དངུལ་རང་གོས་ཐོག་ཕྱིས་ནས་གཞན་ལ་སྤྲོད་པའི་སྲོལ།
བོད་མིས་དཔལ་འབྱོར་ཕུན་སུམ་ཚོགས་པའི་ཕྱྭ་དང་བཅུད་དང་བསོད་ནམས་སོགས་ཡོང་ཕྱིར་གཡང་མི་ཤོར་བ་བྱ་རྒྱུར་དོ་སྣང་ཆེན་པོ་བྱེད་སྲོལ་ཡོད། ཁྱིམ་དུ་གཡང་སྒམ་བསྒྲིགས་ཏེ་གཡང་སྒྲུབ་པ་དང་། གཡང་འགུགས་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་རྒྱུན་མཐོང་རྒྱུ་ཡོད་ཅིང་། མི་གཞན་ལ་སྤྲད་ཀྱང་དངུལ་གྱི་གཡང་མི་ཤོར་བའི་ལྟོ་བཅོད་དུ་དངུལ་མི་གཞན་ལ་སྤྲོད་སྐས་སོ་སོའི་གྱོན་གོང་ཐོག་ཕྱིས་ཙམ་བྱས་ནས་སྤྲོད་པ་ནི་དངུལ་ཕྱིར་སྤྲད་ཀྱང་དེའི་གཡང་མི་ཤོར་བའི་ཆེད་དུ་ཡིན། དེ་བཞིན་རྩམ་པ་དང་འབྲུ་ལ་སོགས་གཞན་པར་སྤྲོད་སྐབས་ཀྱང་ཕྱིར་སྤྲད་ཟིན་པའི་རྩམ་པའམ་འབྲུ་གང་རུང་ནས་རང་གི་སྣོད་དུ་ཕྲན་བུ་ཞིག་ཕྱིར་འཐེན་བྱེད་ཀྱི་ཡོད། དེ་ཡང་རང་གི་གཡང་གཞན་པར་མི་ཤོར་བའི་ཆེད་དུ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com