མཚོ་སྔོན་པའི་འགྲམ་རྒྱུད་ཀྱི་འབྲོག་པའི་ལོ་གསར་རོལ་སྟངས།

རྩོམ་པ་པོ།:གཅོད་པ་དོན་འགྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-02-03 20:57:53 ཀློག་གྲངས།:

   དང་པོ། ལོ་གསར་མ་ཐོན་གོང་གི་གྲ་སྒྲིག

   ལོ་གསར་ནི་འཛམ་གླིང་གི་རྒྱལ་ཁབ་མང་པོ་དང་མི་རིགས་མང་པོར་ཐུན་མོང་དུ་དར་བའི་ལོ་གཅིག་གི་ཆེས་འདུ་འཛི་ཆེ་བའི་དུས་སྟོན་རྒྱ་ཆེན་པོ་ཞིག་ཡིན།    འུ་ཅག་བོད་ཀྱི་ཁ་དཔེར།   གོས་ཡག་པ་ཡོད་ན་དྲུག་པའི་གླུ་རོལ་ལ་གོན།   ཟས་ཞིམ་པོ་ཡོད་ན་བོད་ཀྱི་ལོ་གསར་ལ་ཟོ།   ཟེར་བ་ལྟར་ལོ་གསར་གྱི་སྔ་རོལ་ཏུ་ཚང་མས་རྡུལ་སྤྲུག་གམ་དུད་འཕྱག་རྒྱག་པ་སོགས་ཀྱི་གཙང་སྦྲ་བྱེད་ངེས་ཡིན།   དེ་ལས་གཞན་དུ་དུང་ཁྱིམ་གྱི་དོ་ཆ་སྙོམས་སྒྲིག་ཐབ་ཀ་བསང་ཁྲི་སོགས་ཇེ་མཛེས་ཇེ་ལེགས་སུ་གཏོང་དགོས།    ལོ་དེའི་ལོ་ལྷ་ཤར་ལྷོ་ནུབ་བྱང་གང་དུ་ཡོད་པ་གསལ་བོར་བལྟས་རྗེས་ལོ་ལྷ་མི་གནས་སར་དུད་འཕྱག་གི་གད་སྙིགས་ཕ་བ་དང་དེའི་སྟེང་དུ་ཁ་ལག་བཀྲུས་ནས་ལོ་གཅིག་གི་མི་གཙང་བ་མཐའ་དག་ལེགས་པ་འདག་པ་བྱེད་ཅིང་།   མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ་མི་འབྱུང་བའི་བཀྲ་ཤིས་རྟེན་འབྲེལ་ཡང་ཡང་བརྗོད་པ་ཡིན།    ཉི་ཤུ་གཅིག་གཉིས་ནས་བཟུང་གོ་རེ་བཙོ་བ་དང་གོ་རེ་སྲེག་པ།   ཤ་བཙོ་བ།   ཞུན་ལྡུག་པ་སོགས་བྱ།   ཟས་རིགས་དེ་ཚོའི་ཁྲོད་ནས་ཆེས་ཁྱད་པར་བ་ནི་ཞུན་དང་རྒྱལ་པོ་གཉིས་ཡིན།   ཞུན་ནི་གཙོ་བོ་མར་དང་གྲོ་མ།   སིལ་དམར་རྒུན་འབྲུམ་བཅས་ལ་གྲུབ་པའི་འབྲོག་པའི་ཟས་རིགས་གལ་ཆེན་ཞིག་ཡིན།    དེར་ཆེ་འབྲིང་ཆུང་གསུམ་སྣ་ཚོགས་ཡོད།   ཆེ་བ་ནི་སླ་ང་ལྟ་བུ་དང་།   ཆུང་བ་ནི་དཀར་ཡོལ་གྱི་ཆེ་ཆུང་ཙམ་མོ།   །རྒྱལ་པོ་ཞེས་པ་ནི་གྲོ་ཕྱེ་ཡིས་ལས་པའི་གོ་རེའི་རིགས་ཤིག་ཡིན་ལ་དབྱིབས་ལ་ཟླུམ་པོ་དང་རྒྱ་གྲམ་གྱི་དབྱིབས།   དེའི་སྟེང་དུ་མེ་ཏོག་དང་རི་མོ་སྣ་ཚོགས་ཕབ་ཡོད་པའི་གོ་རེ་ཁྱད་པར་བ་ཞིག་ཡིན།   བོད་ལོའི་ཉི་ཤུ་དགུའི་དགོང་མོར་དགུ་ཐུག་གམ་དགུ་རྫོང་སྐོལ་བ་ལ་སྣ་ཁ་དགུ་ངེས་པར་དུ་ཚང་དགོས་པ་དང་དཀར་ཡོལ་དགུ་འཐུང་དགོས་ཏེ།   མ་འཐུངས་ཚེ་གཤིན་རྗེ་ཆོས་རྒྱལ་རྒྱ་མར་ཚད་དུ་ཡོང་ན་རྒྱ་ཁ་མི་ལོང་ཞེས་པའི་ངག་རྒྱུན་གྱི་གཏམ་རྒྱུད་གསོན་ཉམས་ལྡན་པ་ཞིག་ཀྱང་ཡོད་པ་རེད།

   གཉིས་པ།   ལོ་གསར་ཚེས་གཅིག་གི་ཆོ་ག

   ནམ་གུང་སྟེ་ཆུ་ཚོད་བཅུ་གཉིས་ལ་ཐོན་མ་ཐག་ནས་ཁྱིམ་ཚང་ཕལ་ཆེ་བ་ཞིག་གིས་བསང་ཕུད་དེ་ལོ་གསར་གྱི་མཛད་སྒོ་ཐོག་མ་སྟེ་དཀར་ཡོལ་འབྲུག་མའི་ནང་ལ་འོ་ཇ་དཀར་པོའི་ཁར་འབྲི་མར་སེར་པོ་འཕངས་ནས།   བཟའ་མི་ཚང་མས་མཉམ་གཅིག་ཏུ་ཞོགས་ཇ་འཐུང་འགོ་རྩོམ།   དེ་ནས་གོས་ལྭ་གསར་བ་གྱོན་ཞིང་ལོ་གསར་རུ་ཉུལ་ལ་འགྲོ་བའི་འགོ་རྩོམ་པ་དང་།   འབྲོག་པ་ཚོར་མཚོན་ན་ཉལ་གནོན་རྒྱལ་པ་ཟེར་བ་ཞིག་ཡོད་ལ་དེ་ནི་ནངས་སྔ་མོར་སུ་ཚང་ལངས་མེད་ན་དེ་ཚང་ལ་བཀྲ་ཤིས་པའི་ཁ་གཡང་སྒྲོག་བཞིན་སོང་ནས་ཁྱིམ་ཚང་ཁ་ཤས་དེ་ཁ་སྐྱེངས་པར་འཇུག་པ་དེ་ཡིན།   ལོ་གསར་རུ་ཉུལ་དུ་འགྲོ་བའི་གོ་རིམ་ནི་སྔོན་མ་གསར་བུ་དག་ཡིན་ཞིང་།    ལོ་གསར་གྱི་ལེགས་སྐྱེས་སུ་སྔོན་ཆད་ཡིན་ན་གོ་རེ་རྒྱལ་པོ་ཁྱེར་བ་ཡིན་ཞིང་།    འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་ཆང་དམ་དང་ཇ་བག   ཀ་ར་རྡོ།   ལྕགས་ཀྲིན་སོགས་ཁྱེར་བ་ཡིན་ཏེ་ཁྱིམ་ཚང་གང་ལ་ཐོན་ན་དེར་གླུ་ལེན་གར་རྩེད་དང་གཏམ་བཤད་པ་སོགས་རྩེད་མཚར་སྣ་ཚོགས་ལ་རོལ་བ་ཡིན།   དེ་ནས་ཉི་མ་རིམ་གྱིས་ཤར་བ་ན།    བྱིས་པ་ཚོ་འགྲོ་བའི་དུས་ཡིན་ཏེ་བྱིས་པ་ཚོའི་ལོ་གསར་གྱི་ལེགས་སྐྱེས་ནི་གོ་རེ་རྒྱལ་པོ་ཡིན་ལ།   ཕྱིར་བྱིས་པ་ཚོར་ཀ་ར་དང་ཤོག་སྦག   རྩེད་ཆས་སོགས་སྟེར་བ་ཡིན།    ཚེས་པ་གཉིས་གསུམ་ལ་སླེབས་ཚེ་བུད་མེད་རྣམས་ཕན་ཚུན་ལ་ལོ་གསར་དུ་འགྲོ་བ་ཡིན་ནོ། །

   གསུམ་པ།   བྱིས་པའི་མནོལ་སྟོན།

   ཚེས་གསུམ་གྱི་ཉིན་སུ་ཚང་གི་བྱིས་པ་ལོ་གསུམ་ལ་བུད་ན་དེར་སྟོན་མོ་ཆུང་ཆུང་རེ་བྱེད་པ་ཡིན།    ཚེས་གསུམ་གྱི་སྐྱེ་རེངས་བཀྱགས་མ་ཐག་རྒན་པོ་ལོ་ལོན་ཁ་གཙང་མགོ་གཙང་ཞིག་གིས་བྱིས་པའི་སྐྲ་བཞར་ཏེ་རལ་བ་འཇོག་པ་ཡིན།   ཁ་དཔེར།   དམག་མི་རལ་བ་ཅན།   དམག་རྟ་ཐམ་ཀ་ཅན་ཟེར་བ་ལྟར།   རལ་བ་མ་གཏོགས་ཚང་མ་བཞར་ཏེ་རས་ཐུམ་ལ་བཅུག་ནས་བྱིས་པ་རང་གི་ལྭ་བའི་ལྟག་རྒྱབ་ལ་བཙེམ།   བྱིས་པའི་སྐྲ་དེར་མནོལ་སྐྲ་ཟེར།   ཉིན་དེར་ཡང་ཅུང་འདུ་འཛི་ཆེ་ཞིང་བྱིས་སྟོན་གྱི་ལེགས་སྐྱེས་སོགས་མང་པོ་ཁྱེར་ཡོང་།    མཇུག་མཐར་ལོ་ལོན་རྒན་པོ་དེས་ཁ་གཡང་འབོད་པ་ཡིན་ལ།   དཔེར་ན།   ཁྱོད་བཙན་གྱི་རྩེ་མོ་དགུང་དང་མཉམ།   ཕྱུགས་ཀྱི་རུ་མ་ས་ལ་ཁྱབ།   རླུང་རྟ་རྟ་རྒོད་


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།