དངུལ་བཟོས་ཐོན་རྫས་བཟོ་རྩལ།
དངུལ་ཆས་ནི་མི་རིགས་ས་ཁུལ་དུ་མེད་དུ་མི་རུང་བ་ཞིག་ཡིན་ལ། སྐྱེ་བོ་ཚོའི་དཔལ་འབྱོར་གྱི་སྟོབས་ཤུགས་མཚོན་བྱེད་ཀྱང་ཡིན། སྐུ་ཉིད་བོད་པའི་ཁྱིམ་དུ་ཕེབས་སྐབས། བདག་མོས་ཤིང་ཕོར་དངུལ་ཤན་མའི་ནང་དུ་གསོལ་ཇ་བླུགས་ནས་ཁྱེད་ལ་འདྲེན་གྱི་ཡོད། ཤིང་ཕོར་དངུལ་ཤན་མར་བུབས་ཤན་དང་ཕྱེད་ཤན་གཉིས་ཡོད། ཤིང་ཕོར་བུབས་ཤན་མའི་དཀྱིལ་དུ་གསེར་ནག་ཤན་ཡོད་ལ། ཕོར་པ་དེ་ནི་ཕྱུག་པོའི་མཚོན་རྟགས་ཡིན་པ་མ་ཟད་ཟས་དུག་ཀྱང་འགོག་ཐུབ་ཅེས་བཤད་སྲོལ་ཡོད། ཤིང་ཕོར་དངུལ་ཤན་མའི་ངོར་“ནོར་བུ་འབྲུག་འཁྱིལ་”དང་“བཀྲ་ཤིས་རྟགས་བརྒྱད་”སོགས་བརྐོས་ཡོད། གཞན་ཡང་དངུལ་གྱི་ལག་གདུབ་དང༌། རྡོ་རྗེ་ཕ་ལམ་ཤན་པའི་གསེར་དང་དངུལ་གྱི་མཛུབ་དཀྲིས་རྟ་སྒ་མ། དངུལ་གྱིས་བཟོས་ཤིང་གསེར་དང་གཟི་ཤན་པའི་གའུ། དངུལ་གྱི་གྲི་ཤུབ། དཀྱིལ་ཁྲ་མ་ན་ཧོ་ཤན་པའི་དངུལ་གྱི་སྣ་ལོང༌། དངུལ་གྱི་ཆབ་མ། དངུལ་གྱི་མདའ་ར། སྒོར་ཁུག་དངུལ་སྒྲོག་མ་སོགས་སྣ་ཁ་བཅུ་ཕྲག་ཁ་ཤས་ཡོད།(བློ་བསྟན་གྱིས་བསྒྱུར)
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com