༄༅། །ཚོན་མ་དང་སྔོ་ཚོད་སོགས་ཀྱི་སྐོར།
རྩོམ་པ་པོ།:བོང་སྟག་པ་ཕུན་ཚོགས
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-05-26 09:55:11
ཀློག་གྲངས།:
ཤ་ཐུམ་མམ་ཨ་མདོའི་འབྲོག་སྐད་དུ་ཚོན་མ་ལྷ་སའི་སྐད་དུ་ཤ་མོག་མོག་ཅེས་པ་དེ་ལ་རིགས་མང་སྟེ་ཤའི་ཚོན་མ་དང༌། ཚིལ་གྱི་ཚོན་མ། ཀེའུ་ཚོན། ལ་ཕུག་ཚོན་མ། ཀ་རའི་ཚོན་མ། སྟར་ཀའི་ཚོན་མ། ཟྭ་ཆིག་ཚོན་མ་སོགས་ཡོད་ལ། ཤའི་ཚོན་མ་བཅའ་ཐབས་ནི་ལུག་ཤའམ་ནོར་ཤ་སོགས་རུས་དང་རྒྱུས་མེད་པའི་ཤ་སྣག་ཞིབ་འཐག་བྱས་པའི་ནང་དུ་ཚིལ་ཉུང་ཙམ་ཞིབ་འཐག་བྱས་རྗེས་བཟའ་ཚྭ་དང་གཡེར་མའམ་སྒོག་སྔོན་སོགས་འོས་འཚམ་བཏབ་སྟེ་ལེགས་པོར་དཀྲུགས་རྗེས་ཚན་པ་ཆུང་ངུར་བཅད་དེ་ཕྱེ་ལེབ་སྲབ་བུའི་ཁུག་ཏུ་བཏུམས་ནས་རླངས་བཙོའམ་ཆུ་བཙོ། ཡང་ན་མེར་བསྲེག་བྱས་ནས་བཟའ་བ་ཞིག་ཡིན། ཤའི་ཚོན་མའི་དྲི་ཞིམ་ལ་རླུང་ཚད་སེལ་ཞིང་གཉིད་འཕེལ།
སྒོག་པ་ཀེའུའི་ཚོན་མ་ནི་ཐོག་མར་ཀེའུ་ཆུ་ནང་དུ་གཙང་མར་བཀྲུས་ནས་ཅུང་ཟད་ཞིབ་འཐག་བྱས་ཏེ། བཟའ་ཚྭ་སོགས་བྲོ་སྨན་བཏབ་སྟེ་རླངས་བཙོའམ་ཆུ་བཙོ་བྱེད་པའི་ཟས་ཤིག་ཡིན་ལ་དྲི་ཆེ་ཞིང་རླུང་སེལ་བ་དང་གཉིད་འཕེལ།
ལ་ཕུག་ཚོན་མ་ནི་ཐོག་མར་ལ་ཕུག་ཆུ་ནང་བཀྲུས་ཏེ་སླ་ངའི་ནང་ཡུད་ཙམ་བཙོས་རྗེས་བླངས་ནས། ཞིབ་གཙབ་བྱས་ཐོག་ཤ་ཉུང་ཙམ་བསྲེས་ཏེ་ཕྱེ་ལེབ་སྲབ་བུའི་ཁུད་བཏུམས་རྗེས་རླངས་བཙོའམ་ཆུ་བཙོ་བྱེད་པའི་ཟས་ཤིག་ཡིན་ལ་དྲི་ཞིམ་ཞིང་ཟས་འཇུ། གཞན་མར་གྱི་ཚོན་མ། དཀར་ཡོལ་ཚོན་མ། ཤ་པ་ལི་(ཤ་བག་ལེབ་)ཞེས་པ་སོགས་ཀྱང་ཡོད།
སྔོ་ཚོད་ཀྱི་སྐོར།
བོད་མིས་བཟའ་བའི་སྔོ་ཚོད་ལ་དེང་སྐབས་སྤྱིར་བཏང་དུ་བཟའ་བའི་སྔོ་ཚོད་ལས་ད་དུང་རི་སྐྱེས་ཀྱི་སྔོ་ཚོད་ཀྱི་རིགས་དང་ཤོད་དུ་སྐྱེས་པའི་སྔོ་ཚོད་རིགས་མང་སྟེ། རི་སྐྱེས་སྔོ་ཚོད་རིགས་ལ་སེར་ཤ་དང༌། དབྱར་རྩྭ་དགུན་འབུ། ཤ་མོ། དཀར་འབུ། ཟྭ་ཚོད། སྐྱུར་བུ་ལེབ་མོ་སོགས་དང། རི་ཤོད་དུ་སྐྱེས་པའི་སྔོ་ཚོད་རིགས་ལ་ཨ་ཡས་ལག་པ་དང༌། སྣེའུ་ཚོད། འབྲུག་མོ་སྐྲ་ཤད། ཨ་ལོ་རྒྱུ་ལོ། བ་ལུ་གྲོད་པུ་སོགས་ཡོད།
སིལ་ཏོག་གི་སྐོར།
བོད་མིས་བཟའ་བའི་སིལ་ཏོག་གི་རིགས་ཧ་ཅང་མང་ཞིང་གཙོ་བོ་ནི་མཚོ་ངོས་ལས་མཐོ་ཚད་རྨིད་སུམ་སྟོང་ཡན་ཆད་དུ་སྐྱེས་པའི་རི་སྐྱེས་སིལ་རིགས་ཡིན་པ་སྟེ། འབྲུ་སིལ་དང་འབྲོང་སིལ། ཐང་སིལ། སིལ་དམར། སིལ་ནག སིལ་སྒྲོ་བ། དྲེད་མོ་སིལ་དཀར། རྨིད་སུམ་སྟོང་མན་དུ་སྐྱེས་པའི་སིལ་རིགས་ལ། སིལ་བོང་རྣ། སིལ་འདེགས་ཀ སིལ་བོང་ནུ། ཕོ་རོག་གམ་ཁྭ་ཏའི་སིལ་ཏོག གླ་སྟར། མངར་ཁམ། བིམ་པ། ཀུ་ཤུ ཚེའུ། ཆང་བ་ལི། སྟར་ག རྒྱ་ཤུག རྒུན་འབྲུམ། ཀྭ་འབྲུ་སོགས་ཤིན་ཏུ་མང་ངོ༌། །
འོ་ཞོའི་སྐོར།
ཞོ་ནི་འོ་མར་སྐྱུར་རྩི་བརྒྱབ་ནས་བསྙལ་བའི་བཏུང་བྱ་ནུར་མོ་ཞིག་ཡིན་ཞིང༌། རིགས་ལ་འབྲི་ཞོ་དང་ར་ཞོ། བ་མོའི་ཞོ་སོགས་ཡོད་ལ་འོ་མ་མི་གཅིག་པའི་ཞོ་ལ་བཟོ་བའི་ཐབས་ཀྱང་མི་འདྲ་བས་མངར་ཞོ་དང་རློན་ཞོ། ཞོ་སྐྱ་སོགས་ཡོད་ཅིང༌། ཞོ་ཡི་ནུས་པས་ཟས་འཇུ་ཞིང་གཉིད་འཕེལ། བོད་མིས་ཞོ་འཐུང་རྗེས་ཇ་མི་བཏུང་བའི་སྲོལ་ཡོད་པས་གཏམ་དཔེར་ཡང༌། ཞོ་འཐུང་རྗེས་ཀྱི་ཇ་འཐུང་སློག་ཧྲུལ་ཁྱིས་གསེད་འདྲ། ཞོ་འཐུང་རྗེས་ཀྱི་དུ་འཐེན་གངས་རི་སྨུག་པས་བཟུང་འདྲ་ཞེས་ཟེར་ཞིང༌། འོ་མ་ལའང་འབྲི་འོ་དང་མཛོ་མོའི་འོ་མ། ར་མའི་འོ་མ། མ་མོའི་འོ་མ། བ་མོའི་འོ་མ་སོགས་ཡོད་ལ་འོ་མའི་ནུས་པས་ལུས་ཟུངས་གསོ་ཞིང་ས་བོན་འཕེལ། བད་ཀན་དང་རླུང་མཁྲིས་སེལ།
ཇ་ཆང་སོགས་བཏུང་བའི་སྐོར།
བོད་མིའི་བཏུང་བྱའི་ཇ་ནི་གཙོ་བོ་ཇ་ནག་དང་ཟུང་ཇ་ཡིན་ལ་བཏུང་བྱ་བཟོ་བའི་ཐབས་ཤིན་ཏུ་མང་སྟེ། ཇ་ནག་དཀྲུག་དང་ཇ་དཀར་ཁུའམ་འོ་ཇ། དཀྲུག་ཇ། མངར་ཇ། ཇ་འདན། ཐབ་ཇ་སོགས་ཡོད་དེ་ཇ་ནག་དཀྲུག་བསྐོལ་ཐབས་ནི་ཇ་ནག་གམ་ཟུང་ཇ་འོས་འཚམ་ཞིག་ཆུ་ནང་བཏབ་སྟེ་ཁོག་ལྟིར་གྱི་ནང་དུ་གདུས་ནས་ཇ་ཁུའི་མདོག་དམར་སྨུག་ཡོད་དུས་བཏུང་ཆོག ཇ་ནག་དཀྲུག་འཐུང་ན་ཟས་འཇུ་བ་ཡིན། ཇ་དཀར་ཁུའམ་འོ་ཇ་བསྐོལ་ཐབས་ནི་ཇ་ནག་དཀྲུག་ནང་འོ་མ་བླུགས་ནས་བཏུང་བ་ཞིག་ཡིན་ལ་མངར་ཆེ་ཞིང་ལུས་སྟོབས་གསོ། དཀྲུག་ཇའི་བསྐོལ་ཐབས་ནི་ཁོག་ལྟིར་རམ་མདོང་མོའི་ནང་དུ་ཇ་ཁུ་དང་མར། བཟའ་ཚྭ་གསུམ་བླུགས་ནས་ཡང་ཡང་བསྲུབས་ཏེ་བཏུང་བ་ཞིག་ཡིན། ཇ་དམར་གདུས་པའི་ནང་དུ་ཀ་ར་དང་འོ་ཕྱེ་འདེབས་པའི་ཇ་མངར་མོ་ཞིག་ཀྱང་ཡོད། ཇ་འདན་བསྐོལ་ཐབས་ནི་སྣོད་ཀྱི་ནང་དུ་མར་བཞུས་པའི་ཁར་རྩམ་ཕྱེ་དང༌། ཚྭ་ཅུང་ཙམ་བཏབ་པའི་སྟེང་ཇ་བླུགས་ཏེ་ཡུད་ཙམ་འཁོལ་ཤུལ་དུ་བཅུག་པའི་བཏུང་བྱ་ཞིག་ཡིན། ཕབ་ཇ་ནི་ཆུ་འཁོལ་དཀར་ཡོལ་ནང་དུ་བླུགས་པའི་ཁར་ཇ་ཞིབ་བཏབ་ནས་ཡུད་ཙམ་བཞག་སྟེ་ཇ་ཁུ་བབ་ཚེ་བཏུང་བ་ཞིག་ཡིན། ཆང་ལའང་ནས་ཆང་དང་འབྲས་ཆང༌། རྒུན་འབྲུམ་ཆང༌། ཆང་སེར། སྨན་ཆང་སོགས་ཡོད།
ཐུག་པའི་སྐོར།
བོད་མིའི་བཞེས་ཐུག་ལ་རྩམ་ཕྱེ་བཏབ་ནས་བསྐོལ་བའི་རྩམ་ཐུག་དང༌། བུལ་ཏོག་གི་ཆུར་བརྫིས་པའི་གྲོ་ཟན་གྱི་བོད་ཐུག ནས་རིལ་གྱིས་བསྐོལ་བའི་ནས་ཆན་དང་ནས་ཧྲོབ་ཙམ་བརྡུངས་ནས་གདུས་པའི་ནས་ཐུག གྲོ་རིལ་གྱིས་བསྐོལ་བའི་གྲོ་ཆན་དང༌། གྲོ་ཧྲོབ་ཙམ་བརྡུངས་ནས་གདུས་པའི་གྲོ་ཐུག ཤ་ཁུ་གདུས་པའི་ཀྲུམ་ཐུག ཨམ་ཐུག་གམ་འཐེན་ཐུག་སོགས་མང་པོ་ཡོད།
བྲོ་སྨན་གྱི་སྐོར།
བོད་ཀྱི་བྲོ་སྨན་ལ་བོད་རང་གི་ཡུལ་དུ་ཐོན་པ་ནི་གཙོ་བོ་གཡེར་མ་དང༌། བཟའ་ཚྭ། ཕོ་རིལ། ཀ་ཀོ་ལ། གོ་སྙོད། ལྒ་སྨུག ལྒ་སེར། འབྲོང་སྒོག རི་སྒོག་གམ་ར་སྒོག སྒོག་སྔོན། སྒོག་པ་ཆིག་སྐྱེས་སམ་སྒོག་པ་ཅ་རིལ་བཅས་སོ། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།