བོད་སྲོལ་ས་གདན།
གནའ་སྔ་མོ་ནས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱིས་རང་ཉིད་ཀྱི་བློ་གྲོས་དང་ལག་ཟུང་ཁོ་ནར་བརྟེན་ནས་འཛམ་གླིང་སྟེང་གཞན་དྲིང་མི་འཇོག་པའི་རིག་གནས་ཀྱི་སྙིང་བཅུད་ལས་ཐོན་པའི་བཟོ་རྩལ་ཐོན་རྫས་ཇི་སྙེད་ཅིག་གསར་སྐྲུན་བྱས་མྱོངས། འཛམ་གླིང་སྟེང་མིང་དུ་གྲགས་པའི་ས་གདན་གསུམ་གྱི་ཡ་གྱལ་བོད་སྲོལ་ས་གདན་ཡང་དེའི་གྲས་ཀྱི་གཅིག་ཡིན་ལ། དེར་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་མཆིས་པ་མ་ཟད། ཆོས་ལུསག་ཀྱི་ནང་དོན་དང་ཐུན་མིན་སྒྭ་རྩལ་གྱི་ཉམས་འགྱུར་རབ་ཏུ་མང་བ་ཞིག་ཀྱང་ཡིན། རྒྱུ་ཆ་གཙོ་བོ་ནི་བལ་ཡིན་པ་དང་། མིག་ལ་མཛེས་ཤིང་མདོག་མི་ཡལ་བ། ཚིལ་སྣ་རིང་བ། སྲ་སཉི་འོས་འཚམ་ཡིན་པ། རྡར་ཤན་ཆེ་བ་དང་སྤྱོད་ཤན་ཆེ་བ། ལྡེམ་ཤུགས་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན། ས་གདན་ཀྱི་རྒྱན་རིས་ཇུས་འགོད་བྱས་པ་ཡང་གཞན་ལས་ཐུན་མོང་མ་ཡིན་པ་དང་ཁ་དོག་རྣམ་པར་བཀྲ་ཞིང་མཛེས་སྡུག་ལྡན་པས་འཛམ་གླིང་སྟེང་གི་ས་གདན་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད།
བོད་སྲོལ་ས་གདན་ནི་སྤྱོད་སྒོ་ཤིན་ཏུ་ཆེ་ལ། དབྱེ་ན་ཁ་གདན་དང་རྒྱབ་འབོལ། ཙོག་གདན། འགེལ་ལྡན་སོགས་ཡོད། ཁ་གདན་ནི་བོད་ཀྱི་ས་གདན་ལས་རིགས་ཀྱི་ཐོན་རྫས་གཙོ་བོ་ཞིག་ཡིན་པ་དང་། བོད་རིགས་ཁྱིམ་ཚང་གི་འཚོ་བའི་ཅ་ལག་ཁྲོད་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད། གཞིས་རྩེ་དང་རྒྱང་རྩེ་ནས་ཐོན་པའི་ཁ་གདན་དེ་བོད་ལྗོངས་ཁ་གདན་ལས་རིགས་ཁྲོད་ཁྱི་གཞན་ལས་ཁྱད་དུ་འཕགས་པའི་ཀྱད་ཆོས་ལྡན། སྲོལ་རྒྱུན་ཁ་གདན་ནི་གྲུ་བཞི་ནར་མོའི་དབྱིབས་ཡིན་པ་དང་། རིང་ཚད་ལ་ཕལ་ཆེར་དབྱིན་ཁྲི6དང་ཞེང་ལ་དབྱིན་ཁྲི3ཡོད་ལ་ཐོན་སྐྱེད་དང་ཉོ་བཅོང་བྱེད་སྦས་ཆ་རེ་བྱས་ནས་བཅོང་བཞིན་ཡོད། ད་ལྟ་ཁ་གདན་རིགས་ཀྱི་བེད་སྤྱོད་བྱེད་ས་རྒྱ་ཇེ་ཆེར་གྱུར་བས་སྲོལ་རྒྱུན་གྱི་ཉོ་འཚོང་བྱད་ཐབས་དེ་བེད་སྤྱོད་བྱེད་ཀྱི་མེད། ཁ་གདན་ལ་འཐག་ཚུལ་བཟོ་རྩལ་མི་འདྲ་བའི་ཆ་ནས་སྣ་ཁ་མང་པོ་ཡོད་པ་དེ་པང་གདན་གྱི་རྨང་གཞིའི་སྟེང་འཕེལ་རྒྱས་སོང་ནས་གྲུབ་པ་ཞིག་ཡིན་ལ། བཟོ་རྩལ་ནི་ཀྲུང་གོ་མ་ཟད་འཛམ་གླིང་སྟེང་ཡང་ཁྱད་དུ་འཕགས་པ་དང་། དེའི་བཟོ་རྩལ་དང་ཁ་དོག་འཐག་རིས་སོགས་ཀྱི་ཐད་ནས་མི་རིགས་དང་ས་ཁུལ་གྱི་ཁྱད་ཆོས་མངོན་པར་ཐོན་ཡོད། ད་ལྟ་དབུས་གཙང་གི་ཁ་གདན་བཟོ་གྲྭ་ཆེ་ཆུང་དང་ཁ་དོག་འཐག་རིས་མི་འདྲ་བ་ཡོད་པའི་ས་གདན་དང་རྒྱན་ཆ་སྣ་ཚོགས་ཐོན་སྐྱེད་བྱེད་བཞིན་ཡོད། དེ་བཞིན་བོད་མི་རིགས་ཀྱི་རིག་དངོས་ཏེ། བོད་སྲོལ་ས་གདན་ནམ་འཚོ་བའི་ཡོ་བྱད་གང་ཡིན་རུང་། བཟོ་རྩལ་མཁན་པོས་བློ་རྩེ་གཅིག་སྒྲིམ་གྱིས་བཟོ་རྩལ་བྱས་པ་ལས་གྲུབ་པའི་མི་རིགས་བཟོ་རྩལ་གྱི་ཐོན་རྫས་ཞེ་གཅིག་ཡིན་ལ། དེ་དག་གི་རྒྱན་རིས་ཕལ་ཆེར་ནི་བཤྲ་ཤིས་རྟགས་བརྒྱད(དཔལ་བེའུ་དང་། པད་མ། གདུགས། དུང་། འཁོར་ལོ། རྒྱལ་མཚན། བུམ་པ། གསེར་ཉ་སྟེ་བརྒྱད།)དང་། རྒྱལ་སྲིད་སྣ་བདུན(འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ་སྟེ་བདུན།)བཀྲ་ཤིས་རྫས་བརྒྱད(མེ་ལོང་དང་། ཞོ། རྩྭ་དུར་བ། ཤིང་ཏོག་བིལ་བ། དུང་གཡས་འཁྱིལ། གྷི་ཝང་། ལི་ཁྲི། ཡུངས་དཀར་ཏེ་བརྒྱད།) རི་དྭགས་ཆོས་འཁོར། ཁྲི་རྒྱབ་དྲུག་འགྱོགས། རྒྱན་བཞི(ཆུ། བྲག སྤྲིན་པ། འབྲུག་བཅས་བཞི།) འདོད་ཡོན་ལྔ(མཆོད་རྫས་ཀྱི་བྱེ་བྲག་མེ་ལོང་དང་པི་ཝང་། དུང་ཆུ། ཤིང་འབྲས། གོས་དར་ལྔས་གཟུགས་སྒྲ་དྲི་རོ་རེག་བྱ་སོ་སོར་མཚོན་པ།) ལ་སོགས་བཀྲ་ཤིས་པའི་རྟགས་དང་རྟེན་འབྲེལ་མཚོན་པའི་སྲོལ་རྒྱུན་གྱི་རི་མོ་དེ་རིགས་ཡིན། གཞན་ཡང་ཏའོ་ཅའོ་ཆོས་ལུགས་རིག་གནས་ཀྱི་ཤུན་རྐྱེན་གང་ཙམ་ཕོག་རྗེས། བཟོ་རྩལ་ཐོན་རྫས་ལ་ལའི་ཐོག་སྤར་ཁ་བརྒྱད་དམ་གྲུབ་ཐོབ་བརྒྱད་བཅས་བརྐོས་པའང་ཡོད། ད་དུང་དེང་དུས་ཀྱི་ཀྱད་ཆོས་ལྡན་པའི་རི་མོ་གསར་བའང་མང་པོ་བཀོད་ནས་བོད་སྲོལ་ས་གདན་ཐོན་སྐྱེད་བྱེད་མཁན་རྣམས་ཀྱི་བློ་རིགས་དང་འཇོན་ཐང་མངོན་ཡོད་པས། རྒྱལ་ཁབ་ཕྱི་ནང་གི་རྒྱ་ཆེའི་འཛད་སྤྱོད་བྱེད་མཁན་རྣམས་ཀྱིས་དགའ་བསུ་ཐོབ་མུས་སུ་ཡོད།
མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བཟོ་རྩལ་གྱི་ཁྱད་ཆོས་ལྡན་པའི་བོད་སྲོལ་ས་གདན་ནི་རང་རྒྱལ་གྱི་མི་རིགས་རིག་གནས་དར་རྒྱུན་གྱི་བང་མཛོད་ཆེན་མོའི་ནོར་རྫས་རྩ་ཆེན་ཞིག་ཡིན་པར་བརྟེན་དེ་ལ་མཐོང་ཆེན་བྱེད་རྒྱུ་དང་དཔྱད་ཞིབ་ཀྱིས་རྒྱུན་འཛིན་གོང་འཕེལ་བཏང་སྟེ་སྤྱིའི་ཁྲོམ་རའི་ཁ
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com