ཆུ་ཕུད་ལེན་པའི་སྲོལ།
བོད་མིར་ལོ་གསར་ཚེས་གཅིག་གི་ཞོགས་པ་ངེས་པར་དུ་ཆུ་ཕུད་ལེན་པའི་སྲོལ་ཞིག་ཡོད། དེ་ཡང་ཞོགས་པ་བྱ་སྐད་དང་པོ་གྲགས་པ་ཙམ་ལ། ཁྱིམ་ཚང་གཞན་གྱི་སྔོན་ལ་ཆུ་ཕུད་ཐོབ་པའི་ཆེད། བུད་མེད་གཙོ་བདག་གཅིག་གིས་རྒྱབ་ཏུ་ཆུ་བན་དང་ལག་ཏུ་ཆང་ཕུད་ཕྱེ་མར་བསང་དང་བཅས་པ་ཁུར་ནས། ཆུ་ཕུད་ལེན་པར་འགྲོ་གི་ཡོད། དེ་ནས་ཆུ་ལེན་སར་འབྱོར་རྗེས། ཐོག་མར་ཆུའི་ལྷ་མོ་གསོལ་བ། ཞེས་བསང་བཏང་ནས་ཇ་ཕུད་ཆང་ཕུད་འབུལ་བ་དང་སྦྲགས་སྨོན་ལམ་འདེབས་པ་དང་། དེ་ནས་ཆུ་ཕུད་བླངས་ཏེ་ཕྱིར་ལྟས་སོགས་གང་ཡང་མེད་པར་ཐད་ཀར་རང་ཁྱིམ་དུ་ལོག་པ་དང་། ཤོད་སྲོལ་ལ་ཕྱིར་བལྟས་ན། ལོ་གསར་པའི་ཆུ་ཕུད་ཀྱི“གཡང”ཕྱི་ལ་ཤོར་གྱི་ཡོད་སྐད་འདུག དེ་ནས་ནང་དུ་འབྱོར་བའི་རྗེས། སྔོན་ལ་ཆུ་དེ་ནས་ཡོན་ཆབ་འབུལ་བ་དང་། དེ་ནས་འཕྲོས་རྣམས་ཆུ་ཟངས་ནང་བཤུག་སྟེ་ཕུད་ཀྱི་དང་པོར་བརྩི་བ་མ་ཟད། ཆུ་ཕུད་དེར་ཆང་སྐོལ་བསྐོལ་ནས་ཁྱིམ་མི་ཚང་མར་སྒྲོན་ཏེ། ལོ་གསར་དངོས་སུ་འགོ་ཚུགས་པའི་རྟེན་འབྲེལ་མཚོན་པར་བྱེད་ཀྱི་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com