མགོན་པོ་བྲག་ནག་གི་ལབ་ཙེ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-05-31 10:05:00
ཀློག་གྲངས།:
དེ་ཡང་མགོན་པོ་བྲག་ནག་གི་ལབ་ཙེ་འདི་ནི་བྲག་དཀར་རྫོང་གི་དམངས་ཁྲོད་དུ་ལོ་རེའི་ལུགས་རྙིང་གི་ཟླ་ལྔ་བའི་ནང་མི་རྣམས་ལབ་ཙེའི་མདུན་དུ་འཛོམས་ནས། མདའ་མདུང་སོགས་མཚོན་ཆ་སྣ་ཚོགས་ཀྱིས་ལབ་ཙེ་བསྟོད་པ། དར་ལྕོག་བསྒྲེངས་པ། ལྷ་བསང་སོགས་བཏང་ནས། སྤྱིར་ཁམས་གསུམ་སྐྱེ་བོ་མ་གྱུར་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ། ཡང་སྒོས་བོད་ཁ་བ་ཅན་གྱི་ཆོས་སྲིད་ལེགས་ཚོགས་ཡར་རྒྱས་ཡོང་བ་དང་། བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་དག་གི་སྐུ་ཚེ་རྟག་བརྟན་འགྲོ་དོན་འཕེལ་བ། མི་ལ་ན་ཚ་མེད་པ། ཕྱུགས་ལ་གོད་ཁ་མེད་པ། བཏབ་པའི་ལོ་ཏོག་ལེགས་པ། ཚོས་པའི་ཕྱུགས་རིགས་འཕེལ་བ། རྒན་གྱི་ཚེ་ཐག་རིང་བ། གཞོན་པའི་འདབ་ལག་རྒྱས་པ། བཙན་གྱི་རྩེ་མོ་དགུང་ལ་མཉམ་པ། གྲགས་པའི་སྙན་པ་ཕྱོགས་བཅུར་ཁྱབ་པ་སོགས་རང་རང་གི་སྐབས་སུ་བབ་པའི་དོན་དག་གང་ཡོད་ཡུལ་ལྷ་གཞི་བདག་སོགས་ལྷ་ཀླུ་གཉན་གསུམ་ལ་འཕྲིན་ལས་བཅོལ་བའི་སྲོལ་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།