས་པ་བཙའ་ལ་ཉེ་བའི་མཚན་མོ་ཞིག་ལ་ཝ་ལུང་རྫ་དམར་གྱིས་ཨ་མ་ལྷ་ལྕམ་ཁྲིད་ནས་བྲོས་སོང་། རྗེས་ནས་ཨ་མྱེས་རྨ་ཆེན་གྱིས་རྟོགས་རྗེས་འཁོར་དམག་ར་མདའ་ལ་མངགས། ཨ་མ་ལྷ་ལྕམ་དང་ཝ་ལུང་རྫ་དམར་གཉིས་བྲོས་ནས་འབའ་གོང་མའི་ཤར་ཕྱོགས་ཀྱི་ལུང་བ་དེར་ཐོན་པ་ན་ཨ་མ་ལྷ་ལྕམ་ལ་བྱིས་པ་བཙའ་པའི་ན་ཟུག་གཅིག་འཕྲོར་གཅིག་ལངས་པས་འགྲོ་མ་ཐུབ་ལ། ཅུང་མ་འགོར་བར་ཨ་མ་ལྷ་ལྕམ་ལ་བུ་ཞིག་སྐྱེས་བྱུང་། མས་རང་གི་བུ་སྲུང་ནས་འདུག་འདོད་མོད། རྨ་ཆེན་གྱིས་ར་མདར་མངགས་པའི་དམག་མོ་རྗེས་ལ་ཆོད་པར་སྐྲག་ནས་ཁོ་མོའི་སྲས་ས་དེའི་ཨ་ཁུ་དཔོན་ལ་བཅོལ་རྗེས་ཝ་ལུང་རྫ་དམར་དང་མཉམ་དུ་ཀྱཻ་ཕུད་རྫ་ལ་ཆས་པ་དང་། དེ་ནས་བཟུང་སྲས་ལ་ཕ་མེད་མ་མེད་དུ་གྱུར་བས་མིང་ཡང་དེ་ལྟར་ཐོགས།
         ས་ཁའི་དེའུ་གདའི་གནས་དེ་ནི་ཐོག་མར་ཕྱུགས་རྫི་རྣམས་ཀྱིས་ཟོག་མི་བོར་ཆེད་དུ་བསང་གཏོང་ས་ཞིག་ཡིན། སྤྱི་ལོ1946ལོར་འབའ་གོང་ཞོལ་གཉིས་ཀྱི་རྒན་པོ་རྣམས་ཀྱིས་གྲོས་བྱས་ཏེ་གསེར་ལག་དགོན་པའི་ཨ་ལགས་གཙང་ཚང་གདན་དྲབས་ཏེ་ས་ཁེའི་དེའུ་གདའ་འབའ་གོང་ཞོལ་གྱི་སྐྱེས་ལྷར་བཀོལ་དུ་བཅུག་ནས་ལབ་ཙེ་འདི་ཐོག་མར་བསྟད་པ་ཡིན། ལབ་ཙེ་བསྟོད་པར་ཨ་ལགས་གཙང་བ་ཚང་གདན་ཞུ་ཞུ་མཁན་གྱི་རྒན་པོ་འགས་ཁོང་ཚང་ལ་ས་ཁའི་དེའུ་གདའི་བསང་ཞིག་དགོས་ཞེས་ཡང་ཡང་བསྐུལ་བས་ངོར་ཨ་ལགས་གཙང་བས་ཀྱང་ས་ཁའི་དེའུ་གདའ་ལ་ས་གསུམ་བསྟན་པའི་དཔའ་བོ་ཞེས་པའི་བསང་ཡང་གསུངས་པ་ཡིན། དེ་ནས་རིམ་བཞིན་ཨ་ལགས་ཞི་བ་ཚོ་དང་། ཨ་ལགས་རྡོ་སོལ། ཨ་ལགས་རྫོགས་ཆེན་སོགས་སྔ་རྗེས་སུ་ཕེབས་ནས་རབ་གནས་མཛད་པ་མ་ཟད་གསོལ་མཆོད་དང་།  བསང་བསྡུས་ཀྱང་མང་དུ་གསུངས་ཡོད་ལ། ད་ལྟ་ལབ་ཙེ་འདི་འབའ་ཕྱོགས་ཀྱིས་སྤྱི་བསྟོད་ལབ་ཙེ་ཞིག་ཏུ་གྱུར་ཡོད། གཙོ་བོ་འབའ་གོང་ཞོལ་དང་ཆུ་ནག་སོགས་ཀྱིས་མཆོད་ཅིང་བསྟོད་དོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།