བོད་རིགས་བུ་མོའི་སྐྲ་སྟོན།

རྩོམ་པ་པོ།:མང་རའི་ལོ་ཡག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-02-15 10:26:03 ཀློག་གྲངས།:

 

  རང་རིགས་ནི་ཉི་མ་དང་བར་ཐག་ཉེ་བའི་མཚོ་བོད་མཐོ་སྒང་ན་འཚོ་སྡོད་བྱེད་པའི་མི་རིགས་ཤིག་ཡིན།  མི་རིགས་རང་ལ་གནའ་ནས་ད་ལྟ་བར་ཡུལ་སྲོལ་དང་གོམས་གཤིས་མང་བོ་ཞིག་མ་ཉམས་པར་རྒྱུན་འཇགས་སུ་གནས་ཡོད།  མཚོ་ལྷོ་ཁྲི་ཀའི་ཡུལ་གྱི་སྐྲ་སྟོན་ལ་མཚོན་ནའང་རྣམ་པ་རྒྱ་ཆེ་ཞིང༌།  ཆོ་ག་ཆ་ཚང་བ།  ནང་དོན་ཕུན་སུམ་ཚོགས་པའི་ཁར་དམངས་སྲོལ་རིག་གནས་ཀྱི་རིན་ཐང་བླ་ན་མེད་པ་ཞིག་ཡིན།  ཡུལ་དེའི་དུད་ཁྱིམ་སུ་ཞིག་ཡིན་རུང་བུ་མོ་གཉོམ་ལག་རྒྱས་པའི་བར་དུ་སྟོན་མོ་ཆེ་ཆུང་གསུམ་བྱེད་དགོས་ལ།  ཐོག་མ་བཙས་སྟོན་དང༌།  མནོལ་སྟོན།  བར་དུ་སྐྲ་སྟོན།   མཐའ་མར་གཉེན་སྟོན་བཅས་བྱེད་དགོས།

  སྤྱིར་སྐྲ་སྟོན་བྱེད་དུས་མོ་ལོ་བཅོ་ལྔ་དང༌།  བཅུ་བདུན།  བཅུ་དགུའི་དུས་ཡིན་ནའང༌།  སྐེ་བའི་ཡུལ་དུ་མོ་ལོ་དགུ་དང༌།  བཅུ་གཅིག   བཅུ་གསུམ་ཡིན་པའི་དུས་སུ་སྐྲ་སྟོན་བྱེད་པ་ནི་བྱིས་པ་རྣམས་རྒན་རྒོན་ཚོས་གཉོར་སྐྱོང་བྱས་པ་ཡིན་པའི་སྟབས་དེ་ལ་དྲིན་ལན་འཇལ་དགོས་པའི་ཕྱིར་དང༌།  ད་ནི་བུ་མོ་གཉོམ་ལག་རྒྱས་ཟིན་པས་མ་ཞང་དང་ཕ་ཞང་གཙོ་བྱས་ནས་རང་ཁྱིམ་ཤ་ཉེ་གཉེན་ཚན་དག་ཁོ་མོར་ངོ་སྤྲོད་བྱེད་པ།  གཞི་དཔོན་ནི་སྔགས་པ་ནུས་ཅན་ཞིག་བྱས་ཏེ་སྨན་ཆུང་བུ་མོར་མནའ་ཁྲུས་མཛད་པ་ནི་བུ་མོའི་མི་ཚེ་གང་བོའི་གྱོད་དང༌།  ཁ་མཆུ་ལྡོག་པར་བྱེད་པ་དེ་ཡིན་ནོ།།

གཅིག  སྲུང་བ་འཛུགས་པ།

  སྐྲ་སྟོན་གྱི་སྔོན་དུ།  ཁྱིམ་སྔགས་ནུས་མཐུ་ཅན་གྱིས་ཞི་དྲག་གཉིས་སྦྱོར་གྱི་སྒོ་ནས་བདུན་གསུམ་རིང་ལ་མཚམས་ལ་གཞོལ་རྗེས།  སྐྲ་སྐར་ལོ་ཁམས་ལ་ཞིབ་ཏུ་བརྟག་སྟེ་བག་མོའི་གོན་སྐལ་དང༌།  འདོགས་སྐལ།  ཟས་སྐལ།  ཐ་ན་མགོ་སྐྲ་སླས་མཁན་དང་སྐྲ་ཤེད་ཀྱི་སོ་མངས།  སྐྲ་ཐིག་སོགས་སྐྲ་ཆས་སྣ་ཚོགས་དང༌།  སྣ་ལུང༌། སྐེ་རྒྱན།   སྐྲ་ལུང་སོགས་མཐུན་ཁ་སྒྲིག་སྟེ་དག་གཙང་བཟང་བོ་ཞིག་བྱེད་དགོས་པ་མ་ཟད།  བུ་མོར་ཡང་འཛེམ་བྱ་དུ་མ་སྲུང་དུ་འཇུག་པ་ཡིན།  སྔགས་པའི་ཉིན་བདུན་ལ་བག་མའི་ཁྱིམ་དུ་སྲུང་བ་འཛུགས་པ་དང་བག་ཁྲུས་བྱེད་པ།  ཕྱི་ནང་གི་བགེགས་ཅི་ཡོད་བཏུལ་ཏེ་སྟོན་མོའི་ཉིན་ལ་སྟ་གོན་བཟང་བོ་ཞིག་བྱེད་པ་དེ་ཡིན།

གཉིས།  བག་མས་སྐུ་བསྟོད་བྱེད་པ།  

  རྨ་ཀླུང་རིང་མོའི་རླབས་ཕྲེང་དལ་གྱི་འཇགས་ཤིང༌། དགོང་ཉི་མ་སེར་བོ་རི་ལ་ཡིབ་སྟེ་བྱ་བྱེའུ་སྣ་ཚོགས་ཚང་ལ་ལོག་པའི་སྐབས་འདིར།  མ་ཞང་ཕྱོགས་ཀྱི་ཞང་བོ་འགའ་བུ་མོའི་ཁྱིམ་དུ་མགྲོན་ལ་ཕེབས་ནས་བུ་མོར་རལ་བཏོག་གི་ཆོ་གའི་འགོ་བརྩམས་པ་ཡིན།   ཆོ་ག་འདི་ལས་གཙོ་བོ་བག་མས་ཕྱོགས་ཡོང་གི་མགྲོན་པོ་རྣམས་དང་སྒོས་སུ་སྲུང་བ་འཛུགས་པའི་ཨ་ཁུ་དཔོན།   ཞང་བོ།  ཨ་ཁུ་བཅས་ལ་བཀའ་དྲིན་དང་སྐུ་བསྟོད་བྱེད་པ།  །  ཇ་ཆང་འདྲེན་པ།  བག་མྱོས་འཐེན་པ་སོགས་ཀྱི་སྲོལ་ཡོད།

  སྐུ་བསྟོད་ནི་བག་མས་རང་གི་ཤ་ཉེ་རིང་ཐམས་ཅད་ཀྱི་སྐུ་རི་རྒྱུད་ལྷུན་པོ་དང༌།  གསུང་རྗེ་བཙུན་མགུར་མ།  བྱམས་ཕ་མའི་སྙིང་རྗེ་ལྟ་བུ་ཡིན་ཞེས་སྐད་གདངས་དམའ་བའི་སྒོ་ནས་ངོ་སོ་ཡར་ལ་བསྟོད་པའི་ཆོ་ག་ཞིག་ཡིན་ཞིང༌།  བག་མས་བསྟོད་ཚིག་རེ་རེ་དབྱངས་ལ་གྱེར་ན་ཞང་བོ་དང༌།  ཨ་ཁུ་གང་གི་མིང་ནས་བོས་ན་དེ་ཡིས་བསྟོད་ཡོན་ཞེས་པའི་ལག་ཁྱེར་འཛོམས་ཚོད་ཅིག་བག་མར་སྟེར་དགོས།

གསུམ།  གནས་ལ་འགྲོ་ཁའི་ཆོ་ག

  ཕྱི་ཉིན་ཞོགས་པའི་དུས་སུ་གཞི་དཔོན་གྱིས་སྔར་བཞིན་འདོན་པ་དང༌།  ལྷ་བསང་གཏོང་བ།  བུ་མོ་རང་ཉིད་ཐེངས་དང་པོར་ཁྱིམ་ནས་སྒོར་ཕྱིར་འབུད་དུས་ཡིན་པས་སྲུང་མ་དང༌།  ཐབ་ལྷ།  ཕུགས་ལྷ་བཅས་ལ་ཕྱག་འཚལ་རྗེས།  ཨ་མས་ཁྲིད་དེ་མཆོད་ཁང་དུ་ཡོང་ནས་ཚེ་འབར་མར་མེ་སྒྲོན་རྗེས།  སྐད་གདངས་གཉོམ་པོས་འདར་ཞིང་སྐྱོ་བའི་ངང་ནས་བག་ངུ་མྱོས་འཐེན་པ་ཡིན། 

བག་མྱོས་ཀྱི་ནང་དོན་ལྟར།  “ཨོ་ཡེ།  ཨ་ཁུ་རི་རྒྱུད།  སྐུ་རྒྱལ་རེ་བརྟན།  སྨན་ཆུང་བུ་མོ།  འཛོམས་པོ་རེ་སྣང།  ཨ་ནེ་ཨ་ནེ།  སྐྱེལ་མ་རེ་མཛོད། མིང་བོ་མིང་བོ།  ཁ་དྲོ་བཀྲ་ཤིས།  ཞེས་སྐད་གཉོམ་ལ་གདངས་དམའ་ཞིང་ཞེ་སྨྲེང་བའི་ལེན་པ་ཞིག་ཡིན།

  དེ་ནས་རང་གི་ཨ་མས་ཉན་མ་བཟོད་པར་མཛོ་མོའི་འོ་རློན་དཀར་ཡོལ་གང་བཟུང་སྟེ་བུ་མོ་གཉོམ་ལག་རྒྱས་ཏེ་གནས་སྒོ་ཆོད་རྒྱུ་དང༌།  གནས་སའི་ཕ་མར་བྱམས་སྐྱོང་དང་བརྩི་བཀུར་ཡོད་པར་བུ་མོའི་ལྕེ་ཐོག་ཏུ་ལན་གསུམ་བཞག་པ་དེ་ལ་བག་མའི་མནའ་ཁུ་ཞེས་ཟེར།  དེ་ནས་དཀྱིལ་ཀ་བར་མ་སྐོར་བ་ལན་གསུམ་རྒྱག་པ་དང༌།  ནུ་བོས་ཀ་བ་དམ་པོར་འཛིན་པ་ནི་རང་གི་ཨ་ཅེ་ནམ་ཡང་གནས་སར་སྟེར་མི


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།