བོད་སྲོལ་ས་གདན་གྱི་འབྱུང་ཁུངས་དང་ཚོན་རྒྱུ།

རྩོམ་པ་པོ།:ཕག་གྲུབ། ཡོང་ཁུངས།:བོད་ཀྱི་དྲ་བ། དུས་ཚོད།:2008-04-10 08:57:50 ཀློག་གྲངས།:

 

 

   མཚོ་བོད་མཐོ་སྒང་གི་བཀག་སྡོམ་གྱི་རང་བྱུང་ཁོར་ཡུག་དང་བོད་མིའི་ཆོས་ལུགས་དད་མོས།  དེ་མིན་མཐོ་སྒང་གི་མོ་ཁོ་ནར་འཛོམས་པའི་སྤོབས་བ་དང་གཤིས་ཀ་སོགས་ལས་བོད་སྲོལ་ས་གདན་ལ་བརྗིད་ཉམས་ལྡན་པ་དང་།  གནའ་ཉམས་བབ་ཆགས་བཅས་ཀྱི་ས་ཁུལ་དང་མི་རིགས་ཀྱི་གཤིས་ཉམས་ལྡན་པས།  འཛམ་གླིང་གི་ས་གདན་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད།  བོད་སྲོལ་ས་གདན་ནི་འཛམ་གླིང་རང་བཞིན་གྱི་ཐོན་རྫས་ཤིག་སྟེ།  དེའི་འབྱུང་ཁུངས་ནི་ཀྲུང་གོ་ཡིན་ལ།  དེ་ནི་མཚོ་བོད་མཐོ་གཞོངས་སུ་གཞིས་སྡོད་བྱས་པའི་གནའ་བོའི་བོད་རིགས་ངལ་རྩོལ་མི་དམངས་ཀྱི་བློ་གྲོས་ཀྱི་སྙིང་བཅུས་ཡིན་པ་དང་།  དེར་འཇམ་ཞིང་སྤྱོད་ཤན་ཆེ་ལ།  མཛེས་ཤིང་ལྟ་ན་སྡུག་པ།  མི་རིགས་ཀྱིནཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ལ།  དེས་རློན་བཤེར་དང་གྲང་ངར་འགོག་ཅིང་།  དྲོད་འཛིན་དང་དྲོད་ལེན་པའི་ནུས་པ་གལ་ཆེན་ཐོན་ཐུབ།  བོད་རིགས་ཀྱིས་གནའ་སྔ་མོ་ནས་ལུག་བལ་གྱིས་སྦྲ་གུར་དང་།  གྱོན་ལྭ།  ཉལ་ཐུལ།  ཁ་གདན་སོགས་དྲོད་འཛིན་དང་རྒྱན་ཆ་བཟོས་ཡོད་པ་འདི་ལ།  གནའ་རྫས་རྟོག་ཞིབ་ལས་རིགས་ཁག་གིས“བལ་གདན”ཞེས་འབོད་བཞིན་ཡོད།  སྤྱི་ལོ་དུས་རབས་བཅོ་བརྒྱད་ནས་བཅུ་དགུ་ལ་བོད་བརྒྱུད་ནང་བསྟན་རིག་གནས་སྔར་ལས་ལྷག་པར་དར་སྤེལ་དང་ཆིན་སྲིད་གཞུང་དང་བོད་ཀྱི་བླ་བཙུན་བར་གྱི་འབྲེལ་འདྲིས་དམ་ཟབ་བརྒྱུད་དེ།  བོད་སྲོལ་ས་གདན་ནི་མཆོག་ཏུ་གྱུར་བའི་ལག་སྐྱེས་སུ་གྱུར་ནས་ནང་ལིགས་སུ་ཁྱབ།  དེ་དང་བསྟུན་ནས་ས་གདན་གྱི་བཟོ་རྩལ་ལའང་བཅོས་སྒྱུར་བྱུང་སྟེ་བོད་སྲོལ་ས་གདན་གྱི་བཟོ་རྩལ་ཕུན་སུམ་ཚོགས་པར་གྱུར།  ལ་རྒྱུས་དཔྱད་གཞིའི་ཡིག་ཆ་ལས་དབྱེ་ཞིབ་བྱས་པ་ལྟར་ན།  བོད་སྲོལ་ས་གདན་ཐོན་སྐྱེད་བྱས་ནས་གནའ་ནས་ད་ལྟའི་བར་དུ་ལོ་སྟོང་ཕྲག་འགའི་ལོ་རྒྱུས་ལྡན།  1959ལོར་ནུའོ་མུའུ་ཧུང་ཐ་ཐེ་ཐ་ལེ་ཧ་ནས་དུས་རབས10བའི་བལ་འཐག་བྱེད་ཀྱི་འཁལ་འཁོར་མང་པོ་ས་འོག་ནས་ཐོན་ལ།  དེའི་ཁྲོད་ཚོན་མདོག་དང་ལྡན་པའི་བལ་གདན་གྱི་ལྷག་རོ་ཞིག་ཡོད་པ་དེ་ནི་ལི་ཆས་སྤྱོད་པའི་དུས་སྐབས་སུ་བྱུང་བ་ཡིན་ལ།  ད་ལྟའི་བར་ཆེས་སྔ་བའི་བལ་གདན་གྱི་ལྷག་རོ་ཡིན།  གནའ་རྫས་རྟོག་ཞིབ་པས་ལོ་ངོ་ཉིས་སྟོང་ཡར་སྔོན་གྱི་ལག་བཟོ་བོད་སྲོལ་ས་གདན་གྱི་གདོད་པའི་རྣམ་པ་དང་དེང་རབས་བོད་ཀྱི་ས་གདན་གྱི་གདོད་མ་ཡིན་པའང་ར་སྤྲོད་བྱས།

  སྲོལ་རྒྱུན་གྱི་ས་གདན་འཐག་ཆས་ནི་གྱང་ངོས་ལ་འཕྲེད་དུ་ཁེན་ནས་ལས་པའི་ཤིང་གི་འཁེལ་འཐག་འཕྲུལ་ཆས་ཞིག་ཡིན།  དེའི་སྒྲིག་གཞི་ཧ་ཅང་སྟབས་བདེ་ཡིན་ཞིང་།  ཟུར་བཞི་ཅན་གྱི་ཤིང་ལེབ་གཉིས་ཀྱི་སྟེང་འོག་ཏུ་ཤིང་ལེབ་འཕྲེད་དུ་བརྒྱུས་ཡོད་པ་དེས་རྩ་བའི་གཞི་སྒྲོམ་གྲུབ་ཡོད་ལ།  མིག་སྔར།  ཤིང་གི་འཐག་ཆས་འདི་རིགས་ཕལ་ཆེར་སུས་ཀྱང་བཀོལ་སྤྱོད་བྱེད་ཀྱིན་མེད་ལ།  ས་གདན་གྱི་བལ་སྐུད་དམ་ལྷོད་དང་ལེགས་སྒྲིག་བྱེད་ཐབས་སོགས་ལའང་ཤིང་གཟེར་བཀོལ་ཀྱིན་མེད་པ་འདྲ།  དེའི་ཚབ་ཏུ་ད་ལྟ་རྣོ་ལྕགས་ཀྱིས་གྲུབ་པའི་གཅུས་གཟེར་དང་སྣུམ་གནོན་འདེགས་འབེབས་འཕྲུལ་ཆས་བཅས་བཀོལ་བཞིན་ཡོད།

  བོད་ཀྱི་སགདན་ཚོན་མདོག་ལ་སྣ་ཁ་ཙུན་སུམ་ཚོགས་པོ་ཡོད་པ་དང་།  སྔོན་ཆད་ཚོན་རྒྱུ་གཙོ་བོ་སྐྱེ་དངོས་དང་གཏེར་དངོས།  ཚོན་མདོག་ཅན་གྱི་ས་སོགས་བསྲེ་སྦྱོར་བྱས་ཏེ་སྣ་ཁ་མི་འདྲ་བའི་ཚོན་མདོག་སྣ་ཚོགས་ཡིན་ལ།  དེ་ལས་གཞན་ཧིན་རྡུ་དང་ནེ་པ་ལ་སོགས་ཁྱིམ་མཚེས་རྒྱལ་ཁབ་དག་ནས་ནང་འདྲེན་བྱས་པའི་རྫས་འགྱུར་ཚོག་གཞི་སྤྱོད་པ་ཡིན།  རང་བྱུང་ཚོན་གཞི་བཀོལ་ན་དུས་རཡུན་རིང་བོར་ཚོན་མདོག་འགྱུར་ན་ཡང་ཚོན་གཞི་འདི་ལས་སྣོན་དང་འཚོལ་བསྡུལ་བྱེད་པར་དུས་ཚོད་མང་པོ་དང་ལས་བཟོ་བྱེད་པར་རྙོག་འཛིང་ལྡན་པས།  ད་ལྟའི་མི་མང་པོས་རྫས་འགྱུར་གྱི་ཚོན་གཞི་བཀོལ་སྤྱོད་བྱེད་པ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།