བོད་རིགས་མང་ཚོགས་རྣམས་ལུས་ཁྲུས་པའི་དུས་ཆེན་ལ་རོལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-08 11:51:00 ཀློག་གྲངས།:


ལྷ་སའི་མང་ཚོགས་ཀྱིས་ཆུ་འགྲམ་དུ་སྦྲ་གུར་ཕུབ་སྟེ་ལུས་ཁྲུས་དུས་ཆེན་ལ་རོལ་བ། 

            ལོ་རེར་སྟོན་འགོ་ཚུགས་པའི་མཚན་མོ་དེར།  ལྷ་ས་ཤར་ལྷོའི་མཐོངས་དབྱིངས་སུ་སྐར་མ་གསལ་བོ་ཞིག་འཆར་བ་ཡིན་ཞིང་།  བོད་རིགས་མང་ཚོགས་ཀྱིས་ལོ་རེའི་ལུས་ཁྲུས་དུས་ཆེན་འགོ་བརྩམས་པ་རེད།  ཟེར་སྒྲོས་སུ་སྐར་མ་དེ་ནི་མཚན་བདུན་ལ་མ་གཏོགས་འཆར་མི་ངེས་པར་བཤད་ལ།   མི་རྣམས་ཀྱིས་སྐར་མ་འདི་ཤར་བའི་མཚན་བདུན་ནི་ལུས་ཁྲུས་དུས་ཆེན་དུ་རྩིས་པ་རེད།


སྐྱིད་ཆུ་འགྲམ་དུ་བུད་མེད་ཞིག་གིས་སྐྲ་འཁྲུད་བཞིན་པ། 

            ངག་རྒྱུན་ལྟར་ན། གནའ་སྔ་མོའི་དུས་སུ་གཡུ་ཐོག་ཡོན་ཏན་མགོན་པོ་གནས་འདིར་བྱོན་ཞིང་།  ཁོང་གི་གསོ་རིག་ལག་རྩལ་ནི་ཤིན་ཏུ་འགྲན་ཟླ་བྲལ་བ་ཞིག་ཡིན་ཏེ་ནད་རིགས་སྣ་ཚོགས་གསོ་བཅོས་བྱེད་ཐུབ་པར་འདུག    དེར་བརྟེན།   བོད་རྒྱལ་ཁྲི་སྲུང་ལྡེ་བཙན་གྱིས་ཁོ་བོ་གདན་འདྲེན་ཞུས་ཏེ་ནད་རིགས་གསོ་བཅོས་བྱེད་དུ་བཅུག་ཀྱང་།  རྩྭ་ཐང་གི་མི་སེར་རྣམས་ལ་འགོས་ནད་དྲག་པོ་ཞིག་ཕོག་སྟེ་ཚང་མ་མལ་ཁྲི་ལས་ལངས་མི་ཐུབ་བར་གྱུར་སྟབས།  ཁོ་རང་སླར་མང་ཚོགས་ཀྱི་ནད་གསོ་བར་སྨན་རྩྭ་སྣ་ཚོགས་བཏུས་ཏེ་མང་པོ་ཞིག་ཉེན་ཁ་ལས་ཐར་དུ་བཅུག་པས་ཚང་མས་ཁོ་བོར་ལྷ་རྗེ་ཞེས་འབོད་པ་རེད།


ཡར་ཀླུང་གཙང་བོ་རུ་ལུས་ཁྲུས་པའི་བོད་པའི་བྱིས་པ་འགའ། 

            སྟབས་མི་ལེགས་པ་ཞིག་ནི་གཡུ་ཐོག་ཡོན་ཏན་མགོན་པོ་ཚེ་ལས་འདས་རྗེས།  གནས་དེར་སླར་ཡང་འགོས་ནད་སྣ་ཚོགས་བྱུང་ཞིང་།   ཉིན་ཞིག་བུད་མེད་ཞིག་གི་རྨི་ལམ་དུ་ལྷ་རྗེ་གཡུ་ཐོག་ཡོན་ཏན་མགོན་པོས“སང་ཉིན་དགོང་མོར།  ཤར་ལྷོའི་མཐོངས་དབྱིངས་སུ་སྐར་མ་གསལ་བོ་ཞིག་ཤར་དུས།  ཁྱེད་རང་སྐྱིད་ཆུར་ལུས་ཁྲུས་བྱས་ན་ནད་དེ་ཡོངས་སུ་གསོ་ཐུབ”ཅེས་ཟེར་བས།  བུད་མེད་འདིས་རྨི་ལམ་ལྟར་ལུས་ཁྲུས་ཤིག་བྱས་ནས་ནད་དེ་དངོས་གནས་སེལ་བར་གྱུར་པ་རེད།  དོན་དག་འདི་ཚང་མའི་རྣ་ཐོས་སུ་སོང་ནས་སྐྱིད་ཆུ་རུ་ལུས་ཁྲུས་ཏེ་ནད་ཡོངས་སུ་གསོས་པར་གྱུར། 


ལུས་ཁྲུས་དུས་ལ་རོལ་བཞིན་པའི་བོད་རིགས་མང་ཚོགས། 

            སྐར་མ་འདི་ནི་གཡུ་ཐོག་ཡོན་ཏན་མགོན་པོའི་སྒྱུ་འཕྲུལ་ལས་བྱུང་བའི་བཤད་སྲོལ་ཡོད་ཅིང་།  གཤིན་རྗེས་ཁོ་བོར་ཉིན་བདུན་གྱི་དུས་ལས་མ་བསྩལ་བས་སྐར་མ་འདི་མཚན་བདུན་ལ་མ་གཏོགས་ཤར་མི་ངེས་པ་རེད།  དུས་དེ་ནས་བཟུང་བོད་རིགས་མི་དམངས་རྣམས་ཉིན་བདུན་ལ་ལུས་ཁྲུས་པའི་སྲོལ་བྱུང་ཞིང་།   ལོ་རེའི་དུས་སྐབས་འདིར་ཚང་མས་ལུས་ཕུང་བདེ་ཐང་དང་ནད་ཡམས་སེལ་བར་ལུས་ཁྲུས་ཀྱི་ཡོད་པ་རེད།   དེར་བརྟེན་ཚང་མས་འདི་ལ་ལུས་ཁྲུས་དུས་ཆེན་ཡང་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།