རྨ་ལྷོ་ཁུལ་གྱི་སྐབས་དང་པོའི་བོད་འགྱིག་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ།
རྨ་ལྷོ་ཁུལ་གྱི་སྐབས་དང་པོའི་བོད་འགྱིག་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ།
བོད་འགྱིག་རིག་གནས།
མཉམ་པར།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་བཅོས་བསྒྱུར་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་པའི་སྤྱི་ཚོགས་ཁོར་ཡུག་ཞིག་གསར་སྐྲུན་དང་རྒྱུད་འཛིན། དར་སྤེལ་བྱེད་པ་སོགས་རྒྱ་ཆེའི་མང་ཚོགས་ཀྱི་བསམ་པའི་རིག་གནས་དགོས་མཁོ་སྐོང་ཆེད། ཟླ9པའི་ཚེས22ཉིན། རྨ་ལྷོ་ཁུལ་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་རྨ་ལྷོ་ཁུལ་ལས་བྱེད་རྒན་པ་ཅུའུ། རྨ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་སྐབས་དྲུག་པའི་རྨ་ལྷོ་ཁུལ་བོད་འགྱིག་འགྲན་སྡུར་དང་སྐབས་དང་པོའི་བོད་འགྱིག་རིག་གཞུང་ཚོགས་འདུ་རྨ་ལྷོ་ཁུལ་ནས་གཟབ་རྒྱས་ངང་བསྡུས།
བོད་འགྱིག་ནི་བོད་མི་རིགས་ཀྱིས་ཡུན་རིང་གི་ཐོན་སྐྱེད་འཚོ་བའི་ཁྲོད་གསར་གཏོད་མཛད་པའི་བློ་རིག་འགྲན་བྱེད་ཀྱི་རྩེད་མོ་ཞིག་ཡིན་ལ། ལོ་ངོ་སྟོང་གསུམ་ལྷག་གི་ལོ་རྒྱུས་ཀྱི་འཕེལ་རིམ་བརྒྱུད། རང་ཞིང་གི་དངོས་མིན་ཤུལ་བཞག་རིག་གནས་དཀར་ཆགས་ཁྲོད་ཀྱི་ནང་དོན་གལ་ཆེན་ཏུ་གྱུར་ཡོད། 《དུང་དཀར་ཚིག་མཛོད》ལས་བོད་འགྱིག་ནི་བོད་དུ་གནའ་རབས་ནས་དར་བའི་རྩེད་མོའི་རིགས་ཤིག་སྟེ། རྡེའུ་དཀར་པོ་བརྒྱད་ཅུ་དང་རྡེའུ་ནག་པོ་བརྒྱད་ཅུ་ཡོད་ཅིང་། རང་ཕྱོགས་ཀྱི་རྡེའུས་གཞན་ཕྱོགས་ཀྱི་རྡེའུ་ལ་མཐའ་བསྐོར་ནས་ཕམ་པར་བཟོ་པའི་རྩེད་མོ་ཞིག་ཡིན། ཏུན་ཧོང་ནས་ཐོན་པའི་གནའ་རབས་བོད་ཡིག་གི་ལོ་རྒྱུས་ནང་། རྒྱལ་པོ་སྲོང་བཙན་སྒམ་པོའི་ཡབ་གནམ་རིའི་བློན་པོ་ཁྱུང་པོ་སྤུངས་སད་ཟུ་ཙེ་ཟེར་བ་དེས་ལག་པ་གཡས་ཀྱིས་བོད་འགྱིག་རྩེ་བ་དང་ལག་པ་གཡོན་པས་རྩིས་ཐོ་འགོད་པར་གྲགས་ཤིང་། བོད་ཡུལ་དུ་མིང་གྲགས་ཅན་གྱི་བོད་འགྱིག་མཁས་ཅན་ཡིན་པར་གསུངས་ཡོད།
ཕྱོགས་སོ་སོ་ནས་ཐོན་པའི་མཁས་པ40ལྷག་གིས་བོད་འགྱིག་ལོ་རྒྱུས་དང་རྒྱུད་འཛིན། དར་སྤེལ་སོགས་ནས་བགྲོ་གླེང་མཛད། ཚང་མས་མགྲིན་གཅིག་ཏུ་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས། ལོ་ན་ཆུང་བའི་བོད་འགྱིག་རྩེད་མཁན་ལོ་རེར་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། དུས་ལྟར་སྔོག་འདོན་དང་སྲུང་སྐྱོང་བྱེད་རྒྱུ་ཤིན་ཏུ་གལ་ཆེ། དངོས་མིན་ཤུལ་བཞག་རིག་གནས་སློབ་གྲྭ་སྐྱེལ་བའི་བྱ་འགུལ་སྤེལ་བ་དང་རིམ་པ་མང་པོ་བརྒྱུད་ནས། ཁྱོན་ཡོངས་ནས་མྱུར་སྐྱོབ་དང་སྲུང་སྐྱོང་། རྒྱུད་འཛིན་བྱས་ཏེ་དངོས་མིན་ཤུལ་བཞག་རིག་གནས་འདི་དར་སྤེལ་བྱེད་དགོས་པར་བསྟན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com