ཐུད་དང་ཉོག
ཐུད་ནི་མར་དང་འཕྱུར་བ། ཕྱེ་སོགས་གཡོས་པའི་ཟས་ཤིག་ཡིན་ཞིང༌། རིགས་མང་སྟེ་གཙོ་བོ་ནི་ཕྱེ་ཐུད་དང་ཐུད་གདར་མ། ཐུད་ཚོ་པོ་སོགས་ཡོད། ཕྱེ་ཐུད་ནི་ཕྱེ་བརྫིས་ནས་ལེབ་ལེབ་བཟོས་ཏེ་བུ་ག་འགའ་བརྟོལ་རྗེས་ཆུ་འཁོལ་ནང་བཙོས་ནས་བླངས་ཏེ་དཀར་ཡོལ་ནང་མར་དང་ཕྱུར་བ། བཟའ་ཚྭ་སོགས་མཉམ་དུ་བརྫིས་ནས་བཟའ་བ་ཞིག་ཡིན། ཐུད་གདར་མ་ནི་མར་དང་ཕྱུར་བ། ཚྭ་སོགས་མཉམ་དུ་གཡོས་བའི་ཐུད་གྲུ་བཞི་མ་ཞིག་ཡིན། བོད་ཀྱི་གཉེན་སྟོན་སྐབས་སུ་བཀོལ་བ་མང༌། ཐུད་ཚོ་པོ་ནི་མར་དང་ཕྱུར་བ། རྒུན་འབྲུམ། གྲོ་མ། སྟར་སྙིང༌། ཀ་ར་དཀར་བོའམ་བུ་རམ་སོགས་མངར་ཆས་མང་པོ་དང་ཕྱེ་གཡོས་བའི་ཐུད་ཅིག་ཡིན་ལ་ཐུད་ཀྱི་མཆོག་ཀྱང་ཡིན།
ཉོག་ལའང་རིགས་མང་སྟེ་ཕྱེ་ཉོག་དང༌། སྲན་ཉོག འོ་ཉོག བྲ་ཕྱེའི་ཉོག དར་བའི་ཉོག ཞོག་ཁོག་ཉོག་སོགས་ཡོད་དེ་ཕྱེ་ཉོག་ནི་ཆུ་ཁོལ་ནང་ཕྱེ་དང་མར། ཕྱུར་བ། ཚྭ་བཏབ་ནས་གཡོས་བ་ཞིག་ཡིན་ལ་བྲོ་བ་ཞིམ་ པ་མ་ཟད་རྒྱུ་ཚད་དང་ཁོག་པ་འཁྲུ་བར་ཕན།
གྲོ་འབྲས་ནི་ཐོག་མར་ཆུ་འཁོལ་ནང་གྲོ་མ་བཙོས་ཏེ་བླངས། འབྲས་རླངས་བཙོ་བྱས་རྗེས་གྲོ་མ་དང་མར་ཁུ། བུ་རམ། རྒུན་འབྲུམ། སྟར་སྙིང་སོགས་བསྲེས་ནས་བཟའ་བ་ཞིག་ཡིན་ཞིང་རོ་མངར་ལ་ཚ་འཁྲུ་གཅོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com