རྒྱལ་ཐང་གི་སྲོལ་རྒྱུན་ཤིང་བཟོས་ཐོན་རྫས།

རྩོམ་པ་པོ།:ཆི་ཅུ་ཀོང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-04-16 08:45:30 ཀློག་གྲངས།:

   རྒྱལ་ཐང་ནི་མཐའ་མཚམས་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་ཞིག་ཡིན་ལ། ལོ་རྒྱུས་ཐོག་དེ་གའི་མི་རིགས་ཁག་གི་བཟའ་བཏུང་འགྲོ་སྡོད་ཐད་ཀྱི་སྤྱོད་བྱེད་ནི་ཤིང་བཟོས་ཐོན་རྫས་ཤ་སྟག་ཡིན། བཅིངས་འགྲོལ་བྱས་རྗེས་ཐོན་སྐྱེད་གོང་དུ་འཕེལ་བ་དང་མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་བ་དང་ཆབས་ཅིག ཤིང་བཟོས་ཡོ་བྱད་ཐོན་སྐྱེད་བྱ་བ་དེ་རིམ་བཞིན་བཟོ་རྩལ་ཐོན་རྫས་ཐོན་སྐྱེད་བྱེད་པར་གྱུར། སྤྱོད་གོ་ཆོད་ལ་མཛེས་རྩལ་ལྡན་པའི་མི་རིགས་ཀྱི་ཤིང་བཟོས་བཟོ་རྩལ་ཐོན་རྫས་ཆེད་དུ་ཐོན་སྐྱེད་བྱེད་ཀྱིན་གདའ། བཟོ་གྲྭ་དེར་བཀྲག་རྩི་འཁོར་ཁང་དང༌། ཤིང་ཕོར་འཁོར་ཁང༌། དངུལ་བཟོ་འཁོར་ཁང༌། ཞིང་བརྐོས་འཁོར་ཁང་སོགས་བཙུགས། ཐོན་རྫས་ཀྱི་རྒྱུ་ཆ་ནི་ཞིང་སྟག་མ་དང༌། གསོམ་ཞིང་དམར་པོ། སེའུ་ཤིང་སོགས་མཐོ་སྒང་གི་ཤིང་སྡོང་རྩ་ཆེན་དག་ཡིན་ཁར། སྲོལ་རྒྱུན་གྱི་བཀྲག་རྩི་རྒྱག་སྟངས་སྤྱད་ནས་ཐོན་པ་ཡིན། ཐོན་རྫས་ལ་ད་བེར་བརྐོས་མ་ཡོད་ཅིང༌། དེའི་ནང་དུ་ནོར་བུ་འབྲུག་འཁྱིལ་དང༌། བྱ་འབྲུག་ཁ་སྤྲོད། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། དེ་བཞིན་རྒྱ་ལྷ་བརྒྱད་དང༌། རི་དྭགས་བསེ་རུ། ཤྭ་བ་རྔ་རིང་སོགས་ཀྱི་རི་མོ་བརྐོས་པའི་ད་བེར་ཡོད། བཟོ་བའི་ཁྱད་འཕགས་ཀྱི་ལག་རྩལ་ལས་གསོན་ཉམས་ལྡན་པའི་རི་མོ་དག་མིག་གིས་ལོངས་སུ་སྤྱོད་པར་མངོན། ཆ་སྒམ་མཆོད་གཤོམ་གྱི་ཐོག་ལ་བོད་བརྒྱུད་ནང་བསྟན་གྱི་མཆོད་འབུལ་གྱི་རི་མོ་སྣ་ཚོགས་བརྐོས་ཡོད། བོད་ཀྱི་མདུན་ཅོག་ངོར་“འབྲུ་སྣ་ཕུན་སུམ་ཚོགས་པ་”དང་“དཔལ་བེའུ་”སོགས་ཀྱི་རི་མོ་བརྐོས་འདུག སྔོན་ཆད་ཕྱུག་པོ་དང་དཔོན་རིགས་ཀྱི་མཚོན་རྟགས་ཡིན་པའི་བཟོ་རྩལ་ཐོན་རྫས་དག་དེང་སང་རྫོང་ཡོངས་ཀྱི་ཁྱིམ་ཚང་ཀུན་ལ་ཁྱབ་སྟེ། བོད་ཁང་ནང་དུ་མེད་དུ་མི་རུང་བའི་ཁྱིམ་ཆས་སུ་གྱུར། དེ་བཞིན་བཟོ་གྲྭས་ད་དུང་རིན་གོང་དང་ཚད་གཞི། བཟོ་དབྱིབས་མ་འདྲ་བའི་ཤིང་ཕོར་དང། རྩམ་སྒམ། ཇ་ཕོར། མིག་མངས་ཀྱི་རྡེའུ་སྣོད། ཆང་བྱད་སོགས་ཐོན་རྫས་རིགས་སྣ་༢༠ལྷག་ཐོན་སྐྱེད་བྱེད་བཞིན་ཡོད། ཐོན་རྫས་ནི་སི་ཁྲོན་དང༌། བོད་ལྗོངས། རྒྱ་གར། བལ་པོ་སོགས་ས་གནས་དང་རྒྱལ་ཁབ་དག་ལ་བྲིན་བདེ་བས་མི་ཚད། རྒྱལ་ཁབ་ཕྱི་ནང་གི་ལྗོངས་རྒྱུ་བ་ཚོས་ཧ་ཅང་མཉེས་པོ་གནང་བཞིན་མཆིས།                  

 

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།