བོད་རིགས་ཀྱིས་སྤྱོད་གོ་ཆེས་ཆེ་བའི་ཟས་སྣོད་ཅ་ནེ།
གནའ་ནས་ད་ལྟའི་བར་དུ་བོད་རིགས་རང་གི་སྲོལ་རྒྱུན་ལྟར་དུ་མི་ཕལ་ཆེ་བའི་སྤྱོད་གོ་ཆེས་ཆེ་བའི་ཟས་སྣོད་ནི་རང་ཉིད་ཀྱི་ལག་ནང་གི་ཅ་ནེ་ཡིན་ལ། ཇ་དང་ཆང་སོགས་འཐུང་བའམ་རྩམ་པ་ཟ་ན་ཡང་ཅ་ནེ་ནི་བོད་མིའི་ལག་ནང་གི་མེད་དུ་མི་རུང་བའི་ཟས་སྣོད་ཡིན་ཏེ། ཅ་ནེ་བཟོ་བའི་རྒྱུ་ཆ་ལ་ཤིང་སྟག་པ་དང་ཡང་ན་གཞན་པའི་ཤིང་སྣ་མང་པོ་ལས་ཤིང་རྐོས་བྱས་ནས་གྲུབ་པ་དང་། སྤུས་ལེགས་ཤིང་རྒྱུ་སྲ་བ་དང་། སྤྱིར་བཏང་དུ་གས་ཆག་མི་ཤོར་ཞིང་། ཞིབ་འཇམ་ལྡན་པར་མ་ཟད། ཕྱི་ནང་གསེར་དངུལ་ཟངས་གསུམ་སོགས་ཀྱིས་བརྒྱན་ཏེ་སྟེང་ལ་བཀྲ་ཤིས་རྟགས་བརྒྱད་དང་། གཡུ་འབྲུག་སྔོན་མོ་ལ་སོགས་ཀྱི་རི་མོས་སྤྲས་ཤིང་། ཧ་ཅང་མཛེས་སྣང་སྟེར།
དེ་ཡང་ཅ་ནེ་བཟོ་བའི་བརྒྱུད་རིམ་ལ་ལྔ་ཡོད་དེ། དང་བོ་རྒྱུ་ཆ་བདམས་པ། གཉིས་པ་རླུང་སྐམས་བྱེད་པ། གསུམ་པ་དབྱིབས་བཟོ། བཞི་བ་འཇམ་རྡར་བྱེད་པ། ལྔ་བ་ཚོས་དབྱུག་པ་བཅས་ཡིན། ཅ་ནེ་ལ་ཡང་ཆེ་ཆུང་སྣ་ཚོགས་ཡོད་པ་ལ་དེ་རེ་རེ་ཡིས་སྤྱོད་སྒོ་ཡང་མི་འདྲ་ཞིང་ནང་དུ་ཟས་རིགས་ལ་སོགས་ཉར་ན་དྲི་མི་ཡལ་བར་ཁ་ལ་ཞིམ་པ་དང་། ཡུལ་ཕྱོགས་གང་དུ་འགྲོ་ན་ཡང་ཁྱེར་བདེ་ཞིང་དུག་འགོག་ལ་སོགས་ཀྱི་ཁྱད་ཆོས་ལྡན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com