ཞུན།

རྩོམ་པ་པོ།:fehb ཡོང་ཁུངས།:བོད་ཀྱི་དྲ་བ། དུས་ཚོད།:2008-04-03 17:49:11 ཀློག་གྲངས།:

 

   མར་ཞུན་ལ་གྲོ་མའི་ཞུན་དང་ཕྱུར་བའི་ཞུན་རིགས་གཉིས་ཡོད་དེ།  གྲོ་ཞུན་ནི་ཐོག་མར་གྲོ་མ་བརྔོས་ནས་ཞིབ་བཏགས་བྱས་ཏེ་བུ་རམ་རམ་ཀ་ར་ནག་པོ་བསྲེས་ཐོག་མར་ཁུ་བྮུགས་ནས་དཀྲུགས་རྗེས་སྡེར་མའམ་དཀར་ཡོལ་ནང་བཞག་སྟེ་གོང་བུ་ཆགས་རྗེས་བཟའ་བ་ཞིག་ཡིན་ལ།  རླུང་ནད་འཇོམས་པ་དང་ཚེ་རིང་པོ་ཡོང་ཞིང་ལུས་སྟོབས་ཉམས་པ་གསོ་བའི་ཟས་མཆོག་ཤིག་ཡིན་ནོ།།

   ཕྱུར་ཞུན་ནི་ཐོག་མར་ཕྱུར་བ་ཞིབ་བུ་བྱས་རྗེས་སྦངས་ནས་སྙི་མོར་གྱུར་དུས་མར་ཁུ་བླུགས་ཏེ་དཀྲུགས་ནས་གོང་བུ་ཆགས་རྗེས་བཟའ་བ་ཞིག་ཡིན་ལ།  རོ་མངར་ཞིང་སྦྲི་དཀར་གྱི་རིགས་མང་བས་ལུས་ཁམས་ལ་ཤིན་ཏུ་ཕན་པའི་ཟས་རིགས་ཤིག་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།