བོད་ཀྱི་སྡོད་ཁང་རགས་བརྗོད།

རྩོམ་པ་པོ།:cbct ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། དུས་ཚོད།:2008-01-27 14:00:15 ཀློག་གྲངས།:

  སྡོད་གནས་ཐད་ནས་བཤད་ན་ཞིང་ཁུལ་དང་། གྲོང་ཁྱེར། གྲོང་བརྡལ་གྱི་མི་རྣམས་ཁང་པའི་ནང་དུ་སྡོད་པ་ཡིན། ཁང་པ་ནི་ས་རྡོ་ལས་གྲུབ་པའི་གཞི་གྲུ་བཞིར་ཐོག་ཁོད་སྙོམ་པ་དང་ཁང་པའི་རྩིག་ཞེང་ཆེ་ལ་སྒོ་སྒེའུ་ཁུང་ཆུང་བའི་ཁྱད་ཆོས་ལྡན། ཁང་པའི་ནང་དུ་ཀ་བ་འཛུགས་པ་དང་ཀ་བའི་སྟེང་དུ་གཞུ་འབེ་ལོག་དང་དེ་སྟེང་གདུང་མ། གདུང་མའི་སྟེང་དུ་ལྕམ་ཞེས་གྲལ་སྟར་འགྲིག་པོར་བསྒྲིགས་ཐོག་དེའི་སྟེང་དྲེལ་མ་དང་དེ་སྟེང་དྲེལ་རྡོ་བརྒྱབ་ནས་འདམ་པའམ་ཨར་ཀ་རྒྱག་སྲོལ་ཡོད།

    སྤྱིར་བཏང་ཞིང་པ་དབུལ་ཕོངས་ཕལ་ཆེ་བའི་སྡོད་ཁང་ཐོག་གཅིག་མ་ཡིན་ཡང་ཁྲལ་པའི་ཁྲོད་སྡོད་ཁང་ཉིས་ཐོག་བྱས་པ་ཡོད་པ་སྟེང་ཐོག་ཏུ་མི་སྡོད་པ་དང་ཤོད་དུ་སྒོ་ཕྱུགས་སེམས་ཅན་འཇུག་པ་ཡིན། ཞིང་བྲན་གྱི་སྡོད་ཁང་རྒྱ་ཆུང་ལ་ཁྱིམ་ཆས་ཐབ་ཆགས་ཡིན་པ་ནི་ཐབ་ཚང་ཀ་གཅིག་མའམ། ཡང་ན་ཀ་གཅིག་གི་རྒྱ་ཁྱོན་ཡང་མ་ལོན་པའི་ནང་གཞོགས་གཅིག་ཏུ་ས་ཕག་དང་རྡོ་ལས་བཟོས་པའི་ཐབ་ཁ་བཙུགས་པ་དང་། གཞོགས་གཞན་ཞིག་ཏུ་པགས་གདན་ནམ་ཀོ་འབོལ་དང་རྩྭ་འབོལ། ཡང་ན་ར་ལྤགས་ལ་སོགས་པའི་པགས་རིགས་ཀྱི་གདན་འདིང་བ་ཡིན། གདན་དེ་རིགས་ཀྱིས་ཁྱིམ་མིའི་ཉིན་མོའི་སྡོད་གདན་དང་མཚན་མོའི་ཉལ་གདན་གཉིས་ཀར་གོ་སྤྱོད་པ་ཡིན། ཐབ་ཚང་གི་དབུས་སུ་ཀ་བ་ཡོད་ཚེ་ཀ་འགྲམ་ལྟ་བུར་ཤིང་ལྕོག་ཐོག་ཇ་ཕོར་ལ་སོགས་པའི་ལྟོ་སྣོད་ཆུང་ཙག་འཇོག་པ་དང་། ཁང་པའི་གཞོགས་གཞན་ཞིག་ཏུ་བང་ཁྲི་བརྒྱབ་པའི་ཐོག་ལྟོ་སྣོད་སྣ་ཚོགས་དང་དེ་མིན་འཚོ་བའི་མཁོ་ཆས་ཙག་ཙིག་རིགས་འཇོག་པ་ཡིན། ད་དུང་ཁང་པ་གཞན་ཞིག་ཡོད་ཚེ་དེའི་ནང་རྩམ་པ་གྲོ་ཞིབ་ལ་སོགས་པའི་བཟའ་འབྲུ་འཇོག་པ་དང་སོ་སོའི་ཆ་རྐྱེན་ལ་གཞིགས་པའི་མཆོད་གཤོམ་རྒྱས་བསྡུས་གང་འགྲུབ་བསྒྲིགས་པ། ཁང་པའི་ཀ་གདུང་ངམ་རྒྱུག་གདང་ཐོག་སྒྱེ་ཕྱར་དང་ཐག་ཐིག་སོགས་འགེལ་བ་ཡིན།

   འབྲོག་ཁུལ་དུ་མི་ཚང་མ་སྦྲ་གུར་ནང་སྡོད་ཅིང་། སྦྲ་གུར་ཞེས་པ་ནི་གུར་གྱི་རིགས་ཤིག་ཡིན་པ་སྟེ། དེ་ཡང་གནག་ཕྱུགས་ཀྱི་སྤུ་རྩེད་ལས་བཏགས་པའི་གུར་ཡིན། དེའི་བཟོ་དབྱིབས་ནི་གྲུ་བཞི་ནར་མོའི་དབྱིབས་ཡོད་ལ་ཟུར་བརྒྱད་ལྟ་བུའི་དབྱིབས་ཀྱང་ཡོད། གུང་དཀྱིལ་དུ་གནམ་མཐོངས་ཡོད་པ་ནི་དུ་ཁུང་དང་རླུང་འགྲོ་བར་གོ་ཆོད། གུར་གྱི་མཐའ་འཁོར་དུ་ལ་མག་གམ་ལྕི་བའི་རགས་སྐྱོར་བརྩིགས་ཡོད་པ་དེས་ལྷགས་སྐྱོར་གྱི་ནུས་པ་ཐོན། སྦྲ་གུར་གྱི་ཕྱོགས་མཐར་གུར་ཐག་བཏགས་པའི་ཕུར་པ་བརྒྱབ་ཡོད། སྦྲ་གུར་གྱི་སྒོ་ཕྱོགས་ཧ་ལམ་ཚང་མ་ལྷོ་ལ་གཏད་ཡོད་པ་ནི་ཉི་མ་དྲོ་བའི་ཁྱད་ཡིན། སྦྲ་གུར་གྱི་ཉེ་འགྲམ་དུ་གླ་ཕུར་ལ་ཁྱི་ཤིན་ཏུ་ཆེ་བ་ཞིག་འདོགས་པ་ཡིན། སྦྲ་གུར་གྱི་ནང་དབུས་སུ་སྒྱིད་པུ་པུས་གསུམ་གྱི་ཐབ་ཁ་བཟོས་ཡོད་པའི་ཐོག་ཏུ་ཇ་དང་འོ་མ་ལ་སོགས་བསྐོལ་བ་དང་ཐབ་འགྲམ་དུ་སྡོད་ཉལ་ཉིས་སྤྱོད་ཀྱི་གདན་བཏིང་ཡོད་པ། སྦྲ་གུར་གྱི་སྒོ་ནང་དུ་ཆུ་ཟོམ་དང་འོ་མ་དཀྲོག་བྱེད་ཀྱི་རྒྱ་མདོང་ཟོ་ལག་ལ་སོགས་འཇོག་པ་ཡིན། སྦྲ་གུར་གྱི་མཐོངས་སུ་ཤ་དང་ཕྱུར་སྐམ་ལ་སོགས་འགེལ་བ་བཅས་སོ། །འབྲོག་པའི་སྡོད་གནས་ཐད་གྲལ་རིམ་གྱི་དབྱེ་ཁྱད་ཆེན་པོ་མེད་པ་སྟེ། དབུལ་ཕྱུགས་དབར་སྦྲ་གུར་ཆེ་ཆུང་དང་མང་ཉུང་། ནང་ཆས་ཀྱི་སྤུས་ཚད་ལེགས་ཉེས་བཅས་ཀྱི་ཁྱད་པར་ཙམ་ལས་ཚང་མ་སྦྲ་གུར་ནང་སྡོད་པ་ཡིན། དབུལ་ཕྱུག་དབར་གྱི་དབྱེ་ཁྱད་ཆེ་བ་ནི་ཕྱུགས་ཟོག སེམས་ཅན་ལ་སོགས་པའི་ཐོན་སྐྱེད་རྒྱུ་ཆས་ཀྱི་དབང་ཚད་མང་ཉུང་ཐད་ནས་མཚོན།

  སྐུ་དྲག་ཆེ་གྲས་ཀྱི་སྡོད་གནས་དང་སྒྲིག་ཆས་ནི་རྒྱས་སྤྲོས་ཤིན་ཏུ་ཆེ་བ་དཔེར་ན། ཞིང་ཁུལ་དུ་སྡེ་དཔོན་གཞིས་ཤག་འགར་ཐོག་རྩེག་དགུ་ལྡན་གྱི་ཁང་ཆེན་དང་དེ་འཁོར་དུ་ཤིན་ཏུ་མཐོ་བའི་ལྕགས་རི་དང་། ལྕགས་རིའི་འཁོར་དུ་མཁར་སྲུང་འོབས་ཆུ། དེའི་མཐར་འཁོར་དུ་གླིང་ག་དང་སྤྲོ་ཁང་སོགས་ཡོད་པ་དང་། རྒྱལ་སྒོའི་རུ་བཞི་དང་ཁང་པའི་ཀ་གདུང་སོགས་ལ་ཤིང་དཀྲོལ་ལམ་སྦྱར་བརྐོས་སྣ་ཚོགས་ཀྱིས་བརྒྱན་པ་དང་། ནང་དུ་ཆ་སྒམ་དང་། མཆོད་གཤོམ། ལྕོག་ཙེ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།