ཕུང་པོ་དུར་འཇུག

རྩོམ་པ་པོ།:ས་གོང་དབང་འདུས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2007-12-09 14:30:10 ཀློག་གྲངས།:

  བོད་མིར་གདུང་བཞེངས་ཞུགས་འབུལ་དང་ཆུ་བསྐྱུར་ས་སྦས།  དེ་བཞིན་བྱ་གཏོར་ལ་སོགས་ཕུང་པོ་དུར་འཇུག་བྱེད་སྟངས་རིགས་མི་འདྲ་བ་ལྔ་ཙམ་ཡོད་ནའང་།  འདིར་སྔོན་ལ་གོང་མ་ཁག་བཞི་ངོ་སྤྲོད་མདོ་ཙམ་ཞུ་ན།  དེ་ཡང་དང་པོ་གདུང་རྟེན་ཞེས་པ་ཏྰ་ལའི་བླ་མ་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་དང་།  དེ་བཞིན་བླ་སྤྲུལ་ཆེ་ཁག་རྣམས་སྐུ་ཞིང་ལ་གཤེགས་ཚེ།  གང་གི་སྐུ་ཕུང་ལ་སྨན་སྦྱོར་དང་དར་གྱིས་བཏུམས་ཏེ།  གསེར་དངུལ་ལས་གྲུབ་པའི་མཆོད་རྟེན་བཞེངས་ནས།  དེའི་ནང་ཞུགས་སུ་གསོལ་ཏེ་མི་རྣམས་ཀྱི་དད་པའི་རྟེན་ལ་འཇོག་པ་རེད།  དེ་མིན་བླ་སྤྲུལ་དང་མི་དྲག་ཆེ་རིགས་འགའ་ཚེ་ལས་འདས་ཚེ།  སྐུ་ཕུང་མེར་བསྲེགས་ནས་ཞུགས་འབུལ་བྱེད་པ་ཡང་ཡོད།  དེ་བྱིངས་མང་ཆེ་བ་བྱ་གཏོར་གྱི་ཆ་རྐྱེན་མ་འཛོམས་ན་གཙང་ཆུར་བསྐྱུར་ནས་ཉར་སྦྱིན་གྱི་ཡོད།  མི་བསད་རྟ་འཁྱེར་ལྟ་བུའི་ཁྲིམས་འགལ་ཉེས་ཅན་དང་འགོས་ནད་ཀྱིས་འཆི་བའི་ཕུང་པོ་རྣམས་ས་སྦས་གཏོང་གི་ཡོད།  དེ་ནི་དུར་འཇུག་ཀུན་གྱི་མཐའ་མའམ་སྡུག་ཤོས་ལ་བརྩི་སྲོལ་ཡོད།  གཞན་ཡང་བྱིས་པ་ཆུང་ཆུང་དག་གི་སྐུ་ཕུང་ནི་རྫ་སྣོད་དམར་པོའི་ནང་བཅུག་ནས་བྲག་སྲུབ་དང་རྫ་རིར་སྦས་ཀྱི་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།