མིག་རྒྱུགས་ཚུལ་ལ་རྟགས་པ།

རྩོམ་པ་པོ།:འབལ་གཞུང་ཁྱུང་ཐར་རྒྱལ། ཡོང་ཁུངས།:བོད་ཀྱི་དྲ་བ། དུས་ཚོད།:2008-01-07 09:16:08 ཀློག་གྲངས།:

  ང་ཚོ་རང་གི་ཡ་ཐོད་དུ་འཇིག་རྟེན་གྱི་བྱ་དངོས་མཐའ་དག་འདྲེན་པར་བྱེད་པའི་པའི་མེ་ལོང་ཞིག་ཡོད་པ་དེར་ང་ཚོ་གདོད་མ་ནས་མིག་ཅེས་ཐ་སྙད་བྱེད།  ང་ཚོས་རང་གི་མིག་རྒཡུགས་པ་ཞེས་པ་ནི།  མིག་གཉིས་ཀྱི་སྟེང་འོག་དང་གཡས་གཡོན་ཅི་རིསག་སུ་ལན་རེར་ཤ་འགུལ་རྒྱུགས་པ་ལྟ་བུའི་ཚོར་བ་མི་བདེ་བ་དེ་ལ་ཟེར།

  ས་ཁུལ་མང་པོ་ཞིག་གིས་མིག་རྒྱུགས་པའམ་མི་རྒྱུ་བ་ནི“མི་ཤི་བའི་སྐད་ཆ་གོ་བའི”སྔ་ལྟས་ཁོ་ནར་བྱེད་ནའང་།  ཡུལ་གྲུ་ལ་ལ་ཞིག་ན་མིག་རྒྱུགས་ཚུལ་ལའང་ཞིབ་རྒྱས་ཀྱི་རྣམ་བཞག་བྱས་ནས་བརྟག་བཞིན་ཡོད།  གཡས་མིག 1.ཟས་ནོར་གྱི་ངོ་། 2.བཟང་ངོ་།  3.རང་བཞིན།  4.ཁ་མཆུ་དང་འཁྲུག་པ།  5.ཅི་སམ་འགྲུབ།  6.རང་བཞིན།  གཡོན་མིག  1.རང་བཞིན།  2.སྡུག་བསྔལ་འབྱུང་།  3.ཅི་བསམ་འགྲུབ།  4.ཟས་ནོར་འབྱུང་ཞིང་དོན་འགྲུབ།  5.རང་བཞིན།  6.བོར་སྟོར་དང་ཟི་ཆད་ཡོང་།

  འདིར་བསྟན་པའི་མིག་རྒྱུགས་ཚུལ་མིག་གཡས་པའི་ཨང་ཀི6དང3གཉིས་དང་མིག་གཡོན་པའི་ཨང་ཀི1དང5གཉིས་བཅས་བཞི་བོ་འདི་ལ་ལེགས་ཉེས་བརྟག་རྒྱུ་མེད་དེ་རང་བཞིན་ཡིན་ཞིང་།  མི་གཡས་པའ་ཨང་ཀི5དང་གཡོན་པའི་ཨང་ཀི3གཉིས་ཅི་བསམ་འགྲུབ་པས་བཟང་བ་ཡིན།  མིག་གཡས་པའི་ཨང་ཀི1དང་གཡོན་པའི4གཉིས་ཟས་ནོར་འབྱུང་བའི་སྔ་ལྟས་ཡིན་པས་བཟང་ལ།  གཞན་དག་ག་བརྟག་ཚུལ་ཕན་ཚུན་མི་འདྲ་བ་ཡིན་ཏེ།  དཔེར་ན།  མིག་གཡས་པར་མཚོན་ན།  4ཁ་མཆུ་དང་འཁྲུག་པ་འབྱུང་བ་དང་མིག་གཡོན་པའི2སྡུག་བསྔལ་དང6བོར་སྟོར་དང་ཤི་ཆད་འབྱུང་བའི་སྔ་ལྟས་བཅས་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།