བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་གྱི་ཆོས་རྗེ་ཀླུ་མཁར།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-06-13 10:36:00
ཀློག་གྲངས།:
ཆོས་རྗེ་ཀླུ་མཁར་དུ་གྲགས་པའི་ཀླུའི་རྟེན་མཁར་འདི་ནི། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ30ཡི་མཚམས་ཀྱི་ཆོས་རྗེ་ན་མགོ་ཟེར་ས་དེ་ན་ཡོད་ཅིང་། འདིའི་ཤར་ཕྱོགས་ནི་མགོན་པོ་བྲག་ནག་དང་ཁྱུང་སེང་སྡེ་བའི་སྔགས་ཁང་། བ་ཡན་བུ་ལག་བཅས་དང་། ལྷོ་ཕྱོགས་ནི་སྨན་འབྲོང་ཁྱུང་རྫ། ནུབ་ཕྱོགས་ནི་སེང་གེ་རབ་བརྟན་དང་བཀྲ་ཤིས་ལྷ་སྒང་། བྱང་ཕྱོགས་ནི་བཀྲ་ཤིས་འོད་དཀར་སྒང་དང་ཆོས་རྗེ་འབྲུ་དེའུ་བཅས་དང་འབྲེལ་ཡོད།
དེ་ཡང་ཡུལ་འདི་གའི་རྒན་རབས་པའི་ངག་སྒྲོས་ལྟར་ན། སྔོན་དུས་གྲུབ་པའི་དབང་ཕྱུག་ཆོས་རྗེ་པྲ་སྒོམ་པ་ཆོས་ཀྱི་རྡོ་རྗེ་མཆོག་ད་ལྟའི་ཐང་སྐར་མ་གྲོང་རྡལ་ཆགས་ཡོད་སའི་ས་ཁུལ་དང་། ཆོས་རྗེ་སྡེ་བ། ཁྱུང་སེང་སྡེ་བ། ཁྱད་པར་དུ་ཆོས་རྗེ་ན་མགོ་རུ་ཕེབས་ཏེ་གནས་དེའི་ཀླུ་གདོལ་བ་ནག་པོར་བཀའ་བསྒོས་དམ་བཞག་མཛད་པར་མ་ཟད། དད་འདུས་མང་ཚོགས་བསྐུལ་ནས་རྡོ་བ་སྐྱེལ་དུ་བཅུག་སྟེ་ཀླུ་དེ་ལ་རྟེན་མཁར་བརྩིགས་པ་དང་ཀུན་ལ་ཆོས་སྦྱིན་རྒྱ་ཆེར་བསྩལ་བས་ན། དེ་ནས་བཟུང་དམ་པ་དེ་ཉིད་ཀྱི་མཚན་ཟུར་དང་འབྲེལ་བའི་ས་མིང་ལ་ཆོས་རྗེ་ཀླུ་མཁར་དང་། ཆོས་རྗེ་ན་མགོ ཆོས་རྗེ་འགག ཆོས་རྗེ་ཆུ། ཆོས་རྗེ་སྐེ། ཆོས་རྗེ་འབྲུ་དེའུ། ཆོས་རྗེ་རྒྱལ་མཁར་ཟེར་ས་སོགས་རིམ་བཞིན་བྱུང་ལ། དུས་ཕྱིས་རྒྱལ་དབང་ལྔ་བ་ཆེན་མོའང་ཆེད་དུ་ཆོས་རྗེ་ན་མགོར་ཕེབས་ཏེ་དུས་འཁོར་དབང་ཆེན་གསུང་མྱོང་བར་མ་ཟད། ཁོང་གིས་ད་དུང་ཐེངས་དེའི་དབང་ལ་ཞུགས་པའི་མང་ཚོགས་ལ། གནས་འདིའི་ཀླུ་གདོལ་བ་ནག་པོའི་རྟེན་མཁར་ཉམས་གསོ་བྱེད་རྒྱུ་ཡིན་པས། མི་རེས་རྡོ་རེ་རེ་ཁྱེར་ལ་ཤོག་ཅེས་པའི་བཀའ་གསུང་ཕེབས་རྗེས། ཚང་མས་ཀླུ་མཁར་བསྐྱར་དུ་རྩིག་བྱེད་ཀྱི་རྡོ་བ་སྐྱེལ་བའི་ལོ་རྒྱུས་ཡོད་ལ། རྒྱལ་དབང་ལྔ་བའི་བཞུགས་ཁྲིའི་རྗེས་ཤུལ་དེང་སང་ཡང་མཇལ་རྒྱུ་ཡོད་ཟེར། ཕྱིས་སུ་པཎ་ཆེན་བློ་བཟང་ཆོས་རྒྱན། དེའི་རྗེས་སུ་ཤར་སྐལ་ལྡན་རྒྱ་མཚོ་རྣམ་པ་གཉིས་ཀྱང་སྔ་ཕྱིར་གནས་འདིར་ཕེབས་ཏེ། ཆོས་རྗེ་ཀླུ་མཁར་ལ་ཀླུ་བསྟོད་ཀྱི་ཆོ་ག་སྤེལ་བ་དང་། ཁྲུས་གསོལ་རབ་གནས་དང་བྱིན་རླབས་བཅས་གནངས་པ་དང་འབྲེལ་ནས། དད་ལྡན་ཀུན་ལ་ཆོས་སྦྱིན་ཡང་མང་དུ་བསྩལ་མྱོང་བར་གྲགས་ཤིང་། 1954ལོར་རེབ་གོང་སྐུ་ཕྱོགས་སྐུ་ཕྲེང་གསུམ་པ་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཚང་ཡང་གནས་འདིར་ཕེབས་ཏེ་དུས་འཁོར་དབང་ཆེན་གསུངས་མྱོང་། སྤྱི་བར་དབོན་ཤོག་ཀ་གསུམ་དང་གཙོ་བོར་སྒོ་མེ་ཆོས་རྗེ་མའི་ཁོངས་གཏོགས་སྡེ་བ་ཁྱུང་སེང་དང་། ཆོས་རྗེ། ཉིན་ཆུ་བཅས་ཀྱི་དད་ལྡན་མང་ཚོགས་ཀྱིས། བསྟན་འགྲོ་སྤྱི་དང་བྱེ་བྲག་གི་ཕན་བདེ་ལ་དམིགས་ནས། ལོ་རེའི་བོད་ཟླ་ལྔ་བའི་ཚེས་དགུའི་ཉིན་ཆོས་རྗེ་ཀླུ་མཁར་བསྟོད་པའི་དཔེ་སྲོལ་དུས་ད་ལྟའི་བར་མ་ཉམས་པར་ཡོད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།