དགེ་བསྙེན་རང་གཟིགས་ཀྱི་ལབ་ཙེ་མཚམས་སྦྱོར་མདོར་བསྡུས།
རྩོམ་པ་པོ།:《མཚོ་ལྷོའི་དམངས་ཁྲོད་ཀྱི་རིག་ག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-01-08 10:07:00
ཀློག་གྲངས།:
དགེ་བསྙེན་རབ་གཟིགས་ནི་འབའ་བསྟོད་ཀྱི་མཐོན་པོ་བཅུ་གསུམ་གྱི་ཡ་གྱལ་ཡིན་ལ། ཨ་མྱེས་རྨ་ཆེན་གྱི་སྲས་ཡིན། འབའ་ཡུལ་གྱི་སེར་སྐྱ་ཕོ་མོའི་བདེ་སྡུག་གི་ཆེད་དུ་ཨ་རིག་དགེ་བཤེས་རིན་པོ་ཆེ་མཆོག་གིས་ད་ལྟའི་ར་རྒྱ་དགོན་པའི་དགོན་ས་བཙལ་ནས་འབའ་གཞུང་ལ་སླེབས་ཏེ་འབའ་མདོ་གཡས་འཁྱིལ་ནས་མཚམས་བཞུགས་ཏེ་ཡུན་རིང་མ་འགོར་ཀྱང་། ཨ་མྱེས་རྨ་རྒྱལ་ཚང་སྐུ་དངོས་སུ་ཁོང་ཉིད་ལ་རྟ་ར་ར་ཞིག་ལ་ཞོན་ནས་ལོ་སར་གྱི་ལེགས་སྐྱེས་འབུལ་དུ་ཡོང་བ་གྲྭ་བ་འགས་ཀྱང་མཐོང་། རྨ་རྒྱལ་ཚང་གིས་ཁོང་ཉིད་ལ་རྨ་ཁ་གཡས་འཁྱིལ་འདི་ནས་དགོན་པ་བཏབ་ན་མ་འོངས་པར་ཆུས་འཇིགས་པ་ཡོང་ངེས་ཡིན་ཞེས་ལུང་བསྟན་ལ། ཁོང་ཉིད་ཀྱིས་ཀྱང་གནས་ཡུལ་གཡས་འཁྱིལ་དེ་ནས་མཚམས་གྲོལ་ཏེ་འབའ་གཞུང་གི་དགེ་བསྙེན་རབ་གཟིགས་ཀྱི་མདུན་དུ་སླེབས་སྐབས། གློ་བུར་དུ་ནམ་མཁའ་ནས་གློག་དམར་འཁྱུག་པ་དང་། བསྟུད་མར་གློག་ཞགས་དང་བཅས་དགེ་བཤེས་རིན་པོ་ཆེ་མཆོག་གི་སྟེང་ལ་ཐོག་གསུམ་འཕངས། དེ་ནི་དགེ་བསྙེན་རབ་གཟིགས་ནག་ཕྱོགས་ཀྱི་འཆང་རྒྱ་ལས་གྲོལ་མེད་པས་དགེ་བཤེས་རིན་པོ་ཆེ་མཆོག་གི་ལྷག་བསམ་དཀར་བའི་འགྲོ་དོན་ལ་བར་ཆད་བཟོས་ནས་ཐོག་དེ་འདྲ་འཕངས་པ་ཡིན་མོད། འཕངས་པའི་ཐོག་དེ་དག་དགེ་བཤེས་རིན་པོ་ཆེ་མཆོག་གི་གྲུབ་རྟགས་ཀྱིས་དབང་གིས་ཁོང་ཉིད་ཀྱི་གཟན་ཁུག་ལ་བླངས་རྗེས་ཞི་བའི་ངང་དགེ་བསྙེན་རབ་གཟིགས་དམ་ལ་བཏགས་ནས་དཀར་ཕྱོགས་ཀྱི་ལས་ལ་བསྒྱུར་ཏེ་ས་དེའི་སྐྱེས་ལྷར་བཀོད་ནས་རྒྱུན་དུ་ཡུལ་དེའི་མི་ཕྱུགས་ཆུས་ཁུར་མྱོང་བའི་རབ་ཁ་དེ་ལ་བསྟད་དེ་མཚན་ལའང་དགེ་བསྙེན་རབ་གཟིགས་སུ་བཏགས་པ་དང་། བསང་མཆོད་ས་གཞི་བྱིན་ཆགས་མ་ཞེས་པ་ཞིག་ཀྱང་གསུངས་ཡོད་དོ།།
རྗེས་སུ་སྤྱི་ལོ1944ལོར་ཀ་རིང་མགོན་པོའི་རིང་ལ་འབའ་མདོ་དང་ཝ་དཀར་གོང་ཞོལ་གསུམ་གྱི་རྒན་པོ་རྣམས་གྲོས་བྱས་ནས་སྡེ་བ་གསུམ་པོས་ལབ་ཙེ་བསྟད་དེ་མཆོད་ཅིང་བཀུར་བཞིན་ཡོད་དོ།། སྤྱི་ལོ1960ལོའི་གསར་བརྗེའིི་སྐབས་སུ་ལབ་ཙེ་ཉམས་དམས་སུ་སོང་ལ། ལྷག་པར་དུ་སྤྱི་ལོ1966ལོར་རྨང་ནས་བཤིག སྤྱི་ལོ1982ལོར་ཨ་ལགས་སྨད་སོག་ཚང་གིས་གནས་འདི་ནས་བསྒྲུབ་པ་ཉམས་ལེན་བྱེད་སྐབས་ཁོང་གི་ཐུགས་བཀོད་ལྟར་སྡེ་བ་གསུམ་པོ་བསམ་པ་གཅིག་མཐུན་གྱིས་སྐྱེས་ལྷ་དགེ་བསྙེན་རབ་གཟིགས་ཀྱི་ལབ་ཙེ་སླར་ཡང་བསྟད་དེ་ཨ་ལགས་སྨད་སོག་གིས་རབ་གནས་མཛད་པ་དང་ད་ལྟའི་བར་སྡེ་བ་གསུམ་པོས་མཆོད་ཅིང་བསྟོད་པ་བཞིན་ཡོད་དོ།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།