འདམ་སྐུ།
སྤྱིར་འདམ་ལས་བྱས་པའི་མི་དང་སྲོག་ཆགས་ཀྱི་གཟུགས་བརྙན་རིགས་མི་ལོ་སྟོང་ལྷག་གི་སྔོན་ནས་བོད་དུ་དར་བས། བོད་རྒྱལ་གཉའ་ཁྲི་བཙན་པོའི་དུས་སུ་བོད་ཤེས་ཅན་བཅུ་གཉིས་ཀྱི་ནང་ཚན་ལྡིང་ཤེས་ཤ་བ་ཟེར་བ་དེས་འཇིམ་པའི་ཤ་བ་བཟོས་པའི་ལོ་རྒྱུས་ཚད་ལྡན་གྱི་དེབ་ཐེར་ཁག་ལས་གསལ་བ་ལྟར་ཏེ། རྒྱལ་པོ་སྲོང་བཙན་གྱི་དུས་སུ་སངས་རྒྱས་ཀྱི་བསྟན་པའི་དབུ་བརྙེས་ཙམ་ཡིན་པས། བོད་ཀྱི་བཟོ་བོ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་བཟོ་ལ་མ་གོམས་པ་དང༌། མི་རིགས་གཞན་དག་གི་ཤེས་བྱ་ཐམས་ཅད་ལེན་པའི་ཆེད་དུ། རྒྱལ་པོས་བལ་ཡུལ་དང༌། རྒྱ་གར་དང༌། ལི་ཡུལ་སོགས་ནས་བཟོ་བོ་མང་པོ་བཀུག་སྟེ་གཙུག་ལག་ཁང་བརྒྱ་རྩ་བརྒྱད་ཀྱི་ཐོག་མ་ཁྲ་འབྲུག་གི་གཙང་ཁང་དུ་བཞུགས་སུ་གསོལ་བའི་རྒྱལ་པོ་རང་ཉིད་ཀྱི་སྐུ་འབག་དང༌། ད་ལྟ་ལྷ་ལྡན་མཚམས་ཁུངས་དགོན་དུ་བཞུགས་པའི་སྨན་འདམ་ཀྱི་སྐུ་སྲོང་བཙན་གྱི་སྐུ་བརྙན་ཆོས་རྒྱལ་ང་འདྲ་མ་སོགས་བཞེངས་པ་མ་ཟད། གཙུག་ལག་ཁང་ཐམས་ཅད་དུ་སྨན་འདམ་ལས་གྲུབ་པའི་སྐུ་རྟེན་ཕལ་མོ་ཆེ་བཞེངས་པ་མ་ཟད། མི་རིགས་གཞན་གྱི་བཟོའི་དཔེ་དང་རིག་གཞུང་ཡང་མང་དུ་དྲངས་པས། ཤར་ཕྱོགས་རྒྱ་དང་མི་ཉག་ནས་བཟོ་དང་བརྩི་ཀྱི་དཔེ་རྣམས་ལེན་ཞེས་དང༌།རྒྱ་ནག་ནས་བཟོ་སྣ་བཅོ་བརྒྱད་ཀྱི་དཔེ་དང་བཟོའི་རིག་བྱེད་དྲུག་ཅུ་ཐམ་པ་དྲངས་ཚུལ་བཤད་པས་སོ།།
རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཁུ་སྟག་ཚ་ལ་སོགས་པ་བོད་ཀྱི་སྐྱེས་པ་དང་བུད་མེད་གཟུགས་བཟང་བ་འགའ་ཞིག་ལ་དཔེ་བྱས་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་བཞེངས་ཚུལ་དང༌། ཨཱརྱ་པ་ལོའི་གླིང་ན་བསེའི་ལྷ་མོ་སྟོང་རྩ་གཉིས་བཞེངས་ཚུལ། འཐའ་མིས་སློབ་དཔོན་པད་མའི་འདྲ་སྐུ་བཞེངས་ཚུལ་སོགས་འཁོད་པ་དང༌། ཁྲི་རལ་པ་ཅན་གྱིས་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས་ཏེ༌། དེའི་ས་ཕུད་ལྷ་སར་བྱམས་པ་ཆོས་འཁོར་གྱི་སྒོ་སྲུང་ཚངས་པ་དང་བརྒྱ་བྱིན་བཞེངས་ཚུལ་སོགས་བོད་ཀྱི་ཡིག་ཆ་ཚད་ལྡན་དུ་མ་ལས་གསལ་བ་བཞིན་ཏེ། དེ་ནས་ལོ་པཎ་རིམ་བྱོན་གྱི་བཀའ་དྲིན་ལ་བརྟེན་ནས་རྒྱ་དཀར་ནག་གི་གཞུང་ལུགས་ཕལ་མོ་ཆེ་བོད་དུ་འགྱུར་བ་དང་ཆབས་ཅིག་གཟུགས་བཟོའི་བཟོ་བོ་ཡང་མང་པོ་དྲངས་ནས། བོད་སྔར་ཡོད་ཀྱི་ལག་རྩལ་ཟུང་དུ་འབྲེལ་ཐོག་གཞུང་མདོ་རྒྱུད་ཀྱི་དགོངས་པ་དང་མི་འགལ་བ་བྱས་ཏེ་འཕེལ་རྒྱས་ཆེན་པོ་བྱུང་བ་ཤིན་ཏུ་གསལ་ལོ།། མཁས་དབང་འགའ་ཞིག་གིས་བོད་དུ་འདམ་སྐུ་བཞེངས་པའི་བཟོ་རྒྱུན་དེ། དུས་རབས་བཅུ་བཞི་པའི་མཇུག་ཙམ་དུ་ཨ་མདོ་དན་ཏིག་གི་ཀླུ་མེས་འབྲོམ་ཆུང་བྱ་བ་རྒྱ་ནག་ཏུ་གནས་སྐོར་ན་པའི་ལམ་ཞོར། རྒྱ་ནག་བཀྲ་ཤིས་ཁྲི་སྒོར་ཡུན་བཞུགས་མཛད་ནས། རྒྱལ་པོ་ཐང་མིང་ཙུང་གི་སྐབས་བཞེངས་པའི་གནས་བརྟན་བཅུ་དྲུག་གི་འདྲ་བརྙན་འདྲ་བཤུས་བྱས་ཏེ་བོད་དུ་བསྣམས་ནས་བྲག་ཡེར་པའི་གནས་བཅུ་ལྷ་ཁང་དུ་གནས་བརྟན་བཅུ་དྲུག་ཐོག་མར་བཞེངས། དེ་ནས་རིམ་བཞིན་འཕེལ་རྒྱས་བྱུང་བར་གསུངས་པ་ནི། གླང་དར་གྱིས་བསྟན་པ་བསྣུབས་ཡུན་རིང་རྐྱེན། སྔར་བཞེངས་ཀྱི་སྐུ་ཕལ་ཆེ་འཇིགབཟོ་རྒྱུན་ཆད་པ་ལ་བསྟན་པ་ཕྱི་དར་གྱི་དུས་སུ་སྐྱར་གསོ་བྱུང་ཚུལ་ལ་དགོངས་པ་སྣང་ལ། དེའང་ཤིན་ཏུ་བདེན་པར་མཐོང་སྟེ། བོད་ཀྱི་གནས་བཅུ་ནི་རྒྱ་ནག་གི་ལུགས་ཇི་ལྟ་བ་བཞིན་དུ་བཞེངས་པ་ཡིན་པས་སོ།།
བོད་ཀྱི་འདམ་སྐུ་ལ་སྨན་འདམ་གྱི་སྐུ་ཞེས་བྱ་སྟེ། དེའི་རྒྱུ་མཚན་ནི་བསེ་བཟོའི་ཤེས་བྱ་ལས་འཆད་འགྱུར་ལྟར་ས་འདམ་ཁོ་ན་ལས་བྱས་པ་མ་ཡིན་ལ་སྨན་རྩ་ཆེན་གྱི་རིགས་དང་རིན་པོ་ཆེའི་རིགས་བརྡུངས་པའི་བྱེ་མ་དང༌། བྱིན་རྟེན་རྩ་ཆེན་རིགས་བསྲེ་བ་དང་ཡང་ན་ས་ཁྱོར་བ་གང་རེ་ལའང་གང་བཞེངས་པའི་སྐུ་བརྙན་དེའི་གཟུགས་སྔགས་འབུམ་ཐེར་ལ་སོགས་ཀྱི་གྲངས་གསོག་པ་སོགས་ལས་བསྒྲུབས་པ་ཡིན་པས་འདམ་ལས་གྲུབ་པའི་སྐུ་བརྙན་རིན་ཐང་དང་བྲལ་བ་ཤིན་ཏུ་མང་སྟེ། བོད་གངས་ཅན་དུ་
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com