ངོས་དང་པོ > དམངས་སྲོལ། > སྲོལ་རྒྱུན་དུས་སྟོན། > བོད་ལྗོངས་ཀྱི་དགོན་སྡེས་ལྡེབས་ངོས་སུ་དཀར་རག་བྱུགས་ནས་ལྷ་བབས་དུས་ཆེན་བསུ་བ།
བོད་ལྗོངས་ཀྱི་དགོན་སྡེས་ལྡེབས་ངོས་སུ་དཀར་རག་བྱུགས་ནས་ལྷ་བབས་དུས་ཆེན་བསུ་བ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2011-10-28 10:37:00
ཀློག་གྲངས།:
བོད་བརྒྱུད་ནང་བསྟན་གྱི་སྲོལ་ལུགས་ལྟར་ན་བོད་ཟླ9བའི་ཚེས22ཉིན་ནི་ལྷ་བབས་དུས་ཆེན་ཡིན་ལ། བོད་ཟླ་དགུ་བ་ཚུགས་པ་ནས་བཟུང་བོད་ལྗོངས་ཀྱི་དགོན་སྡེ་དང་མང་ཚོགས་ཀྱི་སྡོད་ཁང་གི་ལྡེབས་ངོས་སུ་དཀར་རག་བྱུགས་ནས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་དུས་ཆེན་འདི་ལ་གྲ་སྒྲིག་བྱེད་པའི་ལས་ཀའི་འགོ་ཚུགས།
བོད་ཟླ9བའི་ཚེས22ཉིན་ནི་ལྷ་བབས་དུས་ཆེན་ཏེ་སྟོན་པ་ཤཱཀྱ་མུ་ནེ་སུམ་རྩེན་ལྷའི་ཡུལ་ནས་འཇིག་རྟེན་མི་ཡུལ་དུ་བྱོན་པར་བསུ་བའི་དུས་ཆེན་ཞིག་ཡིན་ཞིང་། བོད་འབངས་རྣམས་ཀྱིས་སྟོན་པ་ཤཱཀྱ་མུ་ནེ་དང་འབྲེལ་བའི་ལྷ་བབས་དུས་ཆེན་དང་། བོད་ཟླ་དང་པོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ། ས་ག་ཟླ་བ། བོད་ཟླ་དྲུག་པའི་ཚེས་བཞིའི་གནས་རིར་ཆོས་སྐོར་རྒྱག་པའི་དུས་ཆེན་བཅས་ལ་སྟོན་པའི་དུས་ཆེན་བཞི་རུ་བཤད།
ལྷ་བབས་དུས་ཆེན་གྱི་སྐབས་སུ་བོད་བརྒྱུད་ནང་བསྟན་གྱི་སྲོལ་ལུགས་ལྟར་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་ཆེ་ཆུང་གཉིས་སོགས་སུ་སྟོང་མཆོད་འབུལ་བ་མ་ཟད། དད་ལྡན་མང་ཚོགས་རྣམས་ཀྱིས་མཆོད་པ་འབུལ་བ་དང་། སྦྱིན་པ་གཏོང་བ། ཕྱག་འཚལ་བ་སོགས་དགེ་བའི་ལས་གང་ལེགས་སྒྲུབ་ཏེ་སངས་རྒྱས་ཀྱི་སྐུ་དྲིན་རྗེས་སུ་དྲན་པར་བྱེད།
1992ལོ་ནས་བཟུང་དཀར་རག་བྱུགས་པའི་ལས་བགྱི་བའི་དངོས་གྲུབ་ལགས་ཀྱིས་བཤད་པ་ལྟར་ན་ལྡེབས་ངོས་སུ་བྱུགས་པའི་དཀར་རག་ནི་ས་དམར་དང་ཀ་ར་ནག་པོ་སོགས་ཀྱིས་གྲུབ་པ་ཡིན་ཞིང་། ཀ་ར་སྲོ་བ་ནི་མདོག་རིང་དུ་འདུག་ཅིང་སྲུང་སྐྱོབ་ཀྱི་ནུས་པ་ལྡན། ཁོང་གིས་མཚམས་སྦྱོར་བྱས་པ་ལྟར་ན་ལོ་རེར་ལྡེབས་ངོས་སུ་དཀར་རག་བྱུགས་པའི་དུས་སུ་མང་ཚོགས་རྣམས་ཀྱིས་སངས་རྒྱས་ལ་མཆོད་པའི་ཆེད་དུ་འོ་མ་དང་ཀ་ར་སོགས་འཁྱེར་ཡོང་ལ། དགོན་པའི་ལྡེབས་ངོས་སུ་དཀར་རག་བྱུགས་ཚར་རྗེས་མང་ཚོགས་ཀྱིས་རང་རང་གི་སྡོད་ཁང་ལ་དཀར་རག་བྱུགས་པ་ཡིན་ཟེར།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།