དཔལ་ལྷ་གཟབ་གསོལ་དང་ཀླུ་སྦུག་སྒར་སྒྲིག
དཔལ་ལྷ་གཟབ་གསོལ།
བོད་ཟླ་དང་པོའི་ཚེས་བཅུ་དགུའམ་ཉི་ཤུ་གང་རུང་ཉིན་གཙུག་ལག་ཁང་གི་ཡང་སྟེང་དཔལ་ལྷ་ལྕོག་ཏུ་དཔལ་ལྡན་འདོད་ཁམས་བདག་མོ་ཞི་དྲག་ལ་ཕན་བདེ་ལེགས་བཤད་གླིང་ཚོགས་ཡོངས་ནས་བསྐང་བཤགས་མངའ་གསོལ་གྱི་ཞལ་འདོན་དང་འབྲེལ་གཟབ་གསོལ་གང་ལེགས་ཐོག་ལྷ་ས་བ་ཕོ་མོ་མང་པོས་རང་རང་གཟབ་པ་དང་མཆོར་བའི་རྒྱན་གོས་ཀྱིས་བཀླུབས་ཏེ་དཔལ་ལྷ་ཞི་དྲག་ལ་བསང་གསོལ་གཟབ་རྒྱས་བྱེད་སྲོལ་ཡོད་པ་དེ་ལ་དཔལ་ལྷའི་གཟབ་གསོལ་ཞེས་སུ་གྲགས།
ཀླུ་སྦུག་སྒར་སྒྲིག
ཧོར་ཟླ་དང་པོའི་ཚེསཉི་ཤུ་གཉིས་ཉིན་ཀླུ་སྦུག་ནག་སྡེར་གྱི་ཐང་ཆེན་དབུས་སུ་དཀྱིལ་སྒར་ལྡིང་གུར་ནང་ཡ་སོར་ཁྲི་པ་གཉིས(ཡ་སོར་ཁྲི་པ་ཞེས་པ་ནི་སྨོན་ལམ་གཏོར་རྒྱག་གི་དམག་རུའི་སྤྱི་ཁྱབ་པའི་གོ་གནས་མིང)དང་། མདུན་གྲལ་གཡས་གཡོན་དག་ཏུ་ཡ་སོར་བྱིངས་འདམ་བརྒྱ་ཤོག་པ། སོག་པོ་ཡ་སོར་བཅས་འཀོད་ཅིང་གཡས་རུ་གཡོན་རུའི་སྨོན་ལམ་གཏོར་རྒྱག་གི་རྒྱབ་སྣོན་རྟ་དམག་ལྔ་བརྒྱ་དང་། གཟིམ་ཆུང་བ་སོགས་སྡེབ་ཚོགས་ཀྱིས་སྒར་གུར་གྱི་མཐའ་སྐོར་དུ་རྔམ་བརྗིད་བློ་སྤོབས་ལྡན་པའི་ངང་བསྐྱོད་རྒྱུའི་དངོས་གཞིའི་གྲ་སྒྲིག་བྱེད་སྒོ་དམིགས་བསལ་ཅན་དེ་ལ་ཀླུ་སྦུག་སྒར་སྒྲིག་ཅེས་གྲགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com