བོད་སྲོལ་རུམ་གདན།
དེང་སྐབས་དཔལ་འབྱོར་དང་རིག་གནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་བའི་གླངས་བཟང་འདིར་ང་ཚོས་བོད་ཀྱི་སྲོལ་རྒྱན་བཟོ་རྩལ་རིག་གནས་ཁག་དུས་རབས་དང་བསྟུན་ནས་ཉམ་པ་ཆོར་ཆུད་དང་མ་ཉམས་གོང་འཕེལ་བཏང་སྟེ་འཛམ་གླིང་བཟོ་རྩལ་རིག་གནས་བང་མཛོད་ནང་རིན་ཐང་འཛམ་པའི་གནས་ཤིག་ཏུ་འཇོག་ཐུབ་ཐབས་བྱ་རྒྱུ་ནི་ང་ཚོས་འོས་འགན་རེད་ལ་ལོ་རྒྱུས་ཀྱི་སོན་སྙིང་ལྡན་པའི་བྱ་གཞག་ཅིག་ཀྱང་རེད།
འདིར་ཁོ་བོས་རང་རེའི་རུམ(བཏགས་པའི་གདན་གྱི་དོན)གདན་སྐོར་རགས་ཙམ་གླེང་བར་འདོད་དེ། དེ་ཡང་གནའ་སྔ་མོ་ནས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱིས་རང་ཉིད་ཀྱི་བློ་གྲོས་དང་ལག་ཟུང་ཁོ་ནར་བརྟེནནས་འཛམ་གླིང་སྟེང་གཞན་དྲིང་མི་འཇོག་པའི་རིག་གནས་ཀྱིས་སྙིང་བཅུད་ལས་ཐོན་པའི་བཟོ་རྩལ་ཐོན་རྫས་ཇི་སྙེད་ཅིག་གསར་སྐྲུན་བྱས་མྱོངས། འཛ་གླིང་སྟེང་མིང་དུ་གྲགས་པའི་ས་གདན་གསུམ་གྱི་ཡ་གྱལ་བོད་སྲོལ་རུམ་གདན་ཡང་དེའི་གྲས་ཀྱི་གཅིག་ཡིན། དེར་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་མཆིས་པ་མ་ཟད། ཆོས་ལུགས་ཀྱི་ནང་དོན་དང་ཐིན་མིན་སྒྱུ་རྩལ་གྱི་ཉམས་འགྱུར་རབ་ཏུ་མངའ་བ་ཞིག་ཀྱང་ཡིན། རྒྱུ་ཆ་གཙོ་བོ་ནི་བོད་ལུག་གི་བལ་ཡིན་པ་དང་། བོད་ལུག་གི་བལ་ཁ་བལ་རིགས་གཞ་ནལས་རྩུབ་ལ་ལྡེམ་ཤ་ལྡན་པའ་དགེ་མཚན་མངའ་བས་ས་གདན་བཟོ་རྒྱར་ཧ་ཅང་འཚམས་པོ་ཡོད། བོད་རུམ་གྱི་བཟོ་རྩལ་སྤུས་ལེགས་ཤིང་མཛེས་ཉམས་དོད་པ་། སྤུ་འཇམ་ཞིང་མཉན་པ། ཚིལ་སྣ་རིང་བ། སྲ་སྙི་འོས་འཛམ་ཡན་པ། རྡར་ཤན་ཆེ་བ་དང་སྤྱོད་ཤན་ཆེ་བ། ལྡེམ་ཤུགས་ཆེ་བ་བཅས་ཀྱི་ཁྱད་ཆོས་དུ་མ་ལྡན། གཞན་ད་རུང་བརླན་བཤེར་དང་གྲ་ངར་འགོག་པ། དྲོད་ལེན་པ་བཅས་ཀྱི་བྱེད་ནུས་ཡོད། འཐག་རིས་ཇུས་འགོད་བྱས་ཡང་གཞན་ལས་ཐུན་མོང་མ་ཡིན་པ་དང་ཁ་དོག་རྣམ་པར་བཀྲ་ཞིང་མཛེས་སྡུག་ལྡན་པའི་འཛམ་གླིང་སྟེང་གི་ས་གདན་ཁྲོད་གནས་གལ་ཆེན་བཟུང་ཡོད།
མཚོ་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་དང་ཆོས་ལུགས་དད་མོས། དེ་མིན་བོད་མིའི་གོམས་སྲོལ་དང་གཤིས་ཀ་སོགས་ལས་བོད་རུམ་ལ་བརྗིད་ཉམས་ལྡན་པ་དང་བབ་ཆགས་པ། གནའ་ཉམས་དོད་པ་བཅས་ས་གནས་དང་མི་རིགས་ཀྱི་གཤིས་ཉམས་ལྡན་པས། བོད་རུམ་ནི་འཛམ་གླིང་རང་བཞིན་གྱི་ཐོན་རྫས་ཤིག་ཏུ་གྱུར་ཡོད། དེའི་འབྱུང་ཁུངས་ནི་བོད་ཡུལ་ཡིན་ལ། དེ་ནི་མཚོ་བོད་མཐོ་སྒང་དུ་མི་རབས་ནས་མི་རབས་སུ་འཚོ་བཞིན་པའི་བོད་རིགས་ངལ་རྩལ་མི་དམངས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་ལས་བྱུང་བ་ཤ་སྟག་ཡིན། བོད་རིགས་ཀྱི་མེས་པོ་ཚོས་གནའ་སྔ་མོ་ནས་རྩིད་པ་དང་བལ་ལ་བརྟེན་ནས་སྦྲ་གུར་དང་གྱོན་ཆས། ཉལ་ཐུལ། ཁ་གདན་སོགས་བཟོས་ནས་དྲོད་འཛིན་སྤྱད་དང་རྒྱན་ཆས་བྱོས་ཡོད་པ་འདི་ལ། གནའ་རྫས་རྟོག་ཞིབ་ལས་རིགས་ཁག་གིས“བལ་བཟོས་ཐོན་རྫས”ཞེས་འབོད་བཞིན་ཡོད། སྤྱི་ལོ་དུས་རབས༡༨ནས༡༩ལ་བོད་བརྒྱུད་ནང་བསྟན་རིག་གནས་སྔར་ལས་བླ་ལྷག་ཏུ་དར་སྤེལ་དང་ཆིན་སྲིད་གཞུང་དང་བོད་ཀྱི་བླ་བཙུན་བར་གྱི་འབྲེལ་འདྲིས་དམ་ཟབ་བྱས་པ་བརྒྱུད། བོད་རུམ་ནི་མཆོག་ཏུ་གྱུར་བའི་ལེགས་སྐྱེས་སུ་གྱུར་ནས་ནང་ལོགས་སུ་དར་ཁྱབ་ཆེ་རུ་བྱུང་། དེ་དང་བསྟུན་ནས་རུམ་གདན་གྱི་ཚོས་གཞི་དང་རྒྱུ་ཆ། འཐག་སྟངས་སོགས་ལའང་བཅོས་སྒྱུར་བྱུང་ནས་བཟོ་རྩལ་ཕུན་སུམ་ཚོགས་པོར་གྱུར། ཤོད་སྲོལ་ལྟར་ན། དེར་ལོ་ངོ༦༠༠ལྷག་ཙམ་གྱི་ལོ་རྒྱུས་ལས་མེད་པར་འདོད་མོད། ཡིན་ནའང་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་ལས་དབྱེ་ཞིབ་བྱས་ན་བོད་རུམ་ཐོན་སྐྱེད་བྱས་ནས་གནའ་ནས་ད་བར་དུ་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ལྡན་པར་འདོད་ལ། ༡༩༥༩ལོར་མཚོ་སྔོན་ཞིང་ཆེན་དུར་ཞམ་རྫོང་ནུའོ་མུའུ་ཧུང་གནའ་བོའི་དུར་ཚོགས(青海都兰诺木洪古墓群)ནས་དུས་རབས༡༠བའི་བལ་འཐག་བྱེད་ཀྱི་འཁལ་འཁོར་མང་པོ་ཞིག་ཐོན། དེའི་ཁཽརད་ཚོན་མདོག་ལྡན་པའི་བལ་གདན་གྱི་ལྷག་རོ་ཞིག་ཡོད་པ་དེ་ནི་ལོ་ཆས་སྤྱོད་པའི་དུས་རབས་སུ་བྱུང་བ་ཡིན་ལ། ད་བར་དུ་ཆེས་སྔ་བའི་བལ་གདན་གྱི་ལྷག་རོ་ཞིག་རེད། གའན་རྫས་རྟོག་ཞིབ་པས་ལོ་ངོ༢༠༠༠ཡར་སྔོན་གྱི་ལག་བཟོ་བོད་རུམ་གྱི་གདོད་མའི་རྣམ་པ་དང་དེང་རབས་བོད་རུམ་གྱི་ཡང་མེས་ལྟ་བུ་ཡིན་པར་ངོས་བཟུང་ཡོད།
སྲོལ་རྒྱུན་གྱི་རུམ་གདན་འཐག་ཆས་ནི་འཕྲེད་དུ་གྱང་ངོས་ལ་ཁརན་ནས་ལས་པའི་ཤིང་གི་འཁེལ་འཐག་འཕྲུལ་ཆས་ཤིག་ཡིན། དེའི་སྒྲིག་གཞི་ཧ་ཅང་སྟབས་བདེ་ཡིན་ཞིང་། ཟུར་བཞི་ཅན་གྱི་ཤིང་ལེབ་གཉིས་ཀྱི་སྟེང་འོག་ཏུ་ཤིང་ལེབ་འཕྲེད་དུ་བརྒྱུས་ནས་རྩ་བའི་གཞི་སྒྲོམ་གྲུབ་ཡོད། མིག་སྔར། གནའ་བོའི་འཐག་ཆས་འདི་བཀོལ་སྤྱོད་བྱེད་མཁན་ཤིན་ཏུ་ཉུང
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com