མདོ་སྨད་བོད་ཀྱི་རྒྱན་གོས་ཀྱི་སྐོར་རོབ་ཙམ་གླེང་བ།

རྩོམ་པ་པོ།:ནམ་མཁའ་ཐར། ཡོང་ཁུངས།:བོད་ཀྱི་དྲ་བ། དུས་ཚོད།:2008-02-20 09:15:04 ཀློག་གྲངས།:

  བོད་མི་རིགས་ནི་རྒྱན་ཆ་ལ་མཐོང་ཆེན་བྱེད་པའི་མི་རིགས་ཤིག་ཡིན་ལ།  རྒྱན་ཆའི་རྒྱུ་དང་འདོགས་སྲོལ་གྱི་ཐད་ནས་མི་རིགས་གཞན་དག་དང་ཁྱད་པར་ཆེན་པོ་ཡོད།  རྒྱན་འདོགས་ཚུལ་གྱི་དབང་དུ་བཏང་ན།  མགོ་དང་སྐྲའི་ལན་བུ།  རྣ།  རྒྱབ།  སྐེ།  མཁྲེག་མ།  མཛུབ་མོ།  ལྭའི་གོང་བ།  ལྭའི་འདབས།  སྐ་རགས་སོགས་སུ་འདོགས་པ་དང་།  རྒྱན་ཆའི་རིགས་ལ་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་སོ་སོར་རྣམ་པ་རིགས་མི་འདྲ་བ་མང་བོ་ཞིག་དར་ཡོད་དོ།།

  བོད་མིའི་གོས་ཀྱི་རིགས་ལ་ཆེ་ས་ནས་བཤད་ན་ཕོ་ཆས་དང་མོ་ཆས་གཉིས་སུ་མ་འདུས་པ་མེད་ལ།  ཡང་གྱོན་མཁན་གང་ཟག་གི་རྟེན་གྱི་སྒོ་ནས་དབྱེ་ན་སྐྱ་ཆས་དང་གྲྭ་ཆས་གཉིས།  ས་གནས་ཀྱི་སྒོ་ནས་དབྱེ་ན་དབུས་ཆས།  ཁམས་པའི་ཆས།  ཨམ་ཆས་ཏེ་གསུམ།  དུས་ཚིགས་ཀྱི་སྒོ་ནས་དབྱེ་ན་སློག་པ།  སྣམ་བུ།  ཚ་རུ།  བར་ཕྱིང་།  རས་ལྭ།  ཐེར་མ།  གོས་ལྭ་སོགས་མཐའ་ཡས་པ་དང་།  ཡང་ཐོབ་ཐང་དང་གོ་གནས་ཀྱི་སྟེང་ནས་རྒྱ་ལུ་ཆས།  ལྷ་ལྕམ་ཆས།  ཕྱག་མཛོད་ཆས།  བློན་ཆས་སོགས་དང་།  དར་ཡུལ་གྱི་ཆ་ན་སོག་ཆས།  ཧོར་མོའི་ཆས་སོགས་མང་པོ་ཞིག་བྱུང་ཡོད་པ་རེད།

  རྒྱན་ནི་མིའི་རིགས་ལ་གོས་དར་བའི་རྗེས་ནས་བྱུང་བ་ཞིག་ཡིན་ལ།  རྒྱན་གྱི་འབྱུང་ཁུངས་ནི་སྤྱིར་མིའི་རིགས་ན་ཚོད་ཕྲ་བའི་སྐབས་ཀྱི་ཐོན་སྐྱེད་ཡོ་ཆས་ནས་བྱུང་བར་མངོན་ཏེ།  དཔེར་ན།  སྐྱེས་པའི་གྲི་ལ་མཚོན་ན་དང་པོ་ཕ་རོལ་དགྲ་འགོག་གི་ནུས་པའི་ཆེད་དུ་བཏགས་ན་ཡང་།  རྗེས་སུ་ཐོན་སྐྱེད་འཕེལ་རྒྱས་བྱུང་བ་ལ་བརྟེན་ནས་རྒྱན་དུ་བྱེད་དེ།  ཨ་མདོའི་དམངས་གཞས་སུ།  སྟག་ཤ་རའི་རྒྱན་ཆ་གཡུ་བྱུར་ཡིན།།  གྲི་ཆུང་དཔའ་ལུང་རིང་ན་རྒྱན།།  མ་བུ་མོའི་རྒྱན་ཆ་གཡུར་བྱུར་ཡིན།།  གཡུ་བྱུར་ཁ་གྲངས་མང་ན་རྒྱན།།  ཟེར་བ་སོགས་ལས་མཚོན་ཐུབ།

  གོས་ནི་འགྲོ་བ་མིའི་རིགས་སྤྱི་ལ་དར་སྔ་ཞིང་མེད་དུ་མི་རུང་བའི་མཁོ་ཆས་ཤིག་ཡིན་ལ།  ཕྱི་གོས་རྒྱན་གྱི་སྟེང་ནས་མི་རིགས་དེའི་ནང་ཀུན་སྤྱོད་མཚོན་པར་མ་ཟད།  ད་དུང་མི་རིགས་དེའི་ཤེས་རིག་ལོ་རྒྱུས་ཀྱང་མཚོན་ཐུབ།  བོད་མི་ནི་འཛམ་གླིང་གི་མི་རིགས་མང་བོའི་ཁྲོད་དུ་གོས་དར་སྔ་བའི་མི་རིགས་ཤིག་ཡིན་ལ།  ལོ་ཏོག་ཟོས་པས་དེ་ཀུན་མི་ཉིད་གྱུར།།  མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན།།  ནགས་ན་རི་དྭགས་ལྟ་བུར་གནས་པ་ཡིན།།  ཀློ་དང་མོན་ལྟར་སྤྱོད་པས་བོད་ཡུལ་གང་།།  ཞེས་པ་ལ་བརྟགས་ཚེ།  ཤིན་ཏུ་སྔ་བའི་དུས་ནས་བོད་ལ་གོས་དར་བ་མཚོན་པར་མ་ཟད་གོས་ཀྱི་ཐོག་མའང་ཤིང་ལོ་ཡིན་པ་གསལ་བོར་བསྟན།

 དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཁྲོད་དུ་བོད་མི་རྣམས་ཀྱིས་གོས་འཚོལ་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་རེད།  གོས་ཀྱི་ཐོག་མའི་ནུས་པ་ནི་བོད་རང་ལ་མཚོན་ན་གྲང་སྐྱོབ་ཡིན་པ་དང་།  མིའི་རིགས་ཤེས་རིག་ལྡན་པའི་ལོ་རྒྱུས་སུ་བསླེབས་པ་ནས་གོས་ཀྱི་ནུས་པའང་རིམ་བཞིན་སྣ་མང་ཅན་དུ་གྱུར།  གོས་ནི་མི་ལུས་ལ་གྲང་སྐྱོབ་ཀྱི་ནུས་པ་ཐོན་པར་མ་ཟད།  ཚ་སྐྱོབ་དང་གཅེར་སྐྱོབ།  རྒྱན་ཆ་སོགས་ཀྱི་ནུས་པ་ཡང་ཐོན་ཞ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།