འབྲི་གཞི་ཤོག་བུ་བཟོ་ཐབས།

རྩོམ་པ་པོ།:དཀོན་མཆོག་བསྟན་འཛིན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-04-13 10:29:18 ཀློག་གྲངས།:

  དེ་ཡང་འབྲི་གཞི་ཤོག་བུ་བཟོ་བའི་རྒྱུ་ལ་རབ་འབྲིང་ཐ་གསུམ་ཡོད་པ་ལས་རབ་ནི།  ཤོག་ལྡུམ་དུང་ལོ་མ་ཡིན་ཞིང་།  དེ་ཡང་ས་ནག་དང་ཤུག་ཁྲོད་སོགས་རྫ་དང་བྲག་མེད་པའི་སར་སྐྱེས་པ་དེ་བཟང་སྟེ།  བྱེ་མ་དང་ས་དམར་གཡམ་པའི་ནང་དུ་སྐྱེས་པ་ནི་རྒྱུ་སྲ་ཞིང་ཚོས་དཀའ་བ་ཁ་སེར་བ་ཡིན་པས་འབྲིང་པོ་དང་།  ཤུན་པ་མཐུག་ཅིང་འབུ་ཡོད་པ་ནི་དམན་པར་བཤད་དོ།།

  ལྡུམ་བུ་ལེགས་པར་བཏུས་ནས་ས་རྡུལ་བཀྲུ་བཤལ་དང་ཕྱི་ཤུན་བྲད་བརྡར་བྱས་ཏེ་པོ་བླངས།  བྱ་རྡོ་བསྲེགས་པ་ཆུ་འཁྱག་ཏུ་འཕངས་ཏེ་དཀྲུགས་ལ་གར་སླ་དར་བ་ཙམ་བྱས་པ་ལྕེ་ཐོག་ཏུ་བླུག་ན་རྒྱ་ཚྭ་ལྟར་འབིགས་པ་ནི་ལེགས་ཏེ།  ལམ་དུ་མ་སོང་ན་ངར་མི་འབྱུང་ངོ་།།  དེ་ཉིད་གྲུངས་གཞུག་སྙིགས་མ་མེད་པའི་ཁུ་བའི་ནང་དུ་ཤོག་བུ་ལྡུམ་བཙོའོ།།  དེ་ལྟར་མ་གྲུབ་ན་ཐལ་ཁུའི་ནང་དུ་བཙོས་ཀྱང་ཆོག་ལ།  ཚོས་ནས་རྡོ་གཏུམ་དུ་བརྡུང་ནས་ཟན་ལྟར་གྱུར་པ་དང་ཤོག་ཁ་རེའི་ཚད་མ་མཉམ་པར་བགོས་པ་དེ་སྣོད་དུ་ཆུ་ནང་དཀྲུགས།  རྫིང་སོགས་ཆུ་འཁྱུལ་གཙང་མའི་ནང་དུ།  ཤོག་བྲེ་ཞེས་ཤོག་ཁ་ཆེ་ཆུང་གང་འདོད་པའི་ཚད་ཅན་གྱི་ཤིང་སྒམ་གྱི་ཁེབས་གཅོད་མཐིལ་མེད་པ་ལྟ་བུ་གྲུ་བཞི་སྤྲས་པའི་ཕྱོགས་གཅིག་ཏུ་སིང་རས་སམ་དར་སྲབ་ཞིབ་འཇམ་པ་ཚགས་ལྟ་བུ་དེའི་ནང་དུ་བླུགས་ལ་མ་ཡོ་བ་རྫིང་ཆུའི་སྟེང་དུ་བཙག་དཀྲུགས་བྱས་ཟིན་པ་དང་བླངས་ཏེ།  སྐམ་དུ་བཅུག་ནས་གྲུབ་བོ།།  ཆུར་བཙག་དཀྲུག་བྱེད་པར་ཤོག་བྲེ་ཡོ་ན་ཤོག་བུར་སྲབ་མཐུག་འགྲོ་ཉེན་ཆེ་ཞིང་།  ཆ་སྙོམས་པར་དཀྲུགས་ཤིང་ཆུ་ལས་བླང་དུས་མ་གཟབ་ན་བུག་རྡོལ་འབྱུང་ཉེན་དང་།  ཤོག་ལྡུམ་མ་ཚོས་ན་དུལ་དཀའ་བ་དང་།  གཏུམ་བརྡུང་གིས་མ་དུལ་ན་འཇམ་པོ་མི་འོང་བ་དང་།  རྡོ་གཏུམ་སྲ་མཁྲེགས་དང་གཙང་མ་མིན་ན།  ཤོག་མདོག་མི་གཙང་བ་སོགས་འབྱུང་བས་འདི་དག་གཟབ་གལ་ཆེ་བར་བཤད།  དུང་ལོ་མ་ནི་ཤོག་བུ་སྲབ་མཐུག་གང་འདོད་བྱེད་པའི་རྒྱུ་ལས་མཆོག་ཏུ་བཤད་དོ།།

  རྒྱུ་འབྲིང་པོ་ནི་ཨ་ག་རུའི་ཤུན་པ་སྟེ་སྔོ་བཤུས་བྱས་པའི་ཤུན་པའི་ནང་གི་བར་ཤུན་ཐོག་མར་ཡུན་ཙམ་བཙོས་ནས་ཁུ་བ་འཕོ།  གཞན་གྱི་བཙོ་བརྡུང་དཀྲུགས་བླུག་ཐམས་ཅད་གོང་ལྟར་བྱ་ལ།  འདིའི་ཁྱད་ཆོས་ནི་མཐུག་པོར་ལེགས་པས་གླེགས་བམ་འབྲི་གཞི་མཆོག་ཏུ་བཤད་དོ།།

ཐ་མ་ནི་རེའུ་ལྕག་གི་རྩ་བ་སྟེ།  འདི་ལས་བཟང་བ་བྱེ་མ་འབོལ་དང་ས་ནག་སོགས་སྙི་སར་སྐྱེས་པའི་རེའུ་ལྕག་གི་རྩ་བ་བརྐོས་ནས་སྐོགས་དང་ནས་སྙིང་གཉིས་དོར་བའི་བར་ཤུན་རྒྱུས་པ་ལྟ་བུ་དེ་ཐལ་ཁུའི་ནང་དུ་བཙོས་པས་བལ་ལྟར་ལྷོད་པར་འོང་།  དེ་ལ་དུག་ཡོད་པས་དུག་འདོན་ཨ་རུ་ར་ཐུམ་གཅིག་འདེབས།  བརྡུང་དཀྲུགས་བླུགས་ཐམས་ཅད་གོང་ལྟར་ལ་འདི་གོང་གཉིས་ལྟར་རྒྱུ་བཟང་པོ་མི་འོང་ཡང་།  དུག་ཡོད་པས་འབུ་སྲིན་གྱིས་གནོད་པ་མི་ཚུགས་པས་ཡུན་དུ་གནས་པར་མཆོག་ཏུ་བཤད་དོ།།

  ཤོག་བུ་ལེགས་པའི་ཚད་ནི།  སྲབ་མཐུག་དང་བུག་རྡོལ་མེད་པ།  ནག་དྲེགས་དང་འཛར་འཛོར་མེད་པ།  དབུར་རྡོས་བརྡར་ན་ས་རྡོ་བའི་ར་རི་མེད་པ།  འབོལ་ཞིང་དཀར་ཞད་ཆེ་ལ་ཁམས་འཛིན་པ་དེའོ།།

  ཤོག་བུ་སྤུ་གཅོད་དང་སྦག་འདོན་བྱེད་ཐབས་ནི།  ཤོག་བུ་བཟོས་ཟིན་ནས་ཐོག་མར་སྤུ་གཅོད་མ་བྱས་ན་དབུར་བ་ཙམ་གྱིས་ངོས་འཇམ་པོ་འོང་དཀའ་བས་སྦག་འདོན་མ་བྱས་སྔོན་དུ།  རྡོ་དཀར་དཀར་སོབ་ཀྱིས་བྲད་རྡོལ་མི་ཤོར་བར་དྲུད་བརྡར་ཅུང་ཟད་བྱ།  དེ་ནས་གྲོ་ཕྱེ་བཙགས་མ་ཆུ་ནང་འོ་མ་ལྟར་དཀྲུགས་སྦུ་བ་བྱུང་བ་རྣམས་བཅུས་ནས་དོར་དེ་ཅུང་ཟད་གྲུངས་སུ་བཅུག་པའི་དྭངས་མ་ཆ་གཉིས་སུ་བགོས་པའི་ཆ་གཅིག་མེ་ལ་ཚོས་པར་བསྐོལ་ནས་ཕོག་ལ།  མ་བསྐོལ་བའི་ཆ་གཅིག་པོ་དེ་བསྲེས།  རླུང་དང་རྡུལ་མི་འབྱུང་ཞིང་ཉི་མ་ལ་ཚ་ཞིང་རླན་ཅུང་ཡོད་པའི་སར་ཤོག་བུ་གོང་གི་བག་ཆུར་དྲངས་ནས་སྐམ་དུ་གཞུག་གོ །  གྲོ་ཕྱེ་ཞག་ཉི་ཤུ་ཡན་སོང་བའི་ར


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།