རེབ་གོང་གླིང་རྒྱའི་ཀླུ་རོལ་ངོ་སྤྲོད་མདོར་བསྡུས།
ཨ་མྱེས་ལྷ་རི། དངོས་མིང་ལ་ཤ་བོ་ཚེ་རིང་། གླིང་རྒྱའི་མ་རུ་སྡེ་བ།
ཀླུ་རོལ་ནི་བོད་ཀྱི་གདོད་མའི་སྤྱི་ཚོགས་ཀྱི་ཤེས་རིག་དང་དངོས་ཡོད་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།ཀླུ་རོལ་ལས་མངོན་པའི་ངོ་མཚར་ཞིང་ཡིད་དབང་འཕྲོག་པའི་རྩེ་མོའི་རྣམ་པ་དེ་ལས་བོད་ཀྱི་གདོད་མའི་ཤེས་རིག་གི་ཉིང་བཅུད་མཚོན་པ་དང་། རྒྱལ་ཁབ་ཕྱི་ནང་ཀུན་གྱི་མགྲོན་པོ་དང་ཞིབ་འཇུག་པ་མང་པོ་ཞིག་ཀྱང་དུས་ལྟར་དུས་ཆེན་འདིར་ཞུགས་ནས་རྒྱུས་ལོན་དང་ཞིབ་འཇུག་གཏིང་ཟབ་བྱེད་ཀྱིན་ཡོད།
ཨ་མྱེས་རྨོག་པ། དངོས་མིང་ལ་མཁའ་འགྲོ་ཚེ་རིང་། གླིང་རྒྱའི་རི་གོང་མ་སྡེ་བ།
ཁ་འབིག་བརྡབས་པ། ཚེས་ཉེར་གཅིག ཉེར་གཉིས ཉེར་གསུམ།
དེ་ཡང་རེབ་གོང་གླིང་རྒྱའི་ཀླུ་རོལ་འདི་ཆེས་ཐོག་མ་ནས་བཟུང་རྩེད་མཚར་གྱི་ཆོ་ག་རང་ག་བ་ཞིག་མ་ཡིན་པར། ངག་རྒྱུན་དུ་ཞིང་བདག་དག་གིས་ཆར་ཆུ་འཛོམས་སླད་དུ་ཀླུ་ལ་མཆོད་པ་བྱེད་པའི་རྩེད་རིག་ཅིག་དང་། རྩེད་སའི་གནས་དེའང་གནའ་དུས་འཇའ་མོ་ཐང་སྡེ་བའི་གོང་གི་ཀླུ་སྡོང་ནང་ཟེར་བ་དེ་ཡིན་ལ་རིམ་གྱིས་སྡེ་བའི་ནང་དུ་མགོ་བརྩམས་པ་ཞིག་རེད་ཟེར། རྩེ་མོའི་རྣམ་པ་འདིའང་སྔོན་ཆད་ཆུ་རྩེད་ཀྱི་རྣམ་པ་ཙམ་ལས་མ་འདས་ཞེས་ཟེར་གྱིན་ཡོད་ལ་དེང་སྐབས་སྡེ་བའི་ནང་གི་ལྷ་བ་གཉིས་ཀྱིས་དབྱར་ཟླ6པའི་ཚེས20ནས24བར་མགོ་མཇུག་བར་གསུམ་དུ་མགོ་འཛིན་བརྒྱུད་ནས་ཀླུ་ལ་མཆོད་པ་བྱེད་པའི་ཆོས་ལུགས་ཀྱི་ཆོ་ག་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། འདི་ཡང་རིམ་གྱིས་རྒྱ་ཇེ་ཆེར་སོང་ནས་རྩེད་མོའམ་ཆོ་གའི་རྣམ་པ་ཡང་ཇེ་མང་དུ་སོང་ཡོད་ལ་དེ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་མང་པོ་ཞིག་ཡོད་དེ།
༡ ལྷ་བས་རང་གི་ཁྲག་རྒྱུན་དྲོན་མོ་གནམ་ལ་མཆོད་པ་དང་ལྷ་སྐད་གསུངས་པ།
༢ མཚན་མ་མཆོད་པ།
༣ ཁ་འབིག་བརྡབས་པ།
༤ དཔུང་རྗེན་དང་རྐང་རྗེན་དུ་བརྩེ་བ།
༥ ཀླུ་སྡོང་མགོར་འགོས་པ།
༦ སྐྱེས་པ་ཕོ་མོས་མཉམ་དུ་གར་ལེན་པ།
༧ མི་མང་སར་ཕོ་མོས་ཕན་ཚུན་ལ་ལ་གཞས་ལེན་པ།
༨ ལྷ་དམག་མཉམ་དུ་ལྷ་རྩེད་བྱེད་པ་སོགས་རིམ་པ་དང་ཆོ་ག་མང་པོ་ཞིག་གིས་གྲུབ་ཡོད།
སྐྱེས་པ་ཕོ་མོས་མཉམ་དུ་གར་ལེན་པ། ཚེས་ཉེར་གཉིས་ཉིན།
ཀླུ་རོལ་རྩེད་ཀྱིན་པ།
རང་རེའི་ཕ་མེས་རྣམས་ཀྱིས་ང་ཚོར་ངོ་མཚར་བའི་གཏམ་རྒྱུད་དང་ཡ་མཚར་བའི་ལྟད་མོ་མང་པོ་ཞིག་བརྒྱུད་སྒྲོགས་གནངས་ཡོད་ལ། རྩེ་མོའི་རྣམ་པ་འདིའི་རིགས་དེང་གི་སྐབས་འདིར་མཚོན་ན་དངོས་གནས་ལྐོག་གྱུར་གྱི་རིག་གནས་ཤིག་ཏུ་སྣང་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com