བོད་ཀྱི་ལོ་ཐོའི་རྒྱུན་ཤེས་ཐོར་བུ།

རྩོམ་པ་པོ།:ངོམ་ཚེ། ཡོང་ཁུངས།:ཚངས་དབྱངས་དྲ་བ། དུས་ཚོད།:2010-12-16 09:10:00 ཀློག་གྲངས།:
དུས་ཚོད་བཅུ་གཉིས་དེང་དུས་ཀྱི་ཆུ་ཚོད་ལ་སྦྱར་བ།
ནམ་ལངས་ཡོས།  (ཧ་ལམ་ཆུ་ཚོད་༧ ནས་༨པ་ཙམ།)
ཉི་ཤར་འབྲུག     ༩    … ༡༠
ཉི་དྲོས་སྦྲུལ།     ༡༡  …  ༡༢
ཉི་ཕྱེད་རྟ།      ༡༣  …   ༡༤
ཕྱེད་ཡོལ་ལུག     ༡༥   … ༡༦
ཉི་མྱུར་སྤྲེལ།     ༡༧  …  ༡༨
ཉི་ནུབ་བྱ།      ༡༩  …  ༢༠
ས་སྲོད་ཁྱི།      ༢༡ …  ༢༢  
སྲོད་འཁོར་ཕག    ༢༣  …༢༤
ནམ་ཕྱེད་བྱི་བ།     ༡  … ༢ 
ཕྱེད་ཡོལ་གླང༌།    ༣  …  ༤     
ཐོ་རེངས་སྟག     ༥   …  ༦ 
   དཔེར་ན།  ཟླ་བ་འདིའི་ཞེས་༡༧བོད་ཚེས་༡༡ཉིན་གཟའ་པ་སངས་དང་སྐར་མ་ནམ་གྲུ།  ས་ཆུ་འཕྲོད་པ་ལང་ཚོའི་སྦྱོར་དང་།  པ་སངས་ནམ་གྲུའི་འགྲུབ་སྦྱོར་ཡིན་ནའང་།  འབྲུག་གི་༣ནས་སྐར་མ་ཐ་སྐར་གྱིས་བཟུང་ནས་འགྲུབ་སྦྱོར་གྱི་དུས་ཚོད་དེ་ཡོལ་འགྲོ་གི་ཡོད་པས།  དམིགས་བསལ་བྱེད་དགོས་པའི་བྱ་བ་རྣམས་ཉི་ཤར་འབྲུག་གི་ཆུ་ཚོད་༩དང་ཕྱེད་ཀ་ཙམ་གྱི་གོང་རོལ་ནས་བྱེད་དགོས་ཀྱི་ཡོད།  ཚུལ་དེ་མ་ཤེས་པར་དེ་ཉིན་ཧྲིལ་པོ་ས་ཆུ་འཕྲོད་པ་དང་འགྲུབ་སྦྱོར་གྱི་དུས་ཚོད་བཟང་པོ་ཡིན་ཆག་བྱས་ན་ནི་དུས་ཚོད་ཀྱི་གནད་འགག་མ་ཤེས་པ་ཡིན།
བོད་ཟླ་བཅུ་གཉིས་པོའི་མིང་གི་འབོད་ཚུལ་ཅིག
མཆུ་ནི་དང་པོ་དབོ་གཉིས་པ།
ནག་པ་གསུམ་པ་ས་ག་བཞི།
སྣྲོན་ལྔ་ཆུ་སྟོད་དྲུག་པ་སྟེ། 
གྲོ་བཞིན་བདུན་པ་ཁྲུམས་སྟོད་བརྒྱད།  
དབྱུ་གུ་དགུ་པ་སྨིན་དྲུག་བཅུ། 
མགོ་ནི་བཅུ་གཅིག་རྒྱལ་བཅུ་གཉིས། 
   དཔེར་ན།  བོད་ལྕགས་སྟག་ལོའི་མགོ་ཟླ་བའི་ཟླ་༡༡ཚེས་བཅོ་ལྔ་རེས་གཟའ་མིག་དམར་ཉི་ཕྱེད་རྟའི་སྔ་ཆ་སྟེ་པེ་ཅིང་ཆུ་ཚོད་༡༤དང་་མ་༣༢ཐོག་སློང་ཆང་ཚེས་གྲངས་གཅན་མོ་ཉེ་གིས་ཟླ་འོད་སྒྲིབ་མགོ་བརྩམས་ནས་ཆུ་ཚོད་༡༥དང་་མབཞི་བཅུ་ཞེ་གཉིས་ཐོག་ཟླ་འོད་ཚིལ་པོ་བསྒྲིབས། ཆུ་ཚོད་༡༧ཐོག་མཐའ་ནས་གསོ་འགོ་ཚུགས་ཞེས་པ་དང་།   ཡང་དཔེར་ན།  སྤྱི་ལོ་༢༠༡༠ལོའི་༡ཚེས་༤བོད་ཟླ་༡༡པའི་ཚེས་༣༠རེས་གཟའ་མིག་དམར་ཉི་མྱུར་སྤྲེལ་གྱི་ཕྱི་ཆ་སྟེ་པེ་ཅིང་ཆུ་ཚོད་༡༧དང་་མ་༥༣ཐོག་སྒྲ་གཅན་གདོང་གིས་ཉི་འོད་སྒྲིབ་མགོ་བརྩམས་པའི་ཉི་མ་ཆ་འཛིན་ཡོད།  ལྟ་བུའོ།   


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།