བོད་སྲོལ་ས་གདན་གྱིས་མདུན་ལམ་གསར་བ་འདིང་ཡོང་ངེས།

རྩོམ་པ་པོ།:སོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-04-26 11:29:45 ཀློག་གྲངས།:

 

  བོད་ལུག་གི་བལ་གོང་དམའ་བ་དང་བོད་ལུག་སྐྱོང་བའི་རོང་འབྲོག་པའི་ཡོང་སྒོ་དམའ་བ།  འདི་ནི་དུས་ཡན་རིང་བའི་ནང་མི་རྣམས་ཀྱིས་སེམས་ཁྲལ་བྱེད་ས་ཞིག་ཏུ་གྱུར་ཡོད།

  དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བའི་སྟོད།  རྒྱལ་སྤྱིའི་ཚོང་ཁྲོམ་དུ་བོད་ལུག་གི་བལ་ལས་འཐག་པའི་ས་གདན་བྲིན་པའི་སྐབས་འདིར།  བོད་ལུག་གི་བལ་གོང་ཡང་མཐོ་བའི་གནས་ཚུལ་བྱུང་བ་དང་།  བོད་བལ་འཁརལ་འཐག་གི་ལག་རྩལ་དབྱིབས་སྒྱུར་ཐད་ནས་འཕེལ་ལམ་ཞིག་རྙེད་སོང་འདོད་པ་དང་།  ཆ་རྐྱེན་ཞན་པའི་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་དང་མཚོ་བྱང་སོགས་ས་ཁུལ་ནས་ྱང་ས་གདན་སྦྱོར་བཟོའི་ཁར་ལས་འབྲིང་གྲས་སུ་ཚུད་པ་དུ་མ་བྱུང་མོད།  འོན་ཏེ་མཛངས་མི་དཀོན་དྲགས་པ་དང་འཇོན་མི་ཉུང་བའི་གནས་ཚུལ་འོག་ལག་རྩལ་གྱི་གསར་སྤེལ་ཐད་ནས་མུ་འབྲང་ཐུབ་མེད།  ཁར་ལས་ནང་ཁུལ་གྱི་དོ་དམ་ཚགས་ཞིབ་མིན་དང་ཡུན་ལྡན་མིན།  ཁེ་ལས་ཕྱི་རོལ་དུ་ཚོང་ཁྲོམ་རྒྱ་བསྐྱེད་ཐུབ་མིན་དང་བརྟན་པོ་ཡོང་ཐུབ་མིན་བཅས་ཕྱོགས་གང་མང་ནས་འགྲན་བཙུགས་ཡོང་བར་མ་བཟོད་ཕྱིར།  བོད་བལ་སྦྱོར་བཟོའི་ཁེ་ལས་རྣམས་ནི་གྲང་ངར་ཁྲོད་ཀྱི་མྱུ་གུ་བཞིན་མུ་འབྲང་ནས་ཉམས་སོང་།  མཚོ་ཤར་ཁུལ་གྱི་ས་གདན་ཁར་ལས་ལ་ལས་རྒྱུ་ཆའི་གོང་དམའ་སོང་བའི་ཆ་རྐྱེན་སྤྱད་ནས་བོད་སྲོལ་ས་གདན་སྦྱོར་བཟོའི་ཕྱོགས་སུ་གོམ་ཁ་བསྒྱུར་ཀྱང་།  གཉེརའཚོང་དང་དངུལ་རྩ་སྒྲིལ་བ་སོགས་ཐད་ནས་ཁེ་ལས་རང་གི་སྤུས་ཞན་པའི་རྐྱེན་གྱིས་མ་འཁྱོངས་བ་རེད།

ཉེ་བའི་ལོ་གཉིས་ནང་།  སྔོན་དུ་ས་གདན་གཉེར་འཚོང་གི་གཡུལ་ས་ཆེན་པོར་ཞུགས་ནས་སྦྱོང་བརྡར་ཐོབ་པའི་འཇོན་ཐང་ཅན་རྣམས་འདུས་པ་དང་།  བོད་སྲོག་ཇགས་རིས་དངང་ཁྱད་ཆོས་ཐད་ནས་ཇུས་འགོད་མི་སྣ་ཧྲག་སྒྲིག་དང་།  དངུལ་སྐྱོར་མ་དངུལ་སྡུད་སྒྲིལ་བེད་སྤྱོད་ཀྱི་དབུ་གཙོའི་ཁེ་ལས་དེ་སྐྱེད་སྲིང་འཚར་ལོངས་བྱུང་བར་བརྟེན།  ན་ནིང་རྒྱལ་ཁབ་ཕྱི་ལ་བཙོངས་ཚད་མེ་སྒོར་བྱེ་བ་གཅིག་གི་གཉེར་འཚོང་གྲུབ་འབྲས་བླངས་ཚུན།  ད་ལོའི་ཟླ9བའི་མཇུག་བར་ཨ་སྒོར་ཁྲི942ལོངས་ཚད་བཙོངས་ཐུབ་སོང་།  དེ་ལྟན་ན་སྔོན་ལོའི་དུས་མཉམ་ལས35%འཕེལ་བ་དང་།  ལོ་རེའི་ཐོན་སྐྱེད་ནུས་ཚད་མུས་གྲུ་བཞི་མ་ཁྲི50རུ་བསླེབས།  ད་ལོ་མཚོ་སྔོན་བོད་སྲོལ་ས་གདན་རྒྱལ་སྤྱིའི་འགྲེམས་སྟོན་ཚོགས་འུ་བསྡུས་ནས་བཟང་ཙམ་འཁྱོངས་པས།  བོད་སྲོལ་ས་གདན་ཐོན་ལས་ཀྱི་འཕེལ་རྒྱས་ལ་འཚོ་སྟངས་གསར་བསྣན།  ཉེ་ལམ་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་གིས་བླང་བྱ་བཏོན་པ་སྟེ།  བོད་སྲོལ་ས་གདན“ལྔ བཅུ་གཅིག”འཕེ་རྒྱས་འཆར་གཞིར་འགོད་དགོས་པ་དང་།  ཁར་ལས་དང་རོང་བྲོག་དམངས་ལ་ཡིད་རྟོན་མ་དངུལ་གྱི་གཏོང་སྟངས་ཐད་ནས་གསར་གཏོད་ཡོང་བ་དང་།  མ་རྩ་གཏོང་པའི་གཞི་ཁྱོན་རྒྱ་བསྐྱེད་པར་གཞུགས་ཏེ།  ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཁོངས་ཀྱི་ལས་གཞིར་བརྩིས་ནས་རྒྱལ་ཁབ་ཀྱི་ཆེད་དམིགས་རྒྱབ་སྐྱོར་མ་དངུལ་བརྩོན་ལེན་བྱ་བ་དང་།  བོད་སྲོལ་ས་གདན་སྐོར་གྱི་དབུ་གཙོ་ཁེ་ལས་ལ་སྲིད་ཇུང་དང་མ་དངུལ་ཐད་ཀྱི་རྒྱབ་སྐྱོར་སྟོབས་ཤུགས་ཇེ་ཆེར་གཏོང་དགོས་ཚུལ་བཅས་བརྗོད་ཡོད་པ་རེད།  ཇུས་ཆོད་འདི་འདྲ་བྱུང་བའི་སྔོན་འགྲོའི་ཆ་རྐྱེན་ལ་གཞིགས་ན།  2003ལོ་ནས2004ལོའི་ཟླ10བའི་ཟླ་འགོ་ཙམ་བར།  ཆེན་ཡོངས་ནས་དབུལ་སྐྱོར་མ་དངུལ་སྒོར་བྱེ་བར་ཉེ་བ་བཏང་བ་དང་།  ས་གདན་བཟོ་ཁང་81བསྐྲུན་པ་དེ་བསྣན་ཕྱིན།  མིག་སྔར་ཞིང་ཆེན་ཡོངས་ཀྱི་ས་གདན་བཟོ་ཁང123ལ་ལོངས་སུ་སྤྱོད་ཏུ་བཅུག་ཅིང་།  ལས་ཀར་ཚུད་མི8000ལྷག་ཏུ་བསླེབས་པའི་ནང་དུ།  གྲོང་རྡལ་དང་ཞིང་གྲོང་གི་ངལ་རྩོལ་པ7000ལྷག་བཀོད་སྒྲིག་བྱེད་ཐུབ་ཡོད།  མི་དེ་ཙམ་ལས་ཀར་ཚུད་པ་དང་བལ་ཚོང་བྲིན་པ་དང་།  ཐོན་ལས་ཅན་དུ་འགྱུར་བར་བགྲོད་ལམ་གསར་བ་ཞིག་བཏོད་པས།  དཔལ་འབྱོར་ཕན་ཡོན་དང་སྤྱི་ཚོགས་ཕན་ཡོ་གཉི་གའི་ཆ་ནས་དགའ་འོས་པ་ཞིག་ཏུ་སྣང་།

  བོད་ལུག་གི་བལ་ཁ་བལ་རིགས་གཞན་ལས་རྩུབ་ལ་ལྡེམ་ཤ་ལྡན་པ་ཞིག་ཡིན་པས་ས་གདན་འཁེལ་འཐག་གི་ཐོན་ཁུངས་ཀྱི་དྲགས་ཆ་ཞིག་ཏུ་གྱུར་པ་དང།  བོད་སྲོལ་ཐགས་རིས་ལ་རིག་གནས་ྶཏེང་ནས་མི་རིགས་ཀྱི་ཀྱད་ཆོས་ལྡན་པས་རིག་གནས་ཐོན་ཁུངས་ཀྱི་དྲགས་ཆ་ཞིག་ཏུ་འང་གྱུར་ཡོད་ལ།  ཇུས་འགོད་དང་དོ་དམ་ཐད་ནས་འཇོན་མིའི་ཆ་རྐྱེན་ལྡན་སོང་བས།  རྒྱལ་སྤྱིའི་ཚོང་ཁྲོམ་དུ་ཚོང་གཉེར་བྱེད་པར་ཕན་ནུས་ཐོན།  དེ་བས་གཞི་འདི་ནས་དམངས་ཕན་གྱི་དགེ་མཚན་ལྡན་འདུག་ཕྱིར།  སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་པ་བཅས་མཐུན་རྐྱེན་གཙོ་ཤོས་ཕལ་མོ་ཆེ་བ་ལྡན་གྱུར་བས།  བོད་སྲོལ་ས་གདན་ཐད་ནས་ཐོན་ལས་ཤིག་ཏུ་འགྱུར་བ་དང་།  འགྱུར་རིམ་དེ་ན


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།