ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོའི་ལབ་ཙེ་གཏོད་པའི་ཆོ་ག་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-08-03 08:39:00 ཀློག་གྲངས།:

ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོའི་ལབ་ཙེ་གཏོད་པའི་དུས་ཆེན།
ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོའི་ལབ་ཙེ་གཏོད་པ།

ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོའི་ལབ་ཙེ་གཏོད་པའི་དུས་ཆེན།
བསང་མཆོད་བྱེད་པ།

         ཟླ8པའི་ཚེས2ཏེ་ལུགས་རྙིང་གི་ཟླ6པའི་ཚེས15ཉིན།  ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོའི་ལབ་ཙེ་གཏོད་པའི་དུས་ཆེན་རྡོ་སྦིས་ཡུལ་ཚོར་བསྡུས།  དྲུག་པའི་ལབ་ཙེའམ་དྲུག་པའི་ཤིང་ལང་ཅེས་པའི་དུས་ཆེན་འདིར་གཙོ་བོ་ཆོས་ལུགས་ཆོ་གའི་མདའ་ཤིང་གཏོད་པ་དང་ཁྱིམ་ཚང་རེ་རེས་བསང་མཆོད་གཏོང་བ།  མང་ཚོགས་ཁྲོད་གླུ་གར་རྩེད་འཇོ་དང་།  རྟ་རྒྱུག་འགྲན་བསྡུར། དམངས་ཁྲོད་ལུས་རྩལ་འགྲན་བསྡུར་སོགས་བྱ་འགུལ་གང་མང་འདུས་ཀྱང་ད་ལོར་ལབ་ཙེ་གཏོད་པ་ལས་བྱ་འགུལ་གང་ཡང་སྤེལ་མེད།

ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོའི་ལབ་ཙེ་གཏོད་པའི་དུས་ཆེན།
དགུ་རུ་དགོན།

ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོའི་ལབ་ཙེ་གཏོད་པའི་དུས་ཆེན།
ལབ་ཙེ་གཏོད་པར་མདའ་ཤིང་ཁུར་བའི་ལམ་དུ།

         རྡོ་སྦིས་ཡུལ་ཚོ་ནི་གངས་ད་རྒྱལ་དང་དུང་རི་རི་བོའི་འདབས་སུ་ཆགས་ཤིང་།  གནས་འདིའི་ལབ་ཙེ་གཏོད་ས་ནི་ཡུལ་ཚོ་འདིའི་སྲིད་གཞུང་གི་བྱང་ཕྱོགས་སྟག་མགོ་རི་བོའི་འདབས་ཀྱི་དགུ་རུ་དགོན(བོད་རྒྱུད་ནང་བསྟན་རིག་གནས་ཞིབ་འཇུག་བྱེད་པའི་དགེ་བཤེས་ཤེས་རབ་རྒྱ་མཚོ་ལགས་རྡོ་སྦིས་ནས་སྐྱེས་ཏེ་དགོན་འདིར་སྦྱངས་པ་མཐར་ཕྱིན་མཛད་མྱོང)གྱི་འགྲམ་ཡིན།

ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོའི་ལབ་ཙེ་གཏོད་པའི་དུས་ཆེན།
མང་ཚོགས་ཀྱིས་ལབ་ཙེ་གཏོད་པར་མདའ་ཤིང་ཁུར་བའི་ལམ་དུ།

ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོའི་ལབ་ཙེ་གཏོད་པའི་དུས་ཆེན།
ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོའི་ལབ་ཙེ་གཏོད་པའི་ཡུལ་དངོས།

         རྡོ་སྦིས་ལབ་ཙེ་ནི་དགེ་བཤེས་ཤེས་རབ་རྒྱ་མཚོའི་ཞལ་ཆེམས་དང་མངགས་བཅོལ་ལྟར་བཙུགས་པ་ཞིག་ཡིན། སྔོན་ཁྱིམ་ཚང་དག་གིས་རང་སར་ནས་ལབ་ཙེ་གཏོད་པ་ཡིན་ཡང་།  སྡེ་བའི་བར་འབྲེལ་འདྲིས་ལེགས་པོ་བྱེད་པར་སྟབས་བདེ་བཟོ་སླད་རྡོ་སྦིས་ཡུལ་ཚོའི་སྡེ་བ་སོ་སོས་ཆེད་དུ་ལབ་ཙེ་གཏོད་པའི་གནས་དུས་གཅིག་གྱུར་བྱས་པ་སྟེ། ལོ་རེའི་ལུགས་རྙིང་གི་ཟླ6པའི་ཚེས15ཉིན་རྡོ་སྦིས་ཡུལ་ཚོའི་དགུ་རུ་དགོན་གྱི་འགྲམ་དུ་གཏོད་པ་ཡིན་ནོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།