༄༅། བོད་ཀྱི་སྲོལ་རྒྱུན་རིག་གནས་དར་རྒྱས་བྱེད་པའི་ཕྱོགས་ལ་ཤུགས་བསྐྱེད་དགོས་པའི་སྐོར་གྱི་གཏམ་བཤད།

རྩོམ་པ་པོ།:དོར་ཞི། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-03-18 09:29:28 ཀློག་གྲངས།:

དང་པོ། མི་རིགས་དང་རིག་གནས་བར་གྱི་འབྲེལ་བ།

   རིག་གནས་ནི་མིའི་རིགས་དང་དུད་འགྲོའི་ཁ་ཁར་འབྱེད་བྱེད་ཀྱི་རྟགས་མཚན་གཅིག་པུ་རེད། རིག་གནས་ཡོད་པའི་སེམས་ཅན་ལ་མི་དང་། རིག་གནས་མེད་པའི་སེམས་ཅན་ལ་དུད་འགྲོ་ཟེར་བ་ཡིན་པར་གནའ་ནས་ད་ལྟའི་བར་གྱི་མཚན་ཉིད་སྨྲ་བ་ཚང་མའི་ལྟ་ཚུལ་མཐུན། དེ་ཡང་ཡིན་ཏེ། རིག་གནས་ཞེས་པ་ནི་སེམས་ཅན་མཐོ་རིམ་གྱི་བློ་རིག་གི་རྩལ་ལས་བྱུང་བའི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་སྐོར་ཅིག་གི་མིང་ཡིན་ལ།དུད་འགྲོ་ལ་རྟོག་བཅས་ཀྱི་ཤེས་པ་མེད་པས། སྐད་ཆ་བཤད་པ་དང་རིག་གནས་སྐྲུན་པ་དང་། དེ་བེད་སྤྱོད་པའི་ནུས་པ་ཡོད་པ་མ་ཡིན་ནོ། དེང་སང་རིག་གནས་ཟེར་བ་དང་བོད་ཡིག་གི་སྟེང་གི་རིག་གནས་ཟེར་བ་གཉིས་གོ་དོན་མི་འདྲ། བོད་ཡིག་གི་རིག་གནས་ཟེར་བ་དེ་སྐད་ཡིག་དང་རིགས་པའི་གཞུང་ལུགས་ཙམ་ལ་གོ་བ་ལེན་གྱིན་ཡོད། དཔེར་ན་རིག་གནས་བཅུ་དང་རིག་གནས་ལྔ་ཟེར་བ་ལྟ་བུ་རེད། དེང་སང་རིག་གནས་ཟེར་བའི་གོ་དོན་ནི་མིའི་རིགས་ཀྱི་ལུས་ཀྱི་བྱ་སྤྱོད། ངག་གི་འདུ་བྱེད། ཡིད་ཀྱི་ཉམས་འགྱུར་སོགས་ལུས་ངག་ཡིད་གསུམ་གྱི་བཟོ་རིག་དང་། དེ་ལས་བྱུང་བའི་བཟོ་བཀོད་དངོས་རྫས་སྣ་ཚོགས་ཀྱི་སྤྱི་མིང་རེད། རིག་གནས་ཀྱི་མཚན་ཉིད་དང་དབྱེ་བ་འབྱེད་ཚུལ་སོགས་འདྲ་མིན་སྣ་ཚོགས་ཡོད་ཀྱང་ཡིག་ཚོགས་བསྐུངས་ཕྱིར་རེ་ཞིག་བཞག མི་རིགས་ཞེས་པའི་མིང་འདི་ཡང་རུས་རྒྱུད་རིགས་རྒྱུད་སྟེང་ནས་ཕྱེ་ན་ནང་འགལ་མང་དུ་ཡོད་ལ། ལོ་རྒྱུས་སྟེང་དུ་རུས་རྒྱུད་རིགས་མི་གཅིག་པའི་ཚོ་སྡེ་མང་པོ་གཅིག་ཏུ་འདྲེས་པ་དང་། རུས་རྒྱུད་ཚོ་རྒྱུད་མི་གཅིག་པའི་ཁྱིམ་ཁ་དང་ཚོ་སྡེ་སོ་སོར་གྱེས་ནས་རིགས་གཞན་དུ་གྱུར་བ་སོགས་མང་དུ་ཡོད་པ་དང་། རིག་གཅིག་པའི་མི་རྣམས་སོ་སོར་གྱེས་པ་དང་། ཕན་ཚུན་འགྲོ་འོང་གི་འབྲེལ་བ་དང་། འཐབ་འཁྲུག་དང་འཕོ་སྐྱས་སོགས་རྒྱུ་མཚན་མང་དུ་ཡོད་པས་དེ་རིགས་གདེངས་འཇོག་རྟོག་ཞིབ་ཤིན་ཏུ་བྱེད་དཀའ་བ་ཞིག་རེད། རིག་གནས་ཀྱི་རྟགས་དང་མཚན་མའི་སྟེང་ནས་མི་རིགས་སོ་སོར་ཕྱེ་ན། གོང་དུ་བཤད་པའི་དེ་འདྲའི་དཀའ་ལས་མེད་པས། དེང་སང་རྒྱལ་ཁབ་ཕྱི་ནང་གང་དུ་ཡང་མི་རིགས་ཟེར་བ་འདི་གཙོ་བོ་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་རྟགས་མཚན་སྟེང་ནས་ཕྱེ་བ་རེད། ཟི་ཏ་ལིན་ནས་སྡོད་གནས། དཔལ་འབྱོར་ལམ་ལུགས། སྐད་རིགས། ཐུན་མོང་མ་ཡིན་པའི་རིག་གནས་ལས་གྲུབ་པའི་སེམས་རྒྱུད་དང་འདུ་ཤེས་ཀྱི་ཁྱད་པར་བཞི་བོ་མི་རིགས་འབྱེད་བྱེད་ཀྱི་རྟགས་མཚན་བྱེད་པ་དང་། འཇར་པན་གྱི་མཁས་པ་སྐོར་ཅིག་དང་ཀྲུང་གོའི་ཀྲིན་བཀུ་ཁྲིན་སོགས་མཁས་པ་སྐོར་ཅིག་གིས་རིགས་རྒྱུད་དང་། དད་མོས། ཆོས་ལུགས་མི་རིགས་འབྱེད་བྱེད་ཀྱི་རྟགས་མཚན་གཙོ་བོ་ཡིན་པར་འདོད་ཅིང་། སྡོད་གནས་དང་། ཐོན་སྐྱེད་བྱེད་སྟངས་མི་རིགས་འབྱེད་བྱེད་ཀྱི་རྟགས་མཚན་དུ་མི་འདོད་དོ། དེའི་རྒྱུ་མཚན་ཡང་། མི་རིགས་གཅིག་ས་ཁུལ་གཅིག་ཏུ་ཁེར་སྡོད་བྱེད་པའི་ངེས་པ་མེད་པ་དང་། དཔལ་འབྱོར་ལམ་ལུགས་སྟེང་ནས་མི་རིགས་སོ་སོར་འབྱེད་རྒྱུ་ཤིན་ཏུ་དཀའ་བས་མཐར་རིག་གནས་སྟེང་ནས་འབྱེད་པ་མ་གཏོགས་ཐབས་གཞན་མེད་པ་རེད་། དཔེར་ན། དབྱི་སི་ལན་ཆོས་ལུགས་དད་པའི་ཨ་རབ་པ་དང་། རྒྱ་ཧོས་ཧོས་ཚང་མར་དབྱི་སི་ལན་མི་རིགས་དང་། དབྱིན་ཅིའི་སྐད་བཤད་པའི་ནུབ་ཕྱོགས་ཀྱི་མི་ཚང་མར་དབྱིན་སྐད་མི་རིགས་ཟེར་བ་ལྟ་བུ་རེད། མི་རིགས་སོ་སོར་འབྱེད་བྱེད་ཀྱི་རྩ་བ་རིག་གནས་ཡིན་པའི་སྟབས་ཀྱིས་མི་རིགས་ཀྱི་བྱ་བ་གལ་ཆེར་བྱེད་ན་རིག་གནས་གལ་ཆེར་བྱེད་དགོས། མི་རིགས་ཀྱི་རིག་གནས་གལ་ཆེར་བྱེད་ན། མི་རིགས་ཀྱི་སྐད་ཡིག་སློབ་གསོ་བེད་སྤྱོད་བྱེད་པ་དང་སྲོལ་རྒྱུན་རིག་གནས་དར་རྒྱས་གོང་འཕེལ་བྱེད་དགོས་སོ༎

གཉིས་པ།  བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དབྱེ་བསྡུ།

    སྤྱིར་སྲོལ་རྒྱུན་རིག་གནས་ཞེས་པ་ནི་མི་ཡི་འགྲོ་བ་ཆགས་ནས་ད་ལྟའི་བར་དུ་བྱུང་བའི་རིག་གནས་ཡོངས་རྫོགས་རྒྱུན་གྱི་ངོ་བོར་གནས་པ་དེ་ལ་ཟེར། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ནི་མི་རིགས་དེའི་ལོ་རྒྱུས་རིག་གནས་ཀྱི་རྒྱུན་དེ་ལ་ཟེར་བ་དང་། རྒྱ་རིགས་ལྟ་བུ་ལ་མཚོན་ན་སྲོལ་རྒྱུན་རིག་གནས་ལ། སངས་རྒྱས་ཆོས་ལུགས་དང་། ཏོ་ཅོ། རུ་ཀྱ་བཅས་རིག་གནས་ཚང་མར་སྲོལ་རྒྱུན་རིག་གནས་སུ་ངོས་འཛིན་བྱེད་ཀྱིན་ཡོད། གནའ་ནས་ད་ལྟའི་བར་དུ་མདོ་དབུས་གཙང་གསུམ་གྱི་ས་བཟུང་བའི་པུར་རྒྱལ་བོད་ཀྱི་མི་རིགས་འདིའི་དབང་དུ་བཏང་ན། སྲོལ་རྒྱུན་རིག་གནས་ལ་དེང་སང་ཕལ་ཆེར་ཞིག་གིས་བོན་གྱི་རིག་གནས་དང་སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་གཉིས་སུ་ཕྱེ་མོད། དེ་ལྟར་ཕྱེ་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་ཡོངས་རྫོགས་མི་འདུ་བའི་སྐྱོན་ཡོད་དོ། དཔེར་ན། བོད་སྐད་དང་། ཟས་གོས་གནས་མལ། རྔོན་པ་དང་འབྲོག་པའི་ཐོན་སྐྱེད་བྱེད་སྟངས་སོགས་མི་ཡི་འགྲོ་བ་ཆགས་དུས་ནས་ཡོད་པ་ཞིག་ཡིན་དགོས་པས། བོན་ཆོས་གང་གི་རིག་གནས་ཀྱི་ཁོངས་སུ་ཡང་མི་གཏོགས་པར་སྣང་། དེས་ན་བོན་དང་ཆོས་ཀྱི་རིག་གནས་དང་། དེ་གཉིས་གང་ཡང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ཞེས་རིགས་གསུམ་དུ་དབྱེ་བསྡུ་བྱས་ན་ཕལ་ཆེར་གནས་ཚུལ་ངོ་མ་དང་མཐུན་སྙམ། གལ་ཏེ་མཐའ་གཅིག་ཏུ་བོན་དང་ཆོས་ཀྱི་རིག་གནས་གཉིས་སུ་ཁས་བླངས་ན། བོ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།