ངོས་དང་པོ > དམངས་སྲོལ། > རྒྱན་གོས་ཆ་ལུགས། > ༄༅།།2020ལོའི་རྨ་ལྷོ་ཁུལ་མི་རིགས་རྒྱན་གོས་ཇུས་འགོད་འགྲན་བསྡུར་ཆེན་མོ་སྤེལ།
༄༅།།2020ལོའི་རྨ་ལྷོ་ཁུལ་མི་རིགས་རྒྱན་གོས་ཇུས་འགོད་འགྲན་བསྡུར་ཆེན་མོ་སྤེལ།
རྩོམ་པ་པོ།:ཚེ་རིང་ལྷ་མོས་བསྒྱུར།
ཡོང་ཁུངས།:རྨ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2020-10-23 10:20:11
ཀློག་གྲངས།:

ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་ནི་རང་ཁུལ་གྱི་ཕུལ་དུ་བྱུང་བའི་མི་རིགས་ཀྱི་རིག་གནས་སྔར་ལས་རྒྱུན་འཛིན་དར་སྤེལ་དང་འགྲེམ་སྟོན་བྱེད་པ་དང་། རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ཟབ་སྔོག་བྱས་ནས། རིག་གནས་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཉམ་དུ། རང་ཁུལ་གྱི་མི་རིགས་རྒྱན་གོས་ཀྱི་ཁེ་ལས་དང་ཇུས་འགོད་མི་སྣ་ལ་གསར་གཏོད་ཇུས་འགོད་དང་ཕན་ཚུན་བརྗེ་རེས་མཐུན་སྦྱོར་བྱེད་པ། ཟོང་རྟགས་གྲགས་ཅན་གྱི་སྣང་བརྙན་འཛུགས་པའི་སྟེགས་བུ་བསྐྲུན་ཆེད་ཡིན་ལ། རང་ཁུལ་གྱི་འགྲན་ཞུགས་པ་རྣམས་ལ་རང་ཉིད་ལས་བརྒལ་ཞིང་ཕུགས་འདུན་མངོན་འགྱུར་བྱེད་པའི་གར་སྟེགས་བསྐྲུན་ཆེད་ཀྱང་ཡིན་པ་རེད། འགྲན་བསྡུར་ལ་ཡུལ་ཁོངས་ཀྱི་ཁྱད་ཆོས་དང་གསར་གཏོད་གསར་སྐྲུན། སྤྱིའི་ཉམས་སྣང་། རྒྱུན་འཛིན་དར་སྤེལ། ཁྲོམ་ར་རྒྱ་སྐྱེད་པ་བཅས་འབུར་དུ་བཏོད་ནས། སྲོལ་རྒྱུན་གྱི་མི་རིགས་རྒྱན་གོས་དང་དེང་རབས་ཀྱི་མཛེས་དཔྱོད་མཉམ་སྡེབ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་། འགྲན་ཞུགས་བརྩམས་ཆོས་ཚང་མ་རང་ཁུལ་གྱི་ཁེ་ལས་སོ་སོའི་ཇུས་འགོད་པའི་བརྩམས་ཆོས་ཤ་སྟག་ཡིན་ལ། གབ་མཚོན་གྱི་བྲོ་བ་དང་གཟུགས་དབྱིབས། སྲོལ་རྒྱུན། གསར་གཏོད། བདེ་ཐང་སོགས་ཀྱི་རྒྱུ་རྐྱེན་མང་དུ་འདུས་ཤིང་། ལག་རྩལ་གྱི་ཁྱད་ཆོས་དང་ལག་རྩལ་གྱི་རྒྱུན་འཛིན། ལག་རྩལ་གྱི་ཆུ་ཚད་སོགས་རིག་གནས་ཀྱི་ཁྱད་ཆོས་ཁྱོན་ཡོངས་ནས་འགྲེམ་སྟོན་བྱས།


འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།