《གླིང་སྒྲུང་》དང་འབྲེལ་བའི་དམངས་སྲོལ།
《གླིང་གེ་སར་རྒྱལ་པོའི་སྒྲུང་》དང་འབྲེལ་བའི་བོད་ཀྱི་དམངས་སྲོལ་རིག་གནས་ཞེས་པའི་དཔེ་དེབ་འདི་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སྡེ་ཁག་གི་སློབ་དཔོན་ཆེན་མོ་བུ་བཞི་བསམ་པའི་དོན་གྲུབ་ལགས་ཀྱིས་ཉེ་བའི་ལོ་འགའི་རིང་ལ་སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་ནས་བོད་ཀྱི་དམངས་སྲོལ་རིག་པ་དང་《གླིང་སྒྲུང་》སྐོར་ལ་ཞིབ་འཇུག་བྱས་པ་ལས་ཐོན་པའི་གཡུར་དུ་ཟ་བའི་འབྲས་བུ་ཞིག་ལགས།
དཔེ་དེབ་འདིའི་ནང་དུ་ས་བཅད་ལྔར་བགོས་ཏེ་《གླིང་གེ་སར་རྒྱལ་པོའི་སྒྲུང་》ལས་དམངས་ཁྲོད་དད་མོས་ཀྱི་གོམས་སྲོལ་དང་། ཆོ་ག་ཕྱག་ལེན་སྐོར་གྱི་གོམས་སྲོལ། མི་ཚེ་གཉེན་དོན་སྐོར་གྱི་གོམས་སྲོལ། སྔ་སྲོལ་ཁ་སྐད་གཏམ་བརྗོད་ཀྱི་རྣམ་པ། བོད་ཀྱི་སྔ་སྲོལ་ཚིག་རྒྱན་གྱི་ཁྱད་མཚར་རྣམ་པ་བཅས་བརྗོད་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com