ཡིག་མགོ་འབྲི་སྲོལ།

རྩོམ་པ་པོ།:ས་གོང་དབང་འདུས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2007-12-11 10:23:32 ཀློག་གྲངས།:

  བོད་ཡིག་ལ་མི་རིགས་གཞན་གྱི་ཡིག་རིགས་དང་འདྲ་བའི་ཡིག་མགོ་ཐོད་པ་ཞིག་འབྲི་སྲོལ་ཡོད།  དེ་ནི་བོད་ཡིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན།  བོད་ཡིག་ལ་ཡིག་མགོ་འབྲི་བའི་དགོས་པ་གང་ཡིན་མིན་ཐད་ཡིག་རིགས་མཇལ་སྐལ་མ་བྱུང་།  འོན་ཀྱང་མཁས་དབང་འགའ་ཤས་ལ་བཅར་འདྲི་ཞུས་པ་དང་སྦྲགས་ལྷན་ཏུ་ཞིབ་དཔྱད་བྱས་པ་ལྟར་ན་འདི་ལྟ་སྟེ།  ཡིག་མགོ་འབྲི་བའི་དགོས་པ་ནི་གཙོ་བོ་རྟེན་འབྲེལ་མཚོན་བྱེད་རང་ཡིན་པ་གཏན་འཁེལ་ནས་བཤད་ཆོག་པ་ཡིན།  གང་ལགས་ཤེ་ན།  བོད་མིས་བྱ་དངོས་གང་ཞིག་ལའང་མགོ་མཇུག་བརྩི་བ་དང་རྟེན་འབྲེལ་མཚོན་པར་དྭངས་ཞེན་ཆེན་པོ་བྱེད་སྲོལ་ཡོད་ཅིང་།  ཡིག་མགོའི་བཟོ་དབྱིབས་ལ་ཞིབ་པར་དཔྱད་ན་དེ་ནི་ཉི་ཟླའི་དབྱིབས་ཡིན་པ་མཐོང་ཐུབ།  ཡིག་མགོ་འབྲི་སྲོལ་གང་ཞིག་ཡིན་ཀྱང་ཉིས་རྩེག་ཡིན་པ་དེའི་ཐོག་ནས་ཀྱང་ཡིག་མགོའི་བཟོ་དབྱིབས་ནི་ཉི་ཟླ་ཡིན་པ་ཅུང་གསལ་བོར་རྟོགས་ཐུབ།  བོད་མིའི་བསམ་པའི་ནང་ཉི་ཟླ་ནི་ནམ་ཡང་མི་འགྱུར་བའི་རྟགས་ཤིག་ཡིན་ཞིང་།  བོད་ཡིག་འདི་ཉི་ཟླ་ལྟ་བུར་ཇི་སྲིད་བར་མི་ནུབ་པར་གནས་པའི་རྟེན་འབྲེལ་མཚོན་བྱེད་དུ་ཡིག་མགོ་འབྲི་སྲོལ་དེ་ཆགས་པ་ཡིན་ཞེས་བཤད་ཆོག  ལྷག་དོན་སྤྱིར་བཏང་གི་ཡིག་རིགས་ཚང་མར་ཡིག་མགོ་འབྲི་དགོས་ངེས་ཡིན་རུང་ཚེ་ལས་འདས་པའི་དམ་པའི་རྗེས་འཇུག་གི་ཞལ་འདེབས་ཡིག་རིགས་ཀྱི་ཁ་བྱང་ལྟ་བུའི་ཡིག་རིགས་ལ་ཡིག་མགོ་ཡེནས་འབྲི་སྲོལ་མེད་པ་ལས་ཀྱང་དེ་དོན་མདོ་ཙམ་རྟོགས་ཐུབ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།