བོད་ཀྱི་རྫ་ཆས་དང་དཀར་ཆས་སྐོར་གྱི་ངོ་སྤྲོད།

རྩོམ་པ་པོ།:abei ཡོང་ཁུངས།:ཀྲུངགོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། དུས་ཚོད།:2008-01-07 09:50:34 ཀློག་གྲངས།:

 རྫ་ས་བེད་སྤྱད་ནས་མེ་ལ་སྲེག་པའི་ཆས་དེ་རིགས་ལ་རྫ་ཆས་ཞེས་བརྗོད། དཀར་ཆས་ཞེས་པ་དེ་ནི། དཀར་ས་བེད་སྤྱད་ནས་མེ་ལ་སྲེག་པའི་རིགས་ལ་དཀར་ཆས་ཞེས་བརྗོད།

 རྫ་དཀར་ཞེས་པ་དེ་ནི་རྫ་ཆས་དང་དཀར་ཆས་ཀྱི་སྤྱིའི་མིང་ཡིན།

 རྫ་ས་དང་དཀར་ས་དེ་ཉིད་ངོ་བོ་མི་འདྲ་བའི་ས་གཉིས་ཀྱི་རྒྱུ་ཆ་བེད་སྤྱད་དེ། རྒྱུ་ཆ་འབྲེལ་སྦྱོར་དང༌། བཟོ་ལྟ་ཐོན་སྐབས་སྐམ་པོར་མེ་ལ་སྲེག་པ་དེ་རིགས་ཀྱི་བཟོ་རྩལ་ཁྱད་ཆོས་ལྡན་པའི་རྫ་ཆས་ལ་རྫ་དཀར་ཞེས་བརྗོད། དུས་ཐོག་མ་ལོ་ངོ་ཆིག་ཁྲིའི་གོང་གི་རྡོ་ཆས་གསར་པའི་དུས་རབས་ལ་ང་ཚོའི་མེས་པོས་གསར་རྙེད་བྱུང་བ་ནས་བཟུང་རྫ་ཆས་དེ་རིགས་བེད་སྤྱོད་བྱེད་ཡུལ་རྒྱ་ཆེ་ཞིག་ཅང་ཤིའི་ཡི་ལོ་ངོཁྲི་སོང་བའི་ལྷ་ལྡན་བྲག་ཕུག་རྗེས་ཤུལ་རྐོ་འཚོལ་བྱས་པའི་རྫ་ཆས་དེ་རིགས་ནི་ཚན་རིག་གི་ཐོག་ནས་བརྟག་དཔྱད་བྱས་པ་བརྒྱུད་ཕལ་ཆེར་ལོ་ངོ་༨༨༠༠གོང་གི་ཤུལ་བཞག་དངོས་རྫས་ཤིག་རེད་འདུག་པས་དེ་ནི་རང་རྒྱལ་གྱི་རྫ་ཆསལོ་རྒྱུས་ཐོག་གསར་རྙེད་བྱུང་བ་སྔ་ཤོས་ཀྱི་རྫ་ཆས་ཤིག་རེད་འདུག ཐོག་གསར་རྙེདབྱུང་བ་སྔ་ཤོས་གྱི་རྫ་ཆསཤིག་རེད། 

   དཀར་ཆས་ཀྱི་རིགས་མཐའ་དག་ནི་ཧྲང་ཀྲའུ་ཡི་དུས་ལ་གསར་གཏོད་བྱས་པ་ཞིག་རེད་འདུག་པས་ད་བར་ལོ་ངོ་བཞི་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།  བོད་ཀྱི་རྫ་ཆས་ཁོ་ནར་དཔེ་མཚོན་ན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མི་ཉུང་བ་ཞིག་ལྡན་ཡོད། དཔེར་ན། མཆོད་ཀོང་གི་བཟོ་ནི་པགས་སློག་གྱོན་པའིཧོར་མི་འདྲ། ཁོག་སྡིར་དང༌། རྫ་མ། མེ་ཕོར་སོགས་ཀྱི་ཁ་ཞེང་དང་མཐིལ་ཞེང་མཐོ་དམན་བཅས་འོས་ཤིང་འཚམ་པས་འདྲ་མི་ཆགས་པའི་སྣང་བ་མི་འཆར་བ་མ་ཟད་ཨུ་ཚུགས་ཀྱིས་མཛེས་བཅོས་དང་དགོས་མེད་ཀྱི་རྒྱས་སྤྲོས་དང་བྲལ་ནས་རང་བཞིན་ལྷུན་པོར་གནས་པ་དེ་བོད་རིགས་རང་གཤིས་ཀྱི་བཟོ་རྩལ་མཚོན་བྱེད་ཅིག་ཡིན། རྫ་ཆས་དང་དཀར་ཆས་ལས་གྲུབ་པའི་སྣོད་ཆས་དེ་ཚོ་གང་སྤྱད་གོ་ཆོད་ཡིན་པ་དེའང་ཁྱད་ཆོས་ཤིག་ཡིན། གང་སྤྱད་གོ་ཆོད་ཀྱི་ཐོག་ནས་ཡུལ་ལུང་སོ་སོའི་ལུགས་སྲོལ་དང་གོམས་གཤིས་ཐད་ཀར་མཚོན་གྱི་ཡོད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།