ངོས་དང་པོ > དམངས་སྲོལ། > སྲོལ་རྒྱུན་དུས་སྟོན། > ༄༅།མདོ་སྨད་གཅན་ཚ་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་དུས་ཆེན།
༄༅།མདོ་སྨད་གཅན་ཚ་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་དུས་ཆེན།
རྩོམ་པ་པོ།:བསོད་རྡོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-08-19 14:53:56
ཀློག་གྲངས།:
ཉེ་ཆར། མདོ་སྨད་གཅན་ཚ་རྐ་ཕུག་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་དུས་ཆེན་དེ་དུས་ཡུན་ཉིན་ལྔ་ལྷག་རིང་གི་ལྷ་འབེབས་ལྷ་རྩེད་ཀྱི་ཆོ་ག་དང་བྱ་འགུལ་སྣ་ཚོགས་ཁྲོད་ནས་བདེ་བླག་ངང་མཇུག་སྒྲིལ།
སྤྱིར་དྲུག་པའི་ཀླུ་རོལ་ནི་མདོ་སྨད་མཚོ་སྔོན་རོང་ཕྱོགས་ས་ཆར་རྒྱུག་ཆེ་བའི་དམངས་སྲོལ་རིག་གནས་དུས་ཆེན་གལ་ཆེན་གྲས་ཀྱི་གཅིག་ཡིན་ལ། གཙོ་བོ་མདོ་སྨད་རེབ་གོང་དང་ཁྲི་ཀ གཅན་ཚ། ཞོན་ཧྭ་སོགས་ས་ཆས་དུས་ཆེན་འདིར་མཐོང་ཆེན་བྱེད་པ་ཞིག་ཡིན་ཞིང་། ཡུལ་གྲུ་སོ་སོས་དམངས་སྲོལ་དུས་ཆེན་འདི་རོལ་བའི་ཐུན་མོང་གི་དུས་ཚིགས་ནི་ལོ་རེའི་ཧོར་ཟླ་དྲུག་པའི་ཟླ་དཀྱིལ་ནས་མགོ་རྩོམ་པ་ཞིག་ཡིན་ལ། མང་ཆེ་བ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་ལྔ་ཉིན་སྟེ་དུས་ཡུན་ཉིན་བདུན་ལྷག་རིང་ལ་ལྷ་ཀླུ་གཉན་གསུམ་ལ་ཆོ་ག་རྒྱ་ཆེན་གཏོང་བའི་དུས་ཆེན་ཁྱད་པར་བ་ཞིག་ཡིན་ལ། གཅན་ཚ་རྐ་ཕུག་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་དུས་ཆེན་ནི་དྲུག་པའི་ཚེས21ཉིན་ནས་མགོ་རྩོམ་པ་ཞིག་ཡིན།
མཚོ་སྔོན་གྱི་ས་ཆ་སོ་སོའི་དྲུག་པའི་ཀླུ་རོལ་ལའང་རང་ས་གནས་ཀྱི་དམངས་སྲོལ་ལྟར་དུས་ཆེན་གྱི་ཆོ་ག་བྱེད་སྟངས་མི་འདྲ་བ་ཡོད་པ་སྟེ། མདོ་སྨད་གཅན་ཚ་རྐ་ཕུག་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་ལ་མཚོན་ན་དྲུག་པའི་ལྷ་སྐར་ཆེན་མོའི་དུས་ཚིགས་གཙོར་བཟུང་ནས་ཆོས་ལུགས་ཀྱི་རིམ་གྲོ་བསྒྲུབ་ཏེ་ལྷ་འབེབས་པ་གཙོ་བོར་བྱེད་པའི་ཆོ་ག་ཞིག་ཡིན་ལ། ཆོས་ལུགས་ཆོ་གའི་ཞོར་དུ་མང་ཚོགས་རྣམས་ཀྱིས་ཁམས་གསེང་གཏོང་ཞིང་དམངས་ཁྲོད་གླུ་གར་ལ་རོལ་བ་དང་ཚོང་ཟོང་བརྗེ་རེས། གཉེན་ཉེ་ལྷན་འཛོམས་བྱེད་པ་དང་མང་ཚོགས་ཕན་ཚུན་གྱི་བསམ་བློ་བརྗེ་རེས་བྱེད་པའི་དུས་ཚིགས་སྤྲོ་བག་ལྡན་པ་ཞིག་ཡིན།
དྲུག་པའི་ཀླུ་རོལ་ཞེས་པ་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་ཡར་སྔོན་ནས་བཟུང་ལུགས་སྲོལ་ཡོད་པར་བརྗོད་ཅིང་། གཙོ་བོ་དམར་མཆོད་བྱེད་པ་དང་ལྷ་བསང་གཏོང་བ། ལྷ་འབེབས་པ། འགྱོགས་བྱམས་ཁུར་བ་སོགས་བྱེད་པའི་བོད་ཀྱི་དམངས་སྲོལ་བྱེད་སྒོ་ཞིག་ཡིན། རྐ་ཕུག་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་ཡང་ལུགས་སྲོལ་བྱེད་སྟངས་དེ་དག་གི་རྨང་གཞིའི་སྟེང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་བ་ཞིག་ཡིན་ལ། ཡ་མཁར་དྲུག་པའི་ཀླུ་རོལ་ནི་ལོ་ངོ་ཆིག་སྟོང་ཡས་མས་ཀྱི་ལོ་རྒྱུས་དུས་ཡུན་ཡོད་པ་ཞིག་ཡིན། ཡིན་ཡང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ནས་སྲོལ་རྒྱུན་རིག་གནས་མི་ཉུང་བ་ཞིག་དེར་བསྟུན་གྱིས་ཉམས་དམས་སུ་འགྲོ་བཞིན་ཡོད་པ་ནི་ཆོས་ཉིད་དུ་གྱུར་བའི་དབང་གིས། རྐ་ཕུག་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་ཡང་ཉེ་བའི་ལོ་ངོ་བཅུའི་སྔོན་རོལ་དུ་རིམ་བཞིན་སྲོལ་ལུགས་རྣམས་ཉམས་པར་གྱུར་ཞིང་། དུས་ཆེན་སྐབས་སུ་མང་ཚོགས་མི་འདུས་ཤིང་ཚོང་ཟོང་མེད་པ། ཉིན་རེའི་ལྷ་རྩེད་དང་ལྷ་འབེབས་པའི་སྲོལ་ལུགས་རྣམས་སྟབས་བདེར་བསྒྱུར་བ་སོགས་བྱས་ཏེ། དྲུག་པའི་ཀླུ་རོལ་ནི་ལྷ་བསང་ཁོ་ན་གཏོང་བའི་དུས་ཚིགས་ཤིག་ཏུ་གྱུར་ཡོད་པ་རེད།
ཉེ་བའི་ལོ་འགའི་ཚུན་ལ། རྒྱལ་ཁབ་ཀྱིས་དྲུག་པའི་ཀླུ་རོལ་ལམ་དྲུག་པའི་ལྷ་རྩེད་ནི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་གྲས་སུ་བཞག་པ་ནས་བཟུང་། ས་གནས་རིམ་པ་སོ་སོའི་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར། ས་གནས་མང་ཚོགས་དང་ཚོ་སྡེའི་འགན་ཁུར་མི་སྣ་དག་གིས་འབད་བརྩོན་འོག རྐ་ཕུག་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་གྱི་རྣམ་པ་རིམ་གྱིས་སླར་གསོ་བྱས་ཤིང་། སྤྱི་ལོ2015ལོ་ནས་བཟུང་སྟེ་དྲུག་པའི་ཀླུ་རོལ་གྱི་སྲོལ་རྒྱུན་ཆོས་ལུགས་ཆོ་གའི་རིམ་གྲོ་སླར་གསོ་བྱས་པའི་ཁར། ད་དུང་དུས་ཆེན་སྐབས་སུ་མང་ཚོགས་ཀྱི་རིག་གནས་འཚོ་བའི་དགོས་མཁོ་བསྐང་ཆེད། སྲོལ་རྒྱུན་རིག་རྩེད་ལེ་ཚན་གང་མང་རྩ་འཛུགས་བྱས་པ་དང་། གཞི་རྒྱ་ཆེ་བའི་མདའ་རྩེད་འགྲན་སྡུར་གྱི་བྱ་འགུལ་ཡང་སྤེལ་ཏེ་རྐ་ཕུག་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་ལ་སླར་ཡང་དུས་ཆེན་གྱི་གསོན་ཤུགས་རྒྱས་ཤིང་། ལྷ་ཁང་འཛུགས་སྐྲུན་གྱི་གཞི་ཁྱོན་རྒྱ་བསྐྱེད་དེ། རྟེན་གཞལ་ཡས་ཁང་ལ་སྐྱེས་མཆོག་ཨ་མྱེས་ཨེར་ལཱང༼རི་གླང་ཡང་ཟེར༽གི་ཕོ་བྲང་གསར་བཞེངས་བྱས་ཡོད་པ་དང་། བརྟེན་པ་ལ་སྐྱེས་མཆོག་ཨེར་ལཱང་དང་སྐྱེས་མཆོག་ཡུལ་ལྷའི་སྐུ་བརྙན་གཙོས་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་སྐྱེས་ལྷ་གཉན་པོ་དག་གི་སྐུ་བརྙན་རིམ་བྱོན་དང་རྩ་བའི་བླ་མ་རྐ་ཕུག་རྫོང་ནང་ཞབས་དྲུང་རྡོ་རྗེ་འཆང་ཆེན་གཙོས་བསྟེན་བྱ་བླ་མ་རྣམས་ཀྱིས་རབ་གནས་མཐུ་ནུས་བསྩལ་བའི་འགྱོགས་བྱམས་ངོ་མཚར་ཅན་སོགས་བཞུགས་ཡོད་པ་རེད།
ད་ལོར་ཡང་རྐ་ཕུག་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་འཚོགས་སའི་རྐ་ཕུག་གྲམ་གཞོང་གཡུ་ཡི་དགའ་ཚལ་ན་མི་ཚོགས་ཀྱི་འདུ་ལོང་དགོད་འདུག ཁ་དཔེར་ཡང་ཟས་ཞིམ་པོ་ལོ་སར་ཚེས་གཅིག་ལ་བཟའ། གོས་ཡག་པ་དྲུག་པའི་ཀླུ་རོལ་ལ་གོན་ཞེས་པ་ནང་བཞིན། རྒན་གཞོན་ཕོ་མོ་རྣམས་ཀྱིས་གོས་གང་ཡག་གང་བཟང་གྱོན་ཞིང་། ཟོང་གི་ཡོ་ལང་རྣམ་པར་རྒྱས་པ། སྤུན་ཟླ་མི་རིགས་འཆམ་མཐུན་དགའ་འཛོམས་བྱེད་པ་དང་། སྐྱེས་མཆོག་ཨ་མྱེས་ཨེར་ལཱང་ལྷ་ཁང་གི་ཁོ་ར་ཁོར་ཡུག་ཏུ་ལྷ་བསང་གི་དྲི་མས་ཁྱབ་ཅིང་། ལྷ་འབེབས་རིམ་གྲོའི་ཆོ་ག་སྤེལ་ཏེ། དམངས་སྲོལ་རིག་གནས་ཀྱི་ཤུགས་ན་འཚེར་བའི་ཐུན་མིན་ཁྱད་ཆོས་ཤིག་མངོན་པར་བསྟན།
རྒྱུས་ལོན་པ་ལྟར་ན། ད་ལོའི་གཅན་ཚ་རྐ་ཕུག་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་ཡང་ལོ་སྔོན་མ་ནང་ལྟར་ཇེ་ལེགས་ཇེ་རྒྱས་སུ་སོང་ཡོད་ལ། སྲོལ་རྒྱུན་ལྷ་འབེབས་རིམ་གྲོ་ཁ་ཚང་ཡོད་པའི་ཁར། ཆེད་དུ་མང་ཚོགས་དགའ་བའི་སྲོལ་རྒྱུན་སྟེ་རང་རེའི་རུས་རྐང་དུ་ཟུག་པའི་རི་གླུ་འགྲན་སྡུར་ཞིག་རྩ་འཛུགས་བྱས་ནས་དུས་ཆེན་ལ་བྲོ་བ་གཞན་ཞིག་བསྣན་ཞིང་། མང་ཚོགས་ཀྱི་མིག་གི་དཔལ་དང་རྣ་བའི་བཅུད་དུ་གསོལ་སྟོན་གྱ་ནོམ་པ་བཤམས། ཐེངས་འདིའི་གཅན་ཚ་རྐ་ཕུག་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་སྟེང་གི་རི་གླུ་འགྲན་སྡུར་གྱི་དུས་ཡུན་ཉིན་ལྔ་ཡིན་ལ། དྲུག་པའི་ཚེས་21ཉིན་ནས་ཚེས་25ཉིན་བར་དུ་གླུ་བ་གླུ་མ་བཅུ་ཡིས་ཐོག་མའི་འགྲན་གཤིབ་བརྒྱུད་ནས་མཇུག་གི་རྟིང་རྩོད་བྱས་པ་རེད། མཐར་དྲུག་པའི་ཀླུ་རོལ་གྱི་མཇུག་མཐའི་ཉིན། ལྷ་འབེབས་ཀླུ་ལྟ་བསྙལ་བའི་རིམ་གྲོ་ལས་འགྲོ་དྲུག་མཉམ་གནས་ཡོང་ཞིང་འཛམ་གླིང་ཞི་བདེ་ཡོང་བའི་བཀྲ་ཤིས་སྨོམ་ལམ་དང་བསྡོངས་ནས་རི་གླུ་འགྲན་སྡུར་ཁྲོད་རྒྱལ་ཁ་བླངས་པའི་གླུ་བ་གླུ་མ་རྣམས་ལ་བྱ་དགའ་གནང་ནས་དུས་ཆེན་ཕུན་ཚོགས་སུ་བཏང་པར་བསྟོད་བསྔགས་བྱས།
དུས་ཡུན་ཉིན་ལྔ་རིང་གི་ཛ་དྲག་འགྲན་སྡུར་བརྒྱུད། གཅན་ཚའི་གླུ་མ་ཚེ་བྷོ་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། མཚོ་ལྷོའི་གླུ་བ་ཚེ་རིང་ལ་བྱ་དགའ་ཨང་གཉིས་པ་ཐོབ། གཅན་ཚའི་གླུ་བ་ཤ་བོ་ནོར་བུ་ལ་བྱ་དགའ་ཨང་གསུམ་ཐོབ་པ་དང་། དཔའ་ལུང་གི་གླུ་བ་ཚེ་རིང་དོན་གྲུབ་ལ་བྱ་དགའ་ཨང་བཞི་བ་ཐོབ། གཅན་ཚའི་གླུ་བ་ཡི་དམ་རྒྱལ་ལ་བྱ་དགའ་ཨང་ལྔ་བ་ཐོབ་པ་དང་། རེབ་གོང་གི་གླུ་མ་ཡེ་ཤེས་མཚོ་ལ་བྱ་དགའ་ཨང་དྲུག་པ་ཐོབ། བྱ་དགའི་རྣམ་གྲངས་ལ་ཨང་དང་པོར་བྱ་དགའི་དངུལ་སྒོར1800དང་། ཨང་གཉིས་པར་བྱ་དགའི་དངུལ་སྒོར1500། ཨང་གསུམ་པར་བྱ་དགའི་དངུལ་སྒོར1300། ཨང་བཞི་པར་བྱ་དགའི་དངུལ་སྒོར1000། ཨང་ལྔ་པར་བྱ་དགའི་དངུལ་སྒོར་800དང་། ཨང་དྲུག་པར་བྱ་དགའི་དངུལ་སྒོར་700བཅས་ཡིན་ལ། གཞན་ད་དུང་འགྲན་ཞུགས་པ་སོ་སོར་སྟིང་སྐུལ་བྱ་དགའ་སྒོར500རེ་བྱིན་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པ་དང་། མི་རིགས་རིག་གནས་ལ་སྲུང་སྐྱོབ་བྱས་ཏེ། དམངས་སྲོལ་རིག་གནས་རྒྱུན་འཛིན་དར་སྤེལ་ཐད་འབོད་སྐུལ་བྱས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།