བོད་ཁུལ་གྱི་དཔལ་ལྡན་ལྷ་མོའི་གསོལ་མཆོད་དུས་ཆེན།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-02 10:32:00 ཀློག་གྲངས།:


མཇལ་བ་རྣམས་ཀྱིས་ལྷ་ལྡན་གཙུག་ལག་ཁང་དུ་དཔལ་ལྡན་
ལྷ་མོར་ཞལ་མཇལ་ཞུ་བ་དང་མཇལ་དར་སྒྲོན་པ།

          ལོ་རེའི་བོད་ཟླ10བའི་ཚེས15ཉིན་བོད་ཀྱི་དད་ལྡན་མང་ཚོགས་རྣམས་ལྷ་སའི་གཙུག་ལག་ཁང་ལ་ཡོང་སྟེ་དཔལ་ལྡན་ལྷ་མོར་ཞལ་མཇལ་ཞུས་ནས་ལོ་གཅིག་དུས་གཅིག་གི་དཔལ་ལྡན་ལྷ་མོའི་གསོལ་མཆོད་དུས་ཆེན་གཏོང་བ་ཡིན་ལ།  དུས་ཆེན་གྱི་མིང་གཞན་ལ་དཔལ་ལྷའི་རི་ཁྲོད་དང་ཡང་ན་ལྷ་མོའི་དུས་ཆེན་ཞེས་ཀྱང་འབོད་སྲོལ་ཡོད་དེ། ཉིན་འདིར་དཔལ་ལྷའི་རི་ཁྲོད་ཅེས་ལྷ་ལྡན་གཙུག་ལག་ཁང་གི་དཔལ་ལྷ་དང་གྲིབ་རྫོང་བཙན་གཉིས་ཞལ་འཛོམས་པ་ཡིན་ཟེར་ནས་དུས་སྟོན་རོལ་ལ།  བུད་མེད་ཚོས་རང་ཉིད་ཀྱི་དུས་སྟོན་ཞིག་ཏུ་རྩི་བཞིན་ཡོད།
          རྒྱུས་ལོན་བྱུང་བ་ལྟར་ན། དུས་སྟོན་འདི་མ་ཐོན་སྔོན་དུ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་དད་ལྡན་མང་ཚོགས་ཁྲི་སྟོང་མང་པོས་ལྷ་ལྡན་གཙུག་ལག་ཁང་དུ་ལྷ་བསང་གཏོང་བ་དང་ཕྱག་འཚལ་བ་སོགས་བྱས་ཏེ་དཔལ་ལྡན་ལྷ་མོར་མཆོད་མཇལ་བྱེད་ཀྱི་ཡོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།