འཚོ་བའི་འཛེམ་བྱའི་སྐོར།

རྩོམ་པ་པོ།:fxo ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། དུས་ཚོད།:2010-01-19 09:09:02 ཀློག་གྲངས།:

  བོད་ཀྱི་བཟའ་བཏུང་གཙོ་བོ་ཤ་ཁྲག་ཚིལ་ཏེ་དམར་གསུམ་དང་། ཞོ་འོ་མར་ཏེ་དཀར་གསུམ་གྱི་རིགས་པ་ཡིན་ལ། རྩམ་པ་ནི་ནམ་ཡང་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་ཟས་རིགས་གལ་ཆེན་ཞིག་ཡིན། ས་ཁུལ་མང་ཆེ་ཤོས་སུ་རྟ་བོང་སོགས་རྨིག་པ་སྒོར་མོ་ཅན་དང་འདབ་ཆགས་སྡེར་མོ་ཅན་སོགས་ཀྱི་ཤ་མི་ཟ་བ་དང་། ཀ་ར་དང་ཤིང་ཏོག་མངར་མོའི་རིགས་རྣམས་ཞོར་ཟས་སུ་བྱེད། མགྲོན་པོ་བསུ་བ་དང་དགའ་སྟོན་ལ་རོལ་བའི་སྐབས་སུ་ནས་ཆང་བཏེགས་ནས་འགྲུལ་ངོ་ལེན་པ་དང་མི་སྣ་གལ་ཆེ་བའི་རིགས་ལ་ཁ་བཏགས་ཕུལ་ཏེ་སྣེ་ལེན་དང་འཚམས་འདྲི་སོགས་བྱེད། ཁྱིམ་གྲལ་དུ་འཁོད་པའི་ཚེ་ལོ་ན་རྒན་རིམ་ལྟར་སྒྲིག་པ་དང་། ཐོག་མར་རྒན་གྲས་ལ་ཇ་ཆང་འདྲེན་པ་དང་། དེང་ཀྱང་ཆང་སོགས་སྤྱོད་མི་འདོད་ནའང་དཀར་ཡོལ་ལག་ཏུ་བླངས་ནས་རྟེན་འབྲེལ་གསུམ་པ་ཞེས་མཆོད་ཁ་གསུམ་རེ་འཕེན་པ་དང་། གཞོན་གྲས་ལ་ཆང་སོགས་བག་མེད་དུ་འཐུང་དུ་མི་འཇུག ཟས་རིགས་འདྲེན་མཁན་གཙོ་བོ་བུད་མེད་རྣམས་ཡིན་པ་དང་། ཁོ་ཚོར་ཡང་ཡབ་མེས་ནས་བརྒྱུད་པའི་གུས་ལུགས་སོགས་ཡོད་པས། ལག་པ་ཡ་གཅིག་གིས་ཟས་འདྲེན་པ་དང་ལྷག་པར་དུ་གཡོན་ལག་གིས་འདྲེན་པ་སོགས་ཀྱི་སྲོལ་གཏན་ནས་མེད་ལ། ཟས་ལ་མཁོ་བའི་གྲི་སོགས་གཏོད་པའི་ཚེ་ནང་གྲི་རྩེ་རང་ཕྱོགས་སུ་བསྟན་ནས་ཕ་རོལ་པོར་སྤྲོད་པ་སོགས་ཞིབ་ཆ་ཤིན་ཏུ་ཆེ་བར་མ་ཟད། སྤྱིར་ཞྭ་གོས་སོགས་ལ་འགོམ་ཡུག་མི་བྱེད་པ་དང་། ནང་སྒོས་སུ་ལྷ་ཆས་མཆོད་ཆས་ཀྱི་རིགས་དང་ཞྭ་མོ་དང་སྟོད་གོས་སོགས་མཐོ་སར་འཇོག་པ་ཡིན།

  བླ་སྤྲུལ་སོགས་སྐྱེས་ཆེན་དམ་པ་རྣམས་མཇལ་དུས། མི་སྐྱ་ཡིན་ན་ཞྭ་ཕུད་པ་དང་། ལྭ་གོས་ཀྱི་ཕུ་ཐུང་གཡས་རྒྱམ་ནས་ཕྲག་པའི་མདུན་ཕྱོགས་སུ་འགེལ་བ་དང་། ལག་པ་གཉིས་ཀྱིས་འདུད་པའི་ཕྱག་རྒྱ་བྱེད་པ། ལུས་ཀྱང་འདུད་པའི་རྣམ་པ་སྟེ་མཇལ་ཡུལ་གྱི་ཕྱོགས་སུ་ཅུང་ཟད་སྒུར་བའི་ཚུལ་དུ་གནས་པ། ངག་དལ་ཞིང་འཇམ་པོར་སྨྲ་བ་བཅས་བྱེད་དགོས། ཕ་མ་དང་བུ་རྒྱུད། མིང་པོ་དང་སྲིང་མོ་འཛོམས་སར་ཕོ་མོའི་འདོད་གཞས་ལེན་པ་དང་། འདོད་རྩེད་བྱེད་པ། ཁ་བཙོག་བཤད་པ་སོགས་ལ་ཤིན་ཏུ་འཛེམས། 

                         


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།