ཀོས་ནན་གཙགས་དྲུབ།
གཙགས་དྲུབ་བམ་འཚེམ་དྲུབ་བཟོ་རྩལ་ནི་བོད་གངས་ཅན་གྱི་རྨོ་ལས་རིག་གནས་དང་བོད་བརྒྱུད་ནང་བསྟན་གཉིས་ཟུང་དུ་སྦྲེལ་བའི་འབྲས་བུ་སྟེ། གཙོ་བོ་བོད་རིགས་བུད་མེད་ཚོའི་བློ་གྲོས་དང་སོར་རྩེ་ལས་ཐོན་པའི་ཐུན་མོང་མ་ཡིན་པའི་བཟོ་རྩལ་ཞིག་ཡིན་པ་དང་། བོད་རིགས་དམངས་ཁྲོད་ཀྱི་སྔོན་ཐོན་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན།
ཀོས་ནན་ས་ཁུལ་གྱི་བོད་ཀྱི་དམངས་ཁྲོད་གཙགས་དྲུབ་ལ་དུས་ཡུན་རིང་བའི་ལོ་རྒྱུས་ལྡན་པ་མ་ཟད། སྙན་གྲགས་ཕྱོགས་བཞིར་ཁྱབ་ཡོད་པ་དང་། བོད་ཀྱི་གཙགས་དྲུབ་བྱེད་ཐབས་ལ་ཡང་ཁབ་སྐུད་མཉམ་ལེན་དང་། གཟེར་ལེན། ལྡང་ལེན། བསྐོར་ལེན་བྱེད་པ་སོགས་སྣ་ཁ་བཅུ་ལྷག་ཡོད་ཅིང་རྒྱུ་ཆ་གཙོ་བོ་ནི་བལ་སྐུད་ཡིན། ཀོས་ནན་བོད་སྲོལ་གཙགས་དྲུབ་ལས་ཐོན་པའི་བཟོ་རྩལ་ཐོན་རྫས་ཀྱི་ཚོན་མདངས་རྣམ་པར་བཀྲ་ཞིང་། སྐུད་རིས་ཀྱི་བར་ཚགས་གྲིམ་ལ། མི་སྣ་དང་རི་ཆུ། ལྗོན་ཤིང་། སྲོག་ཆགས་སོགས་ལ་ངོ་མ་ལྟ་བུའི་གསོན་ཉམས་སྣང་བ་དང་། ཕུན་སུམ་ཚོགས་པའི་བོད་སྲོལ་འཚེམ་དྲུབ་མི་སྣ་དང་བོད་སྲོལ་འཚེམ་དྲུབ་ཀྱི་རིག་གནས་རྨང་གཞི་བརྟན་པ། རང་རྒྱལ་གྱི་གྲངས་ཉུང་མི་རིགས་གཙགས་དྲུབ་ཁག་ལས་ནང་དོན་ཆེས་ཕུན་སུམ་ཚོགས་པའི་བོད་ཀྱི་གཙགས་དྲུབ་ཀྱི་རིགས་ཤིག་ཡིན་པས་ཀོས་ནན་ཡུལ་ལ་བོད་སྲོལ་གཙགས་དྲུབ་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཐོགས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com