མ་ཎི་ལག་འཁོར།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-04-19 11:01:40 ཀློག་གྲངས།:

 

བོད་རིགས་མི་དམངས་ནི་ནང་བའི་ཆོས་ལ་དད་མོས་བྱེད་པར་ཧ་ཅང་དགའ་བོ་ཡོད་ལ། དུས་རྒྱུན་ཁོམ་སྐབས་ཙམ་བྱུང་ཚེ་ཁ་བརྡ་སོགས་མི་བཤད་པར་རྒན་གཞོན་ཕོ་མོ་ཀུན་གྱིས་མ་ཎི་འདོན་པ་རེད།  དེ་ཡང་མ་ཎི་འཁོར་ལོ་བྱུང་ཚུལ་ནི་སྔོན་ཆད་མང་ཚོགས་ཁྲོད་ཡི་གེ་ཤེས་མཁན་ཉུང་སྟབས་མ་ཎི་འཁོར་ལོ་བཟོས་པ་ཡིན་ཞིང་།  དེ་ལ་ཡང་རིགས་གཉིས་ཡོད་དེ།  གཅིག་ནི་ལག་ནང་དུ་བཟུང་ནས་བསྐོར་བའི་མ་ཎི་ལག་འཁོར་ཡིན་པ་དང་ཅིག་ཤོས་ནི་དགོན་པའི་ཕྱི་སྐོར་དང་བར་སྐོར་སོགས་སུ་སྒྲོམ་གཞི་ལས་ནས་བཙུགས་ཡོད་པའི་མ་ཎི་འཁོར་ལོ་ཆེན་པོ་དེ་ཡིན། 

 

  མ་ཎི་འཁོར་ལོ་ནི་སྲོག་ཤིང་སྟེང་དུ་མ་ཎི་ཡིག་དྲུག་དཔར་བའི་ཤོག་བུ་དཀྲིས་ནས་བཟོས་པ་དང་ཕྱི་ཐུམ་ལ་དངུལ་དང་། ཟངས་ལྕགས།  ཤིང་རིགས་ལས་བཟོས་པ་ཡོད་ཅིང་།  སྟེང་དུ་བཀྲ་ཤིས་པའི་རི་མོ་སྣ་མཚོགས་ཀྱིས་བརྒྱན།  མ་ཎི་ལག་འཁོར་ཐེངས་གཅིག་བསྐོར་ན་དཀྲིས་ཤོག་སྟེང་དུ་དཔར་བའི་ཡིག་དྲུག་གི་མང་ཉུང་ལྟར་ཕན་ནུས་ལྡབ་འགྱུར་གྱི་ཆེ་ཞིང་ཁ་ནས་བཏོན་པ་དང་ཁྱད་པར་མེད་ཞེས་བཤད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།