བོད་ལུགས་ཀྱི་ཟླ་དྲུག་པའི་ཚེས་བཞིའི་ཆོས་སྐོར་དུས་ཆེན་རོལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-26 09:20:00 ཀློག་གྲངས།:

珠巴次喜:快乐的转山节
གནས་མཇལ་དུ་འགྲོ་བཞིན་པ།

ཕུར་ལྕོག་དགོན་དུ་ཆོས་གསུང་བཞིན་པ།

  ལུགས་གསར་གྱི་ཟླ7པའི་ཚེས23ཉིན་ནི་བོད་ལུགས་ཀྱི་དྲུག་པའི་ཚེས་བཞི་སྟེ་ཆོས་སྐོར་དུས་ཆེན་ལ་ཁེལ་ཡོད་ཅིང་། ཉིན་འདིར་ལྷ་སའི་དད་ལྡན་མང་ཚོགས་རྣམས་སེ་ར་དབུ་རྩེ་རུ་ཚོགས་ནས་གནས་མཇལ་དུ་བསྐྱོད་འགོ་བརྩམས་པ་རེད། གནས་མཇལ་གྱི་ལམ་ཐག་ལ་ཆུ་ཚོད་བརྒྱད་རིང་ཡོད་དེ། ཉང་བྲན་ཡུལ་ཚོ་ནས་འགོ་བཟུང་སྟེ་གྲོང་མཐའི་ཕ་བོང་ཁ་དང་། བཀྲ་ཤིས་ཆོས་གླིང་། སེ་ར་དབུ་རྩེ་སོགས་བརྒྱུད་ནས་མཐར་ཕུར་ལྕོག་དགོན་དུ་མཇུག་རྫོགས་པ་ཡིན། གནས་མཇལ་གྱི་ལམ་དུ་དད་ལྡན་མང་ཚོགས་ཀྱིས་རླུང་རྟ་སྤུར་བ་དང་། དར་ལྕོག་འདོགས་པ། ལྷ་བསང་གཏོང་བ་སོགས་ཆོས་ཀྱི་ཆོ་ག་སྣ་ཚོགས་སྤེལ་ནས་འགྲོ་ཀུན་བདེ་ཞིང་སྐྱིད་པར་འཚོ་བའི་སྨོན་ལམ་རྒྱག་པ་ཡིན།


གནས་མཇལ་གྱི་ལམ་དུ་རླུང་རྟ་སྤུར་བཞིན་པ།

  སྟོན་པ་ཤཱཀྱ་ཐུབ་པའི་དབང་པོ་མངོན་པར་སངས་རྒྱས་ནས་ཉིན་ཞེ་དགུ་འདས་པའི་དུས་ཕུན་སུམ་ཚོགས་པར། ལྷའི་རྒྱལ་པོ་ཚངས་པ་དང་བརྒྱ་བྱིན་གྱིས་གསེར་གྱི་འཁོར་ལོ་རྩིབས་སྟོང་འབར་བ་དང་ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་སྐུལ་བའི་གསོལ་བ་བཏབ་པ་ན། ཁོང་ཡུལ་ཝ་རྭ་ན་སིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཕེབས་ནས་འཁོར་ལྔ་སྡེ་བཟང་པོ་སྟེ་ཀུན་ཤེས་ཀཽཎྜི་ན་ཡང་དང་། རྟ་ཐུལ། རླངས་པ། མི་ཆེན། བཟང་ལྡན་བཅས་ལ་ཆོས་འཁོར་གསུམ་གྱི་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་ཐོག་མར་བསྐོར་བར་བརྟེན། དད་ལྡན་སྐྱེས་བུ་ཚོགས་ཀྱིས་སྟོན་པའི་བཀའ་དྲིན་རྗེས་སུ་དྲན་པའི་ཆེད་ལྷ་ལྡན་གཙུག་ལག་ཁང་དང་། ཇོ་ར་མོ་ཆེ། ཕོ་བྲང་པོ་ཏ་ལའི་འཕགས་པ་ལོ་ཀེ་ཤ་ར་སོགས་ཀྱི་རྟེན་མཆོག་ལ་བསྙེན་བཀུར་བསམ་གྱིས་མི་ཁྱབ་པ་འབུལ་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བཟང་པོ་གསོག་པའི་རྣམ་དཀར་དགེ་བའི་ལས་སུ་བརྩོན་པ་བཅས་རིམ་བཞིན་ཆོས་ལུགས་ཀྱི་དུས་སྟོན་ཆེན་མོ་ཞིག་ཏུ་གྱུར་བ་ཡིན་ཅིང་། ཆོས་འཁོར་ཐོག་མ་བསྐོར་བ་ལས་བྱུང་བ་ཡིན་པས་ཆོས་འཁོར་བསྐོར་བའི་དུས་ཆེན་ཞེས་ཀྱང་འབོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།