བོད་ཀྱི་ལོ་གསར་དངོས་སུ་གཏོང་ཚུལ་སྐོར་བཤད་པ།

རྩོམ་པ་པོ།:cnhg ཡོང་ཁུངས།:བོད་ཀྱི་དྲ་བ། དུས་ཚོད།:2008-02-04 09:44:08 ཀློག་གྲངས།:

  

 ཚེས་གཅིག་ཉིན་ནི་ལོ་གསར་དང་པོ་ཡིན་པས་གནམ་གང་གི་ནམ་ཕྱེད་ཡོལ་མ་ཐག་ཆུ་ཟོམ་ལ་ཁ་བཏགས་གཡོགས་ནས་ཆུ་ཕུད་ལེན་གྱི་ཡོད་ཅིང་།  ཆུ་ཕུད་དང་པོ་རག་མཁན་ནི་ཧ་ཅང་གི་རྟེན་འབྲེལ་བཟང་པོ་བརྩི་སྲོལ་ཡོད།  དེ་ནས་ཞོགས་པ་ཐབ་ལེན་བྱེད་མཁན་གྱི་ཆང་སྐོལ་ནས་ནང་མི་ཡོངས་ལ་ཆང་སྐོལ་བཏེགས་པ་དང་།  ཆང་སྐོལ་ལེན་མཁན་གྱིས་ཀྱང་བཀྲ་ཤིས་བདེ་ལེགས་ཞེས་ཆང་སྐོལ་ལེན་གྱི་ཡོད།  དེ་ནས་ཞོགས་པ་སྔ་མོ་ནས་ཇ་འཐུང་བ་དང་།  ལྷ་ས་ལྟ་བུ་ཡིན་ན་ལོ་གསར་གྱི་བཞུགས་གྲལ་བཏང་ནས་པ་ཕ་གོང་དུ་བཞུགས་པ་དང་དེ་ནས་ཨ་མ་བཞུགས།  རིམ་བཞིན་ཕྲུ་གུ་རྣམས་ལོ་ན་རྒན་གཞོན་གྱིས་སྡོད་པ་དང་དེ་ནས་ཨ་མས་པ་ཕར་མཇལ་དར་བསྒྲོན་པ་དང་དེ་ནས་ཕྲུ་གུ་རྒན་པ་ནས་གཞོན་པ་བར་གྱི་རིམ་བཞིན་ཕ་མར་མཇལ་དར་བསྒྲོན་གྱི་ཡོད།

  དེ་དག་ཚར་བ་དང་གྲོང་པ་ཁྱིམ་མཚེས་གྲོ་སོ་ཕྱེ་མར་འགྱོགས་རེས་བྱེད་ཀྱི་ཡོད་།  གྲོ་སོ་ཕྱེ་མར་འགྱོགས་དུས“བཀྲ་ཤིས་བདེ་ལེགས་ཕུན་སུམམ་ཚོགས།  ཨ་མ་བག་དྲོ་སྐུ་ཁམས་བཟང་།  གཏན་དུ་བདེ་བ་ཐོབ་པར་ཤོག   དུས་ཀྱི་ད་ཚོད་ལ་ཁྲ་རོག་རོག་མཇལ་རྒྱུ་ཡོང་བ་ཤོག  ཆར་ཆུ་དུས་སུ་འབབ་པ་ཤོག   ལོ་ཕྱུགས་རྟག་ཏུ་ལེགས་པ་ཤོག་སད་དང་སེར་བ་མ་གཏོང་།  དམག་འཁྲུག་དང་མུ་གེ་མ་ཡོང་།  མི་ནད་དང་ཕྱུགས་ནད་མ་གཏོང་།  ལུས་ལ་ན་ཚ་དང་།  སེམས་ལ་སྡུག་བསྔལ་མ་ཡོང་།  རྒྱལ་ཁམས་བདེ་ཞིང་སྐྱིད་པ་ཡོང་བ་ཤོག”ཅེས་ཕྱེ་མར་གཏོར་གྱིན་གཏོར་གྱིན་དུ་སྨོན་ལམ་གང་ལེགས་དང་གང་རྒྱས་རྒྱག་སྲོལ་ཡོད།  ཁམས་ཕྱོགས་སུ་ཡིན་ན་ལོ་གསར་ཚེས་གཅིག་ཉིན་ཆང་སྐོལ་འཐུང་བ་དང་།  ཕ་མར་མཇལ་དར་བསྒྲོན་པ།  ལོ་གསར་གྱི་བཞུགས་གྲལ་གཏོང་བ་སོགས་ཀྱི་གོམས་གཤིས་ཧ་ལམ་མེད།  འདིར་གསལ་བཤད་ཞུ་དགོས་པ་ཞིག་ལ་ལོ་གསར་གྱི་ཚེས་པ་གཅིག་ཉིན་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།  ཨ་མ་བག་དྲོ་སྐུ་ཁམས་བཟང་ཞེས་པ་དེ་ནི་ཤིན་ཏུ་དོན་ཟབ་མོ་ལྡན་པའི་སྨོན་ལམ་གྱི་ཚིག་བཟང་པོ་ཞིག་ཡིན་ཏེ་འཇིག་རྟེན་ཐོག་གི་མི་སུ་འདྲ་ཞིག་ཡིན་ཡང་རང་ཉིད་དྲིན་གྱིས་བསྐྱངས་པའི་ཨ་མ་ལས་རྩ་ཆེ་བ་འཛིན་མཁན་གཅིག་ཀྱང་མེད།  ལྷག་པར་དུ་བོད་རིགས་ལ་ཆ་མཚོན་ན་ཨ་མ་ནི་དྲིན་ཆེ་བ་དང་རྩ་བར་བརྩི་གི་ཡོད།  ཁ་རྒྱུན་དུ་ཡང“ཨ་ཕ་ཕྱི་ཡི་ལྕགས་རི།  ཨ་མ་ནང་གི་ནོར་བུ”ཟེར་བ་དང་།  “དབང་ཨ་ཕ་ཆེ་ཡང་།  ཕྱེ་ཁུག་ཨ་མའི་ལག”ཅེས་ཟེར་སྲོལ་ཡོད་པ་དང་།  གཞན་ཡང་ཨ་མ་ཞེས་པ་ནི་ཐམས་ཅད་གཞིའམ་རྩ་བ་ལ་གོ་དགོས་པ་ཡིན་ཞིང་།  སྨོན་ལམ་རྒྱག་དུས་ཀྱང་མ་རྒས་སེམས་ཅད་ཐམས་ཅན་ཅེས་བརྗོད་པ་ལྟ་བུ་ཡིན།  འོན་ཀྱང་ཉེ་བའི་ལོ་ཤས་ནང་ཨེ་མ་བག་དྲོ་ཞེས་བརྗོད་ཀྱི་ཡོད་པ་ནི་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་མངའ་མེད་པའི་མངོན་ཚུལ་ཡིན་པས་རང་ཅག་བོད་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་ཨ་མ་བག་བྲོ་ཞེས་འབོད་པའི་སྨོན་ཚིག་བཟང་པོ་དེ་ལ་འགྱུར་བ་གཏོང་དགོས་དོན་མེད་སྙམ།

  ལོ་གསར་ཚེས་གཉིས་ནས་བཟུང་དགའ་ཉེ་སྤུ་མཆེད་ཕན་ཚུན་ལོ་གསར་གྱི་མགྲོན་འབོད་བྱེད་རེས་བྱས་ཏེ་ཉིན་མང་པོ་ཐུགས་སྤྲོ་བཏང་ནས་གཞས་དང་ཞབས་བྲོ་རྒྱག་པ་སོགས་དགའ་སྐྱིད་དཔལ་ལ་རོལ་གྱི་ཡོད།  ལོ་གསར་དགའ་གཏོང་བྱེད་པའི་རྩེད་མོའི་རིགས་ལ་ལུང་པ་སོ་སོར་ཁྱད་ཆོས་མི་འདྲ་བ་ཡོད་པ་དང་དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་རིམ་བཞིན་འཕེལ་རྒྱས་ཀྱི་རྣམ་པ་ཡང་མང་པོ་ཡོད་པར་སྣང་།  ཚེས་གསུམ་ཉིན་དབུས་ཁུལ་ལྟ་བུར་ཆ་བཞག་ན་ལྷ་གསོལ་ཞེས་ཁྱིམ་ཚང་ཚང་མས་ཞོགས་པ་ཉི་མ་ཤར་མ་ཐག་ཁྱིམ་ཚང་གི་ནང་མི་རྒན་གཞོན་ཚང་མ་ཁང་པའི་ཡང་སྟེང་དུ་དོན་ནས་ལྷ་བསང་གཏོང་བ་དང་དར་ལྕོགས་བཙུགས་རྗེས་ལྷ་རྒྱལ་འཐེན་པ་དང་།  དེ་བཞིན་རི་མགོ་ཁག་ལ་ལྷ་བསང་གཏོང་བ་དང་དར་ལྕོག་འཛུགས་པ་སོགས་བྱེད་ཀྱི་ཡོད།  ལོ་གསར་གྱི་བྱེད་སྒོ་སྤེལ་ཚུལ་སྐོར་ཡུལ་ལུང་སོ་སོའི་བྱེད་སྟངས་མི་འདྲ་བ་ཡོད་པ་དཔེར་ན་ལྷོ་ཁའི་གྲོང་གསེབ་ཀྱི་ས་ཆ་མང་པོར་རྡོ་འགྱོགས་དང་།  རྡོ་སྒོར་སོགས་ཀྱི་རྩལ་འགྲན་བྱེད་པ་དང་།  ཁམས་ཕྱོགས་ཀྱི་ཡུལ་ལུང་མང་པོར་རྟ་རྒྱུག་པ་དང་།  ཤུགས་རྩལ་འགྲན་པ་སོགས་བྱེད་སྒོ་སྤེལ་ཀྱི་ཡོད། ལོ་གསར་གྱི་མགྲོན་འབོད་བྱེད་པ་དང་ཐུགས་སྤྲོ་གཏོང་བ་ནི་ཚེས་བརྒྱད་དང་དགུ་དང་།  བཅུ་ཙམ་ནས་ལོ་གསར་གཏོང་མཚམས་འཇོག་གི་ཡོད་ཀྱང་དེང་སང་འཚོ་བ་ཡར་རྒྱས་སོང་བས་ལོ་གསར་གཏོང་བའི་དུས་ཚོད་རིང་དུ་ཕྱིན་པར་སྣང་།

                      

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།